མཚོ་སྔོན་གྱི་ལམ་འདི་དག་གི་སྟེང་ལ་རི་ཉུལ་བ་དང་འདམ་རྡོའི་ཆུ་རུད་ཐོན་ནས་ལམ་ངོས་བཅད་ཡོད་པ།

ཉེ་ཆར། མཚོ་སྔོན་མངའ་ཁོངས་ཀྱི་ས་ཁུལ་ཁག་གཅིག་ལ་བསྟུད་མར་དྲག་ཆར་བབས་ནས་བགྲོད་ལམ་སྟེང་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད་ཐོན་པ། ལམ་ཁུར་བ་སོགས་ཀྱི་ཉེན་ཁའི་གནས་ཚུལ་ཐོན་ཡོད། གསར་འགོད་པས་ཞིང་ཆེན་ལམ་སྲིད་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ6པའི་ཚེས25ཉིན། ཡུལ་ཤུལ་ནས་ཟི་ལིང་ཕྱོགས་སུ་བསྐྱོད་པའི་ཆིང་ཀེན་ཧོ་ཕུག་ལམ་དུ་འདམ་རྡོའི་ཆུ་རུད་ཐོན་ནས་གཞུང་ལམ་ངོས་བཅད་དེ། མི་ལ་རྨས་སྐྱོན་བཟོས་ཡོད་པ་དང་། རླངས་འཁོར་འགྲོ་ཐབས་བྲལ་བ་བཅས་བཟོས་འདུག མཚོ་ལྷོ་མྱུར་བགྲོད་ལམ་སྲིད་ཡན་ལག་རུ་ཁག་གིས་འཕྲལ་མར་ལམ་སྲིད་མི་སྣ་བཀོད་སྒྲིག་བྱས་ཏེ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཏེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་དང་མཉམ་འབྲེལ་གྱིས་དོན་རྐྱེན་འབྱུང་ཡུལ་དུ་བསྐྱོད་དེ། ཧུར་ཐག་གིས་ཉེན་ཁའི་གནས་ཚུལ་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་ནས་ཉེན་སེལ་ཤར་གཏོང་གི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཡོད་པ་རེད། བདག་སྐྱོང་ལས་སྒྲུབ་འཕྲུལ་ཆས་ལ་བརྟེན་ནས་གཙང་བཤེར་ལས་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞུང་ལམ་གྱི་ལམ་ངོས་ཀྱི་འདམ་རྡོའི་ཆུ་རུད་ནུས་ཤུགས་ཡོད་རྒུས་གཙང་སེལ་བྱས་པ་དང་། ཡུལ་དངོས་ཀྱི་མི་ཤུགས་སྤྱད་དེ་འཕྲུལ་ཆས་ཀྱིས་གཙང་སེལ་བྱེད་ཐབས་བྲལ་བའི་འདམ་སྙིགས་དང་རྡོ་ཧྲུག་གཙང་སེལ་བྱེད་པའི་ནང་ཞུགས་ཏེ། སྐར་མ24ཡི་རྗེས་སུ་ལམ་ངོས་ཕྱེད་ཀ་མྱུར་བཟོ་བྱས་ནས་དུས་བགོས་ཀྱིས་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་བཅས་བྱས་ཏེ། ལམ་སྲིད་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་སོགས་འགོག་རྐྱེན་ཕོག་པའི་གཞུང་ལམ་ཕྱེད་ཀ་ཤར་གཏོང་ཐུབ་པར་འགན་ལེན་བྱས་པ་རེད།

ཟླ6པའི་ཚེས26ཉིན་གྱི་སྔ་དྲོར། G338བྲག་དཀར་ནས་ཐེམ་ཆེན་གཞུང་ལམ་གྱིK140+100-200བར་དུ་རི་ཉིལ་བ་དང་། གནས་སྐབས་སུ་འགྲིམ་འགྲུལ་བགྲོད་མཚམས་ཆད་ནས། རླངས་འཁོར་རྒྱུན་གཏན་ལྟར་འགྲོ་སྐྱོད་བྱེད་ཐབས་བྲལ་བ་རེད། འཇུ་ལག་ལམ་སྲིད་རུ་ཆེན་གྱིས་ཤར་བགྲོད་ཐུབ་པའི་འཕྲལ་སྡོམ་སྔོན་ཇུས་འཕྲལ་མར་ལག་ལེན་བསྟར་བ་དང་། ཡུལ་དངོས་སུ་འབྱོར་རྗེས་འཕྲལ་དུ་རི་ཉིལ་བའི་མཐའ་འཁོར་དུ་ཉེན་བརྡའི་མཚོན་རྟགས་བཙུགས་པར་མ་ཟད། འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་དང་གཞོགས་འདེགས་བྱས་ནས། འགྲིམ་འགྲུལ་ལ་ཁྲིད་སྟོན་བྱས་ཏེ་བདག་སྐྱོང་སྡེ་ཁག་གི་ཡུལ་དངོས་ཀྱི་ལས་ཀའི་སྒྲིག་ལམ་སྲུང་སྐྱོང་དང་ཉེན་སེལ་ཤར་བགྲོད་ཐུབ་པའི་ལས་དོན་སྤེལ་བ་དང་ཆབས་ཅིག་ལམ་གྱི་ཆ་འཕྲིན་གོང་ཞུ་བྱས་ནས། སྐད་འཕྲིན་དང་པོད་འཕྲིན་སོགས་ཀྱི་བྱེད་ཐབས་བརྒྱུད། སྤྱི་ཚོགས་ལ་འགྲོ་ལམ་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་རེད། སྡེ་ཁག་མང་པོས་གཞོགས་འདེགས་དང་འབད་འཐབ་དམ་ཟབ་བྱས་པ་བརྒྱུད། ཉིན་གུང་ཆུ་ཚོད12དང་སྐར་མ30སྟེང་ལམ་ངོས་ཀྱི་རི་ཉིལ་བ་གཙང་སེལ་ཐུབ་ནས་གཞུང་ལམ་ཕྱེད་ཀ་ཤར་གཏོང་ཐུབ་ཡོད།