བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་ཐོག་མའི་འགྲན་སྡུར་གྱི་མཚོ་ལྷོ་འགྲན་ཁུལ་ལེགས་པར་གྲུབ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་ནི་ཨ་མདོ་བརྙན་འཕྲིན་དང་རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། རྨ་ལྷོ་ཁུལ་བརྙན་འཕྲིན་ཁང་། མཚོ་བྱང་ཁུལ་བརྙན་འཕྲིན་ཁང་། ཡུལ་ཤུལ་ཁུལ་བརྙན་འཕྲིན་ཁང་། མགོ་ལོག་ཁུལ་བརྙན་འཕྲིན་ཁང་། དཔའ་རིས་བོད་རིགས་རང་སྐྱོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་བརྙན་འཕྲིན་ལས་ཁུངས་བཅུས་མཉམ་དུ་སྒྲུབ་པ་ཡིན། སྤྱི་ཟླ ༦ པའི་ཚེས ༡༨ ཉིན་ཐེངས་འདིའི་འགྲན་སྡུར་གྱི་ཐོག་མའི་འགྲན་སྡུར་དེ་མཚོ་ལྷོ་འགྲན་ཁུལ་ནས་དངོས་སུ་མགོ་བརྩམས་ཏེ་ཛ་དྲག་ཆེ་བའི་འགྲན་སྡུར་རབ་དང་རིམ་པ་བརྒྱུད་མཐར་འགྲན་ཞུགས་པ་བརྒྱད་བསྐྱར་འགྲན་གྱི་ཁྲོད་ལ་ཚུད་ཐུབ་པ་བྱུང་ནས་འགྲན་སྡུར་བདེ་བླག་ངང་ཡོངས་སུ་མཇུག་སྒྲིལ།

མཚོ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམ་པ།

མཚོ་ལྷོ་འགྲན་ཁུལ་གྱི་མདོ་འཛིན་པ།

བསྐྱར་འགྲན་དུ་ཚུད་པའི་འགྲན་ཞུགས་པ།

བརྙན་ལེན་པ།

དམངས་གླུ་ནི་རང་རེའི་མེས་པོ་དག་གིས་འཛམ་གླིང་གི་ཡང་རྩེ་ནས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་སྤེལ་བའི་ལོ་རྒྱུས་ཀྱི་སྐད་ངག་ཡིན། དམངས་གླུ་ནི་ངེད་ཅག་བུ་རབས་ཚ་རྒྱུད་དག་དུས་རབས་ཀྱི་རྔམ་ཁ་ནས་མདུན་དུ་སྐུལ་བྱེད་ཀྱི་རིག་གནས་ཀྱི་ལམ་ཐིག་ཡིན། དམངས་གླུ་ནི་རང་རེའི་མེས་པོ་བཀའ་དྲིན་ཅན་དག་གིས་མི་རབས་ནས་མི་རབས་སུ་བཞག་པའི་རིག་གནས་ཀྱི་གན་མཛོད་ཡིན། དམངས་གླུ་ནི་རང་རེའི་བུ་རབས་བསོད་ནམས་ཅན་དག་གིས་བུ་རབས་ནས་བུ་རབས་སུ་སྤེལ་བྱའི་སྒྱུ་རྩལ་གྱི་ཉིང་བཅུད་ཡིན།

བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་འགྲན་ཁུལ་སོ་སོའི་ལམ་ཐིག