སྐབས་ལྔ་བའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་པའི་ལས་གཏོད་འགྲན་སྡུར་གྱི་བསྐྱར་འགྲན་རིམ་པ་བདེ་བླག་སྒོས་སྤེལ་བ།

ཟླ6ཚེས29ཉིན། སྐབས་ལྔ་བའི“འགྲིམ་འགྲུལ་དངུལ་ཁང་བུམ་པ”རྟགས་མའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་ལས་གཏོད་འགྲན་སྡུར་གྱི་བསྐྱར་འགྲན་རིམ་པ་དེ་མཚོ་སྔོན་ལས་གཏོད་བར་སྟོང་དང་ཟི་ལིང་གྲོང་ཁྱེར་ལས་གཏོད་རྟེན་གཞི། མཁར་བྱང་ས་ཁུལ་གྱི་ལས་གཏོད་ཐོག་ཁང་ཆེན་མོ་སོགས་ས་ཁུལ་དག་དུ་ཆབས་ཅིག་ལ་མཛད་སྒོའི་སྒོ་གླེགས་ཡོངས་སུ་ཕྱེས།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ6ཚེས29ཉིན། སྐབས་ལྔ་བའི“འགྲིམ་འགྲུལ་དངུལ་ཁང་བུམ་པ”རྟགས་ཅན་གྱི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་ལས་གཏོད་འགྲན་སྡུར་གྱི་བསྐྱར་འགྲན་རིམ་པ་དེ་མཚོ་སྔོན་ལས་གཏོད་བར་སྟོང་དང་ཟི་ལིང་གྲོང་ཁྱེར་ལས་གཏོད་རྟེན་གཞི། མཁར་བྱང་ས་ཁུལ་གྱི་ལས་གཏོད་ཐོག་ཁང་ཆེན་མོ་སོགས་ས་ཁུལ་དག་དུ་ཆབས་ཅིག་ལ་མཛད་སྒོའི་སྒོ་གླེགས་ཡོངས་སུ་ཕྱེས།

ཐེངས་འདིའི་བསྐྱར་འགྲན་དུས་ཡུན་ནི་ཉིན3ཡིན་ལ། འགྲན་སྡུར་ལས་དོན་སྤེལ་སའི་བྱ་འགུལ་ཡུལ་དངོས་མི་འདྲ་བ5ཡོད། བསྐྱར་འགྲན་ལ་ཟབ་ཞུགས་བྱས་པའི་ལས་གཏོད་རྣམ་གྲངས135ལྷག་ཚང་མ་ནི་ཐོག་མའི་འགྲན་སྡུར་ལས་འབུར་དུ་ཐོན་པའི་རྩེ་གྲས་ཀྱི་སྐོར་ཡིན་ལ། ལས་གཏོད་ལས་གཞི་མང་ཤོས་ཀྱིས“ཤེས་འཇོན་གྱི་གྲོང་ཁྱེར”དང“བདེ་ཐང་གི་རྒན་གསོ། ”“རིག་གནས་དང་ཡུལ་སྐོར། ”“གྲོན་ནུས་ཁོར་སྲུང”སོགས་ཀྱི་ཐོན་ལས་ཁ་ཕྱོགས་བརྗོད་དོན་གཙོ་བོར་བཟུང་ནས། དུས་རབས་གསར་བ་དང་ཐོན་ལས་གསར་བ། གསོན་ཤུགས་གསར་བ་བཅས་ཀྱི་མཁའ་དབུགས་གསར་བ་མངོན་དུ་ཐོན་པར་བྱས་འདུག འགྲན་སྡུར་གྱིས“” “10+5”ཡི་ཕན་ཚུན་དྲིས་ལན་འདེབས་པའི་འགྲན་སྡུར་གྱི་རྣམ་པ་སྤྱད་ཡོད། འགྲན་ཁུལ་མི་འདྲ་བ་རེ་རེ་ལ་དཔྱད་འཇོག་ཆེད་མཁས་མི་སྣ5རེ་བཀོད་སྒྲིག་བྱས་ཤིང་། དཔྱད་འཇོག་ཆེད་མཁས་པ་དག་ནི་གཙོ་བོ་ལག་རྩལ་སོ་སོའི་ཁྱབ་ཁོངས་ཀྱི་ཁེ་ལས་པ་དང་མ་རྩ་གཏོང་མཁན་མི་སྣས་གྲུབ་ཡོད། གཙོ་བོ་ལས་གཏོད་ལས་གཞིའི་གསར་གཏོད་རང་བཞིན་དང་གཉོམ་ལག་རྒྱས་པའི་ཚད། ཁྲོམ་རའི་ཕྱིར་འཚོང་། ཚོ་དཔུང་གི་ཕྱོགས་བསྡུས་ནུས་པ་སོགས་ཀྱི་དམིགས་ཚད་ལ་རྟོག་ཞིབ་བྱས་ཡོད། མཇུག་མཐར་གཞི་རྩའི་འགྲན་སྡུར་ཆེན་མོ་དེ་ལག་བསྟར་བྱེད་པའི་ཇུས་གཞི་ལས་བསྐྱར་འགྲན་རིམ་པར་ཟབ་ཞུགས་བྱས་ཆོག་པའི་ཁེ་ལས་པ་དང་རྩ་འཛུགས་མི་འདྲ་བ14བདམས་ཐོན་བྱུང་དུ་བཅུག་ཡོད།

འགྲན་སྡུར་ཚོ་ཆུང་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་མི་སྣའི་ངོ་སྤྲོད་ལྟར་ན། ཐེངས་འདིའི་འགྲན་སྡུར་གྱིས་ལས་གཏོད་ལས་ཞུགས་བྱ་བའི་རིག་གནས་ཀྱི་སྙིང་སྟོབས་དར་སྤེལ་དང་ན་གཞོན་སློབ་ཆེན་པའི་ལས་གཏོད་འདུ་ཤེས་གསབ་སྦྱོང་། ལས་གཏོད་སྙིང་སྟོབས་དར་སྤེལ་བཅས་ཀྱིས་ཕུལ་དུ་བྱུང་བའི་ལས་གཏོད་ཚོགས་པ་དང་ཕུལ་བྱུང་ལས་གཏོད་ལས་གཞི་སྐོར་ཞིག་སྔོག་འདོན་བྱས་ནས། ཐོན་ལས་གསར་བའི་གསབ་སྦྱོང་ལ་ཤུགས་ཆེན་པོས་སྐུལ་འདེད་དང་བརྗོད་དོན་གསར་བ་ཆེས་ཆེར་གཏོང་བ་ནས་རྣམ་གཞག་གསར་བའི་ངར་ཤུགས་སློང་བ། ལས་ཞུགས་གསར་བ་ལ་སྣེ་ཁྲིད་བཅས་ཀྱིས་ཞིང་ཆེན་ཡོངས་སུ་གཉིས་ཕན་ལས་གཏོད“རིམ་འཕར་ཅན”ཞིག་གསར་སྐྲུན་བྱས་ཡོད།

བསྐྱར་འགྲན་གྱི་ཡུལ་དངོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།