ཟི་ལིང་ནས་ཁྲིན་ཏུའུ་བར་སྒུལ་ཤུགས་མེ་འཁོར་ཐད་གཏོང་བྱས་ཏེ་ལམ་ཐག་ཧྲིལ་པོར་ཆུ་ཚོད9དང་སྐར་མ55ལས་མི་དགོས་པ་བཟོས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་ལྕགས་ལམ་ཁྲིན་ཏུའུ་ཅུའུ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་གཞུང་ཕྱོགས་པོད་འཕྲིན་ལས་རྒྱུས་ལོན་པ་ལྟར་ན། ཟླ7པའི་ཚེས10ཉིན་ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་གྱིས་མེ་འཁོར་འཁོར་སྐྱོད་ཀྱི་ལམ་རིས་གསར་པ་ལག་བསྟར་བྱས་ཏེ། ཁྲིན་ཏུའུ་ཅུའུ་ཡིས་སྒུལ་ཤུགས་མེ་འཁོར་མཚོ་སྔོན་ཕྱོགས་སུ་ཐོག་མར་ཐད་གཏོང་བྱ་རྒྱུར་འཆར་འགོད་བཟོས་ནས། ཁྲིན་ཏུའུ་ཤར་ཕྱོགས་ནས་ཟི་ལིང་བར་ལ་སྒུལ་ཤུགས་མེ་འཁོར་ཆ་གཅིག་གསར་སྣོན་བྱ་རྒྱུ་ཡིན་ཞིང་། མེ་འཁོར་བགྲོད་ཐེངསD7685 དངD7667ཡིན། སྒུལ་ཤུགས་མེ་འཁོར་རིགསCR200Jསྤྱད་ནས་ཁྲིན་ཏུའུ་དང་ཟི་ལིང་བར་ལ་ལམ་ཐག་ཧྲིལ་པོར་དུས་ཚོད9དང་སྐར55ལས་མི་དགོས་པ་བཟོས། གཞན་ཁྲུང་ཆིན་བྱང་ཕྱོགས་ནས་ལན་ཀྲུའུ་བར་ལ་ཡང་སྒུལ་ཤུགས་མེ་འཁོར་ཆ་གཅིག་ཁ་སྣོན་བྱས་ཤིང་། མེ་འཁོར་བགྲོད་ཐེངསD7556དང་སྒུལ་ཤུགས་མེ་འཁོར་རིགསCR200Jཡིན་ལ། ལམ་ཐག་ཧྲིལ་པོར་དུས་ཚོད6དང་སྐར43གྱིས་དམིགས་འབེན་ས་ཚིགས་ལ་ཐོན་ཐུབ་པ་རེད།

ད་སྔར། 12306དྲ་ཚིགས་ནས་འབྲེལ་ཡོད་ཀྱི་མེ་འཁོར་ཐེངས་གྲངས་དང་པཱ་སེ་ཆ་འཕྲིན་གནས་སྐབས་སུ་འཚོལ་ཞིབ་བྱེད་མི་ཐུབ། ཐེངས་འདིའི་ཁྲིན་ཏུའུ་ནས་ཟི་ལིང་བར་གྱི་སྒུལ་ཤུགས་མེ་འཁོརCR200Jཚན་ཁག་གི་མིང་ལ་གཞུང་ཕྱོགས་ནས“གྱད་མི་ལྗང་གུ”ཞེས་འབོད། ཆེས་མགྱོགས་པའི་མྱུར་ཚད་དུས་ཚོད་རེར་སྤྱི་ལེ160ཡིན་པ་རེད།

རྒྱུས་ལོན་པ་ལྟར་ན། ཟླ7པའི་ཚེས10ཉིན་བཟུང་ཟི་ལིང་ནས་ཁྲིན་ཏུའུ་ཕྱོགས་ཀྱིCR200Jསྒུལ་ཤུགས་མེ་འཁོར་ཤར་གཏོང་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།