མཚོ་སྔོན་གྱི་ལྟ་སྐོར་ལྕགས་ཐག་དཔྱངས་ལམ་ཐོག་མ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ6པའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ནས་རྒྱུས་ལོན་པ་ལྟར་ན། སྤྱིའི་མ་དངུལ་སྒོར་དུང་ཕྱུར1བཏང་ནས་དུས་ཡུན་ལོ་གསུམ་ལ་འཛུགས་སྐྲུན་བྱས་པའི་མཚོ་སྔོན་ཧོར་གྲོང་བྱང་རིའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ལ་ལྟ་སྐོར་བྱེད་སའི་ལྕགས་ཐག་དཔྱངས་ལམ་ལེགས་འགྲུབ་བྱུང་ཞིང་། ད་སྔར་ཚོད་ལྟའི་བཀོལ་སྤྱོད་བྱེད་བཞིན་ཡོད། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ལྟ་སྐོར་ལྕགས་ཐག་དཔྱངས་ལམ་ཐོག་མ་ཡིན་པས། མཚོ་སྔོན་ལ་མཚོ་འཕང་མཐོ་ཤོས་ཀྱི་ལྟ་སྐོར་ལྕགས་ཐག་དཔྱངས་ལམ་མེད་པའི་སྟོང་ཆ་བསྐངས་པ་རེད།

ཧོར་གྲོང་བྱང་རིའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་ཧོར་གྲོང་རྫོང་གི་བྱང་ཤར་དུ་ཡོད་ཅིང་། མཚོ་འཕང་ལ་སྨི2100ནས4308ཡོད། སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ལྷམ་པ1127ཡོད། དེ་ནི་ཀྲུང་གོའི་མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་སའི་སྐྱེ་ཁམས་གསོ་སྐྱོང་རྟེན་གཞི་ཐོག་མའི་གྲས་ཀྱི་གཅིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ནགས་ཚལ་གནས་ལྗོངས་གཙོ་ཡིན་པའི་སྐྱེ་ཁམས་སྤྱི་གླིང་གཅིག་པུའང་ཡིན་པ་རེད།

རྒྱུས་ལོན་པ་ལྟར་ན། ལྟ་སྐོར་ལྕགས་ཐག་དཔྱངས་ལམ་གྱི་སྤྱིའི་རིང་ཚད་ལ་སྨི2564ཡོད་ཅིང་། ཆེས་ཆེ་བའི་གཟར་ཚད་ལ་སྨི750ཡོད། ལམ་རྒྱུད་དུ་དཔྱངས་སྒྲོམ20བཙུགས་པ་དང་ཆེས་མགྱོགས་པའི་མྱུར་ཚད་སྐར་ཆ་རེ་སྨི6རེ་བགྲོབ་ཐུབ། དཔྱང་སྒམ33བཀོད་སྒྲིག་བྱས་ཡོད་ལ། དུས་ཚོད་རེར་མི1000གིས་ལྟ་སྐོར་བྱེད་ཐུབ། དེ་མིན་སྐར་མ7གྱིས་ལྕགས་ཐག་དཔྱངས་ལམ་ལ་བསྡད་དེ་རི་སྡིངས་ལ་བསླེབ་ཐུབ་པ་རེད།

འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་ལྟར་ན། བྱང་རི་གནམ་མཚོའི་ལྕགས་ཐག་དཔྱངས་ལམ2016ལོའི་ཟླ5པའི་ཚེས6ཉིན་ནས་བཟུང་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། 2019ལོའི་ཟླ5པའི་ཚེས28ཉིན་བདེ་བླག་ངང་རྒྱལ་ཁབ་དཔྱད་ཞིབ་ལྟེ་གནས་དང་སྤུས་བཤེར་སྡེ་ཁག་གི་ཞིབ་བཤེར་རྩིས་ལེན་ཐོབ། ཟླ6པའི་ཚེས1ཉིན་ཚོད་ལྟའི་བཀོལ་སྤྱོད་བྱས་པ་ཡིན་ལ། ཟླ7པར་དངོས་སུ་བཀོལ་སྤྱོད་བྱ་རྒྱུ་ཡིན་ཟེར།

ལོ་ཙཱ་བ། ལྷ་ཆེན་རྒྱལ།