ཁོ་ལེ་ཡིས་ཕོ་བའི་རྡོ་སྐྲན་ཞུ་ཐུབ།

ཁྲང་ཧྲ་རུ་དགུང་ལོ79ལ་སླེབས་པའི་བགྲེས་པོ་ཞིག་ཡོད་པ་དེའི་ལུས་པོ་ཧ་ཅང་བདེ་ཐང་ཡིན།ད་ལོའི་ཟླ་དང་པོའི་ཚེས22ཉིན་བགྲེས་པོ་དེས་ཨ་མྲའི་གོ་སྲབ་མང་པོ་ཟོས་རྗེས་གློ་བུར་དུ་གྲོད་ཁོག་ལ་ན་ཟུག་ཚད་མེད་སྐྱེས་པས། ཁྱིམ་མིས་མགྱོགས་མྱུར་ངང་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱས། སྨན་པས་ནད་པར་བརྟག་དཔྱད་བྱས་པ་བརྒྱུད། བགྲེས་པོ་ལ་ཕོ་བའི་རྡོ་སྐྲན་ཕོག་ཡོད་པ་ངོས་འཛིན་བྱས། སྨན་པས་བགྲེས་པོ་ལ་ཕོ་ཤེལ་སྤྱད་ནས་རྡོ་ལེན་པ་ལས་གཞན་ད་དུང་རྒྱུན་དུ་ཁོ་ལེ(བྻཱུཙླྀ)བཏུངས་ནའང་ཕན་ཐོགས་ཆེན་པོ་འབྱུང་བར་བཤད།

སྨན་པས་མཚམས་སྦྱོར་བྱས་པ་ལྟར་ན། རྒྱུན་ལྡན་གྱི་ཕོ་བའི་རྡོ་སྐྲན་ནི་ཕོ་ཤེལ་བརྒྱུད་ནས་རྡོ་འདོན་གྱིན་ཡོད་མོད། ཡིན་ཡང་བགྲེས་པོ་དེའི་ཕོ་བའི་རྡོ་སྐྲན་ནི་དབྱིབས་ཆེ་ཞིང་མཁྲེགས་པོ་ཡིན་པས། ཕོ་ཤེལ་བརྒྱུད་ནས་རྡོ་ཆ་ཤས་ལས་ཡོད་ཚད་ཕྱིར་འདོན་མི་ཐུབ། རྗེས་སུ་སྨན་པས་དམིགས་བསལ་གྱི་སྨན་སྦྱོར་ལ་བརྟེན་ནས་ནད་པར་བསྟུད་མར་ཉིན་གསུམ་གྱི་དུས་ཡུན་ནང་ཉིན་རེའི་དགོང་མོ་སྟེ་མ་གཉིད་གོང་ཁོ་ལེ་དམ་བུ་གང་རེ་འཐུང་དུ་བཅུག་པས་ཕོ་བའི་ནང་གི་རྡོ་སྐྲན་མཐོང་རྒྱུ་མེད་པར་གྱུར། ཁོ་ལེ་ནི་བུལ་ཅན་ཐཱན་སྐྱུར་སྐོམ་ཆུ་ཡིན་པས་ཕོ་སྐྱུར་སྙོམས་པར་བྱེད་སྲིད་པ་དང་། ཕོ་བའི་ནང་གི་རྡོ་སྐྲན་སྙི་མོ་ཇེ་ཆུང་དུ་བཏང་ནས་ཕོ་གཞུག་བརྒྱུད་དེ་མེད་པར་བཟོ་བཞིན་ཡོད།།