སྐྱེ་ཁམས་ཕྱུགས་རར་བརྟེན་ཏེ་འབྲོག་པའི་ཡོང་འབབ་ཇེ་མཐོར་ཕྱིན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་རྫོང་ཧེ་རིགས་རང་སྐྱོང་རྫོང་བསོད་སྐྱིད་ཐང་ཡུལ་ཚོ་བསོད་སྐྱིད་ཁུག་སྡེ་བའི་མདོ་ལ་རི་བོ་སྐྱེ་ཁམས་ཕྱུགས་ར་ཁང་གིས་ཁྱད་ལྡན་གྱི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ཏེ། སྐྱེ་ཁམས་ཡུལ་སྐོར་དང་དམངས་སྲོལ་ཉམས་ལེན། མཐོ་སྒང་གི་གསོ་སྤེལ་སོགས་ཞིང་ཕྱུགས་ལས་རིགས་མཉམ་འདྲེས་ཀྱི་གླིང་ཁུལ་ཧུར་བརྩོན་སྒོས་གསར་སྐྲུན་དང་། “རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར། ཁྱད་ལྡན་ཕྱུགས་ལས་འཕེལ་རྒྱས། སྐྱེ་ཁམས་ཕྱུགས་ར་འཛུགས་སྐྲུན། འབྲོག་པའི་ཡོང་འབབ་མཐོ་རུ་གཏོང་བའི”འདུ་ཤེས་གཞིར་བཟུང་སྟེ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་།

རྒྱུས་ལོན་པ་ལྟར་ན། མདོ་ལ་རི་བོ་སྐྱེ་ཁམས་ཕྱུགས་ར་ནས་ལོ་གཅིག་ལ་འགྲུལ་པ་ཁྲི9སྣེ་ལེན་བྱས་ཤིང་། ཕྱུགས་རའི་མཐའ་འཁོར་གྱི་གསོ་སྤེལ་ཁྱིམ་ཚང་དང་ཞིང་པ་ཁྱིམ་ཚང200ལྷག་སྐྱེ་ཁམས་ཕྱུགས་རའི་ལས་ཀའི་ཁྲོད་ཞུགས་ནས།ལོ་རེར་ཁྱིམ་ཚང་གི་ཡོང་འབབ་ཆ་སྙོམས་སྒོས་སྒོར་ཁྲི4ཡི་ཇེ་མཐོར་ཕྱིན་པ་དང་དབུལ་ཕོངས་མི300ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད།

མདོ་ལ་རི་བོ་སྐྱེ་ཁམས་ཕྱུགས་རའི་ཟུར་ཞིག

སྐྱེ་ཁམས་ཕྱུགས་རའི་ལས་བཟོ་པ་གཉིས་ཡུལ་སྐོར་པའི་སྦྲ་གུར་མགྲོན་ཁང་དུ་གཙང་སྤྲ་བྱེད་དུ་ཆས་བཞིན་པའི་ཚུལ།

སྐྱེ་ཁམས་ཕྱུགས་རའི་ལས་བཟོ་པ་ཞིག་གིས་སྦྲ་གུར་མགྲོན་ཁང་དུ་གཙང་སྤྲ་བྱེད་བཞིན་པའི་ཚུལ།

མདོ་ལ་རི་བོ་སྐྱེ་ཁམས་ཕྱུགས་རའི་ཟུར་ཞིག

ལོ་ཙཱ་བ། ལྷ་ཆེན་རྒྱལ།