མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་མ་ལག་དང་ནུས་ཤུགས་འཛུགས་སྐྱོང་ཐད་ལ་ཤུགས་སྣོན་པའི་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན་སྤེལ〔2018〕ཨང150བ།

ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱི་ཡིག་ཆ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་སོ་སོ་དང། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང། ཐིན། ཅུས་སོ་སོ་བཅས་ལ།

《མཚོ་སྔོན་ཞིང་ཆེན་གྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་མ་ལག་དང་ནུས་ཤུགས་འཛུགས་སྐྱོང་ཐད་ལ་ཤུགས་སྣོན་པའི་ལག་བསྟར་ཇུས་གཞི》ལ་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་ཞིང། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་དོན་དངོས་དང་སྦྲེལ་ཏེ་ནན་ཏན་སྒོས་ལག་ལེན་དོན་འཁྱོལ་བྱ་བ་ལེགས་འཛིན་བྱ་དགོས།


མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
2018ལོའི་ཟླ10བའི་ཚེས14ཉིན།

༄༅། །མཚོ་སྔོན་ཞིང་ཆེན་གྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་མ་ལག་དང་ནུས་ཤུགས་འཛུགས་སྐྱོང་ཐད་ལ་ཤུགས་སྣོན་པའི་ལག་བསྟར་ཇུས་གཞི།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གི《བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱི་སྒྱུར་བཅོས་དང་གོང་དུ་སྤེལ་བར་ཤུགས་སྣོན་པའི་བསམ་འཆར་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》(རྒྱལ་འཕྲོད་གཞུང་སྨན་སྤེལ〔2016〕ཨང21པ)གྱི་དགོངས་དོན་གཏིང་ཟབ་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང། རང་རེའི་ཞིང་ཆེན་གྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་མ་ལག་འཛུགས་སྐྱོང་ཐད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་དགོས་མཁོ་རྒྱུན་མི་ཆད་པར་བསྐང་ཆེད། ལག་བསྟར་ཇུས་གཞི་འདི་ཆེད་དུ་བཟོས་པ་ཡིན།

གཅིག། སྤྱིའི་བླང་བྱ།

ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ནན་ཏན་སྒོས་དོན་འཁྱོལ་བྱས་ནས། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་མ་ལག་འཐུས་ཇེ་ཚང་དང་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་བ་དང། ས་ཁོངས་ཀྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་དོ་མཉམ་ངང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱས་ཐོག བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་བྱ་བར་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏང་དགོས།

གཉིས། དམིགས་འབེན་གཙོ་བོ།

2020ལོར་བསླེབས་དུས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་མཐུན་ཞིང་བྱིས་པའི་བདེ་ཐང་གི་དགོས་མཁོ་དང་འཚམ་པ། མ་ལག་ཆ་ཚང་བ། ཁྱབ་ཚུལ་ལུགས་དང་མཐུན་པ། གཞི་ཁྱོན་ཚད་དང་རན་པ། ཚད་ལྡན་ལས་ཆོད་ཆེ་བ་བཅས་ཀྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་མ་ལག་བསྐྲུན་དགོས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་རམ་ཆུས་སམ་སྲིད་འཛིན་ཨུ་ཡོན་ལྷན་ཁང)རིམ་པ་སོ་སོའི་ཕྱོགས་བསྡུས་སྨན་ཁང་དུ་རང་ཚུགས་ཀྱི་བྱིས་ནད་ཚན་ཁག་འཛུགས་པ་དང། ཆ་རྐྱེན་འཛོམས་པའི་གྲོང་ཁྱེར(ཁུལ)དུ་རང་ཚུགས་ཀྱི་བྱིས་པའི་སྨན་ཁང་གཟུགས་དགོས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་རམ་ཆུས་སམ་སྲིད་འཛིན་ཨུ་ཡོན་ལྷན་ཁང)སོ་སོའི་མ་བུ་བདེ་སྲུང་ལས་ཁུངས་སུ་བྱིས་པའི་བདེ་སྲུང་ཚན་ཁག་གཟུགས་དགོས། ལོ0—14བར་གྱི་བྱིས་པ་སྟོང་རེར་ནད་ཁྲི2.5ཇེ་མང་དུ་གཏང་དགོས། བྱིས་ནད་ཚན་ཁག་གི་སྨན་པ་དང་ལས་གཉེར་པའི་དཔུང་སྡེ་འཛུགས་སྐྱོང་ཐད་ལ་ཤུགས་བསྣན་ནས། བྱིས་པ་སྟོང་རེར་བྱིས་ནད་ཚན་ཁག་གི་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་བ0.69ཡོད་ཅིང། ཤང་དང་གྲོང་རྡལ་སོ་སོའི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཕྱིའི་ལས་ཁུངས་སུ་མ་མཐའ་ཡང་ཀུན་འཇོན་སྨན་པ་གཅིག་གིས་བྱིས་པའི་གཞི་རྩའི་སྨན་བཅོས་ཞབས་ཕྱི་ཚད་ལྡན་འདོན་སྤྲོད་བྱས་ནས། ཉིན་རེར་འཕེལ་བཞིན་པའི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོ་སྣ་མང་བསྐང་དགོས།

གསུམ། ལས་འགན་གཙོ་བོ།

(གཅིག) ཐོན་ཁུངས་བཀོད་སྒྲིག་བྱེད་ཚུལ་ལེགས་སྒྱུར་བྱས་ནས་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏང་དགོས།

1.བྱིས་པའི་སྨན་བཅོས་ཞབས་ཕྱིའི་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་ཇེ་དྲག་ཏུ་གཏང་རྒྱུ་དེ“ལྔ་ཚན་བཅུ་གསུམ་པའི”སྐབས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་གྱི་གཙོ་གནད་དུ་བཟུང་སྟེ། མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས་གཙོ་བོ་ཞིང་ཆེན་རིམ་པའི་བུད་མེད་དང་བྱིས་པའི་སྨན་ཁང་དང། ཞིང་ཆེན་དང་གྲོང་ཁྱེར(ཁུལ)རིམ་པའི་ཕྱོགས་བསྡུས་སྨན་ཁང་གི་བྱིས་ནད་ཚན་ཁག མ་བུ་བདེ་སྲུང་ལས་ཁུངས་བཅས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང། ཞིང་ཆེན་དང་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་རམ་ཆུས་སམ་སྲིད་འཛིན་ཨུ་ཡོན་ལྷན་ཁང)བཅས་རིམ་པ་གསུམ་གྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏང་དགོས་ཤིང། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་ཐོན་ཁུངས་སྤྱིའི་ཆ་ནས་མི་འདང་བ་དང་སྒྲིག་གཞི་རང་བཞིན་གྱི་ཆད་དཀོན་གནད་དོན་ཐག་གཅོད་བཟང་པོ་བྱ་དགོས། “ཕུང་བོ་གཅིག་དང་གཤོག་པ་གཉིས་དང། རིམ་པ་གསུམ་གྱི་ཞབས་ཕྱི་ལ་ཤུགས་སྣོན་པའི”སྤྱིའི་བསམ་ཕྱོགས་ལྟར་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གཙོར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གྱི་ས་མཐོའི་བྱིས་ནད་ཚན་ཁག་གི་གསོ་རིག་སྨན་བཅོས་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་གྱི་ཕྲུ་གུ་དམར་འབྱར་གྱི་དོས་དྲག་ནད་དང་ཉེན་ཆེའི་ནད་ཚབས་ཆེན་སྐྱོབ་བཅོས་ལྟེ་གནས། མཚོ་སྔོན་ཞིང་ཆེན་གྱི་བྱིས་ནད་ཚན་ཁག་གི་གསོ་རིག་ཞིབ་འཇུག་ལྟེ་གནས། མཚོ་སྔོན་ཞིང་ཆེན་གྱི་བྱིས་ནད་གསོ་རིག་གསོ་སྦྱོང་ལྟེ་གནས་གྲབས་འཛུགས་བྱེད་པ་དང། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གི་ནད་ཐོག་སྨན་བཅོས་གསོ་རིག་གི་རབ་འབྱམས་པའི་བསླབ་གནས་སུ་བྱིས་ནད་ཚན་ཁག་ཁ་ཕྱོགས་ཡིན་པའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་དགོས། བྱིས་པར་སྨན་བཅོས་ཞབས་ཕྱི་དང་ནད་འགོག་བདེ་སྲུང་ཞབས་ཕྱི་དེ་གཞོགས་གཉིས་གཤོག་ཟུང་བྱས་ཏེ། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་བྱིས་ནད་ཚན་ཁག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས་སྨན་བཅོས་སྔོན་འགོག་དང་སློབ་ཁྲིད་ཚན་ཞིབ།དངོས་སྦྱོང་གསོ་སྦྱོང་སོགས་ཐད་ཀྱི་ནུས་པ་སྔར་ལས་བཟང་བར་འདོན་སྤེལ་བྱེད་ཅིང། ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་གི་བྱིས་པའི་བདེ་སྲུང་ལ་ཞབས་ཕྱི་སྒྲུབ་ནུས་ཇེ་དྲག་ཏུ་གཏང་དགོས། ཞིང་ཆེན་དང་གྲོང་ཁྱེར(ཁུལ)། རྫོང(གྲོང་ཁྱེར་རམ་ཆུས་སམ་སྲིད་འཛིན་ཨུ་ཡོན་ལྷན་ཁང)བཅས་རིམ་པ་སོ་སོའི་ཕྱོགས་བསྡུས་སྨན་ཁང་དང་མ་བུ་བདེ་སྲུང་ལས་ཁུངས་རྒྱབ་རྟེན་བྱས་ཏེ། བྱིས་པར་སྨན་བཅོས་ཞབས་ཕྱི་དང་

ནད་འགོག་བདེ་སྲུང་ཞབས་ཕྱིའི་མ་ལག་དང་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས་ཤིང།གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་རམ་ཆུས་སམ་སྲིད་འཛིན་ཨུ་ཡོན་ལྷན་ཁང)རིམ་པ་སོ་སོའི་གཞུང་གཉེར་སྨན་ཁང་ལ་ཉུང་མཐའ་ཡང་ནད་ཁང་ཡོད་པའི་བྱིས་ནད་ཚན་ཁག1ཡོད་དགོས། 2020ལོར་བསླེབས་དུས་ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་སྨན་ཁང་ཡོངས་སུ་བྱིས་ནད་ཚན་ཁག་གི་སྒོ་བསྟེན་སྨན་ཁང་གི་ཞབས་ཕྱི་འདོན་སྤྲོད་བྱེད་པ་དང། རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་དང་རྫོང་རིམ་པའི་སྨན་ཁང་གིས་བྱིས་ནད་ཚན་ཁག་གི་མྱུར་སྐྱོབ་ཞབས་ཕྱི་འདོན་སྤྲོད་བྱ་དགོས། ཆ་རྐྱེན་འཛོམས་པའི་མ་བུ་བདེ་སྲུང་ལས་ཁུངས་ཀྱིས་སྐྱེ་ལེན་ཚན་ཁག་དང་བྱིས་ནད་ཚན་ཁག་སོགས་ཀྱི་ཞབས་ཕྱི་སྒྲུབ་ནུས་ཇེ་དྲག་ཏུ་གཏོང་བ་དང་ཐོན་ཁུངས་བཀོད་སྒྲིག་བྱེད་ཚུལ་ལེགས་སྒྱུར་བྱས་ནས་ཞབས་ཕྱིའི་སྤུས་ཚད་དང་ཆུ་ཚད་ཇེ་ལེགས་ཇེ་མཐོ་རུ་གཏོང་བར་སྐུལ་བསྟོད་བྱ་དགོས། (འགན་འཁུར་སྡེ་ཚན་ནི། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་གོང་སྤེལ་བཅོས་སྒྱུར་ཨུ་ཡོན་ལྷན་ཁང། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སློབ་གསོ་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན།)
2.བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱི་མཉམ་སྡེབ་ཀྱིས་གོང་དུ་སྤེལ་བར་སྐུལ་འདེད་བྱ་དགོས། ད་ཡོད་ཀྱི་བྱིས་ནད་ཚན་ཁག་གི་སྨན་བཅོས་ཐོན་ཁུངས་སྤུས་ལེགས་བེད་སྤྱོད་གང་ལེགས་བྱེད་པ་དང། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་དང་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་ལ་བརྟེན་ནས། བྱིས་ནད་ཚན་ཁག་གི་སྨན་བཅོས་མཉམ་འབྲེལ་ཚོགས་པ་དང་མ་བུའི་བདེ་ཐང་གི་ཞབས་ཕྱིའི་མཉམ་འབྲེལ་ཚོགས་པ། རྒྱང་བསྟེན་སྨན་བཅོས་དང་གསོ་སྦྱོང། ཁ་གཏད་རོགས་སྐྱོར་སོགས་བྱེད་སྟངས་སྤྱད་དེ་སྣེ་ཁྲིད་དང་ཁྱབ་འགྱེད་ནུས་པ་བཏོན་ཏེ། བྱིས་པའི་ནད་གཞི་ཚབས་ཆེན་རིགས་དང་བརྟག་དཀའ་བཅོས་དཀའ་བའི་ནད། དོས་དྲག་ནད་དང་ཉེན་ཆེའི་ནད་ཚབས་ཆེན་སྨན་བཅོས་དང་བྱིས་པའི་བདེ་སྲུང་ནད་གསོ་བཅས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱས་ཏེ། བྱིས་པའི་སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་བེད་སྤྱོད་པར་སྐུལ་འདེད་བྱ་དགོས། རིམ་པ་གཉིས་པ་ཡན་གྱི་སྨན་ཁང་དང་མ་བུ་བདེ་སྲུང་ལས་ཁུངས་ཀྱི་བྱིས་ནད་ཚན་ཁག་གི་སྨན་པ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་གནས་མང་པོར་སོང་སྟེ་ལས་གཉེར་རམ་དུས་བཅད་ལྟར་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་བྱེད་པར་སྐུལ་བསྟོད་བྱ་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱིམ་ཚང་གི་སྨན་པས་གན་རྒྱ་བཞག་ནས་ཞབས་ཕྱི་སྒྲུབ་པའི་ལམ་ལུགས་ལག་ཏུ་བསྟར་བར་ཏན་ཏིག་གིས་སྐུལ་འདེད་བཏང་ནས། དམིགས་བསལ་གྱིས་སྔོན་ལ་བྱིས་པ་ཡོད་པའི་ཁྱིམ་ཚང་བར་དུ་གན་རྒྱ་བཞག་ནས་ཞབས་ཕྱི་བསྒྲུབ་དགོས། ཆ་རྐྱེན་འཛོམས་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱོགས་བསྡུས་སྨན་ཁང་དང་མ་བུ་བདེ་སྲུང་ལས་ཁུངས་ཀྱི་བྱིས་ནད་ཚན་ཁག་གི་སྨན་པ་གན་རྒྱ་འཇོག་པའི་ཚོགས་པའི་གྲལ་དུ་བཅུག་སྟེ། བྱིས་པར་ནད་རིགས་སྔོན་འགོག་དང་གསོ་བཅོས། ནད་གསོ། བདེ་སྲུང་བཅས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱས་ནས་ཞིང་ཆེན་ཡོངས་ཀྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱི་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་དང་ཞབས་ཕྱི་ཐོན་ཐུབ་པའི་རང་བཞིན་ཇེ་དྲག་ཏུ་བཏང་ཐོག རིམ་དབྱེའི་ནད་བརྟག་སྨན་བཅོས་རིམ་བཞིན་མངོན་འགྱུར་བྱས་ནས་སྨན་པ་བསྟེན་པའི་ཁུར་པོ་ཇེ་ཡང་དུ་གཏང་དགོས།(འགན་འཁུར་སྡེ་ཚན་ནི། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་ཡིན།)

3.བྱིས་པའི་དོས་དྲག་ནད་དང་ཉེན་ཆེའི་ནད་ཚབས་ཆེན་སྐྱོབ་བཅོས་ནུས་པ་འཛུགས་སྐྱོང་ཐད་ལ་ཤུགས་བསྣན་དགོས། ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་སྨན་ཁང་དང་ཕྱོགས་བསྡུས་སྨན་ཁང།མ་བུ་བདེ་སྲུང་ལས་ཁུངས་བཅས་སུ་སྐྱེ་ལེན་ཚན་ཁག་དང་བྱིས་ནད་ཚན་ཁག་གི་སྟོབས་ཤུགས་མངོན་གསལ་དོད་པོ་ལྡན་ཞིང། ཕྱོགས་བསྡུས་ཀྱི་འགོག་བཅོས་ནུས་པ་ཅུང་ཆེ་བའི་སྨན་བཅོས་ལས་ཁུངས་ལ་བརྟེན་ནས་ཞིང་ཆེན་རིམ་པ་དང་གྲོང་ཁྱེར(ཁུལ)རིམ་པ། རྫོང་རིམ་པའི་སྦྲུམ་མ་དང་བང་མ། བྱིས་པའི་དོས་དྲག་ནད་དང་ཉེན་ཆེའི་ནད་སྐྱོབ་བཅོས་ལྟེ་གནས་འཛུགས་པ་དང། PICU/NICUཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཐོག སྨན་ཁང་ལ་མ་ཐོན་སྔོན་གྱི་མྱུར་སྐྱོབ་ཁ་གཏད་འཇལ་ནུས་ཇེ་དྲག་ཏུ་བཏང་སྟེ། སྨན་ཁང་དུ་མ་ཐོན་སྔོན་ལ་མྱུར་སྐྱོབ་དང་སྨན་ཁང་དུ་མྱུར་བཅོས། ནད་ལྗིད་མོར་ལྟ་སྐྱོང་བཅས་བྱེད་པ་ནུས་ཡོད་ཀྱིས་འབྲེལ་མཐུད་བྱས་ནས། དོས་དྲག་ནད་དང་ཉེན་ཆེའི་ནད་ཚབས་ཆེན་སྐྱོབ་བཅོས་ནུས་པ་ཇེ་དྲག་ཏུ་གཏང་དགོས། ཞིང་ཆེན་རིམ་པ་དང་རྫོང་རིམ་པའི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་དམིགས་ཚན་ཁག་གི་རྣམ་གྲངས་དཔྱད་འདེམས་བྱེད་དུས། ཆ་རྐྱེན་གཅིག་འདྲའི་འོག་ཏུ་བྱིས་ནད་ཚན་ཁག་དང་སྐྱེ་ལེན་ཚན་ཁག་ལ་དམིགས་བསལ་གྱིས་སྔོན་ལ་གཟིགས་སྐྱོང་བྱ་དགོས་ཤིང། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་ཐོན་ཁུངས་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་པའི་ཐད་ལ་ཤུགས་སྣོན་པ་དང། ཞབས་ཕྱིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་མི་སྣ་བསྐོ་གཞག་ཐད་ལ་ཤུགས་སྣོན་པ། འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས།དོས་དྲག་ནད་དང་ཉེན་ཆེའི་ནད་ཚབས་ཆེན་སྐྱོབ་བཅོས་ཀྱི་ལྗང་མདོག་བགྲོད་ལམ་ཐོགས་མེད་དུ་བཟོ་བ་དང་མྱུར་སྐྱོབ་ཁ་གཏད་འཇལ་ནུས་ཇེ་དྲག་ཏུ་བཏང་སྟེ། 2020ལོའི་ལོ་མཇུག་ཏུ་རིམ་པ་བཀར་ནས་འགན་འཁུར་བ་དང་གོང་འོག་མཉམ་འགུལ། ཁ་གཏད་འཇལ་བར་གོ་རིམ་ལྡན་པ། འཁོར་སྐྱོད་ཕན་ནུས་ཆེ་བ་བཅས་ཀྱི་སྦྲུམ་མ་དང་བང་མ། བྱིས་པ་བཅས་ཀྱི་དོས་དྲག་ནད་དང་ཉེན་ཆེའི་ནད་ཚབས་ཆེན་མྱུར་སྐྱོབ་དང་མཉམ་བརྟག སྨན་ཁང་གཞན་དུ་སྤོར་ནས་བརྟག་བཅོས་ཀྱི་དྲ་བ་བསྐྲུན་ནས་འགྲུབ་པར་ཁག་ཐེག་བྱ་དགོས། མ་བུ་བདེ་འཇགས་ཀྱི་འགན་སྲུང་ལམ་ལུགས་ལྔ(མངལ་ཆགས་པའི་ཉེན་ཁ་བཤེར་འདེམས་དང་དཔྱད་དཔོགཉེན་ཁར་ཐུག་པའི་སྦྲུམ་མ་དང་བང་མར་ཆེད་དམིགས་ཀྱིས་དོ་དམ་བྱེད་པ། དོས་དྲག་ནད་དང་ཉེན་ཆེའི་ནད་ཚབས་ཆེན་སྐྱོབ་བཅོས། སྦྲུམ་མ་དང་བང་མ་ཤི་བའི་གྱོད་དོན་སྙན་ཞུ་འབུལ་བ་དང་སྐོང་འདྲི་བྱེད་པའམ་བརྡ་ཁྱབ་གཏོང་བ།) དོན་འཁྱོལ་བྱས་ནས། བྱིས་པའི་འཕྲོད་བསྟེན་གྱི་ཞབས་ཕྱིའི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་དང་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏང་དགོས། (འགན་འཁུར་སྡེ་ཚན་ནི། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་ཡིན།)
4.བྱིས་པར་སྨན་བཅོས་ཞབས་ཕྱིའི་དྲ་བ་འཐུས་ཚང་དུ་གཏང་དགོས། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་བྱིས་པའི་བདེ་ཐང་ཞབས་ཕྱིའི་དགོས་མཁོ་གཞིར་བཟུང་སྟེ། ས་ཁོངས་ཀྱི་བྱིས་ནད་ཚན་ཁག་གི་སྨན་བཅོས་ཐོན་ཁུངས་གཅིག་གྱུར་གྱིས་འཆར་འགོད་དང་མཉམ་སྡེབ་མཉམ་སྤྱོད་བྱེད་ཅིང། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་དྲ་བ་བརྟན་པོར་གཏང་དགོས།སྤྱི་ཚོགས་སྟོབས་ཤུགས་ཀྱིས་བྱིས་པའི་སྨན་ཁང་དང་བྱིས་ནད་སྒོ་བསྟེན་ཁང་གཉེར་བར་ཁྲིད་སྟོན་དང་སྐུལ་བསྟོད་བྱས་ནས། སྨན་ཁང་གཉེར་སྟངས་སྣ་མང་ཆགས་པར་བྱས་ཏེ་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་དགོས་མཁོ་སྣ་མང་བསྐང་དགོས། རིམ་དབྱེའི་བརྟག་བཅོས་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྦྲེལ་ནས་རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཞབས་ཕྱིའི་རྩོལ་ནུས་ངེས་གཏན་གསལ་པོ་བྱེད་པ་དང། བྱིས་པའི་ཆེད་ཚན་སྨན་ཁང་དང་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་གིས་ཆེད་དམིགས་ཚན་ཁག་གི་ནད་གཞི་ཚབས་ཆེན་དང་བརྟག་དཀའ་བཅོས་དཀའ་བའི་ནད་པ་གཙོ་གནད་དུ་བཟུང་ནས་སྨན་བཅོས་དང་ལེན་བྱ་དགོས་ཤིང། རིམ་པ་གཉིས་པའི་སྨན་ཁང་དང་མ་བུ་བདེ་སྲུང་ལས་ཁུངས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཙོ་བོ་བྱིས་པའི་རྒྱུན་མཐོང་གི་ནད་དང་ཕོག་སླ་བའི་ནད་རིགས་བརྟག་བཅོས་དང་བདེ་ཐང་སློབ་གསོ། བྱིས་པའི་ལུས་ཁམས་བདེ་སྲུང་སོགས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱི་སྒྲུབ་པའི་འགན་འཁུར་དགོས། གཞི་རིམ་གྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་ནུས་པ་བསྟུད་མར་ཇེ་ཆེར་གཏོང་བ་དང། ཀུན་འཇོན་སྨན་པར་བྱིས་ནད་ཚན་ཁག་གི་ཆེད་ལས་རྩལ་ནུས་གསོ་སྦྱོང་ཐད་ལ་ཤུགས་བསྣན་ཐོག སྨན་བཅོས་ལས་ཁུངས་དང་ཁམས་གསོའི་ལས་ཁུངས་བར་དུ་འབྲེལ་འདྲིས་མཉམ་ལས་བྱེད་ཤུགས་ཇེ་ཆེར་བཏང་སྟེ་དབང་སྐྱོན་བྱིས་པར་སྔ་རོལ་དུ་ཇུས་གཏོགས་ལེགས་པོ་བྱ་དགོས། “དྲ་སྦྲེལ+”གྱི་འགུལ་སྐྱོད་འཆར་གཞི་དང་རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་པོའི་གོང་སྤེལ་འཐབ་ཇུས་ལག་ཏུ་བསྟར་བར་གང་ལེགས་ཀྱིས་བསྟུན་པ་དང་ཆ་འཕྲིན་དྲ་བའི་ལག་རྩལ་སྤྱད་དེ། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱི་སྒྲུབ་ཐབས་རྒྱུན་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་བྱིས་པའི་བདེ་ཐང་སློབ་གསོ་དང་སྨན་བཅོས་ཆ་འཕྲིན་འདྲི་རྩད། དྲ་ཐོག་བློ་འདྲི་དང་རྒྱང་བསྟེན་སྨན་བཅོས་ཞབས་ཕྱི་བཅས་ཀྱི་མ་ལག་འཐུས་ཚང་དུ་གཏང་དགོས། (འགན་འཁུར་སྡེ་ཚན་ནི། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་

འབྲེལ་ལྷན་ཚོགས་ཡིན།)(གཉིས) དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེ་དང་ཆེད་ལས་ཀྱི་བྱང་ཚད་ཇེ་མཐོར་གཏང་དགོས།5.བྱིས་ནད་ཚན་ཁག་གི་གསོ་རིག་འཇོན་མི་གསོ་སྐྱོང་ཐད་ལ་ཤུགས་བསྣན་དགོས། བྱིས་ནད་ཚན་ཁག་གི་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གིས་བྱིས་ནད་ཚན་ཁག་གི་གསོ་རིག་དངོས་གཞིའི་ཆེད་ལས་གཟུགས་པར་རེ་འདུན་ཞུ་བར་རྒྱབ་སྐྱོར་བྱ་དགོས།སྔོན་མངགས་དང་གནས་གཏན་ཁེལ་གྱི་གསོ་རིག་སློབ་མ་སློབ་ཡོན་མི་དགོས་པར་གསོ་སྐྱོང་བྱ་བ་ལེགས་པར་བསྒྲུབས་ནས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་བྱིས་ནད་ཚན་ཁག་སོགས་ཀྱི་རྒྱུན་མཐོང་ནད་སྨན་བཅོས་ཞབས་ཕྱི་སྒྲུབ་ནུས་པའི་ཀུན་འཇོན་མི་སྣ་ཁག་ཅིག་གསོ་སྐྱོང་བྱ་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཉེར་ཀུན་འཇོན་སྨན་པའི་བྱིས་ནད་ཚན་ཁག་གི་རྒྱུན་མཐོང་ནད་དང་ཕོག་སླ་བའི་ནད་རིགས་བརྟག་བཅོས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། གཞི་རིམ་གྱི་བྱིས་ནད་ཚན་ཁག་གི་གཞི་རྩའི་ནད་རིགས་བརྟག་བཅོས་དང་བྱིས་པའི་ལུས་ཁམས་བདེ་སྲུང་ཐད་ལ་ཞབས་ཕྱི་སྒྲུབ་ནུས་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏང་དགོས། ཞིང་ཆེན་གྱི་གསར་གཏོད་འཇོན་མི་རྩེ་གྲ་ཆིག་སྟོང་གསོ་སྐྱོང་འཆར་གཞི་དང་ཞིང་ཆེན་གྱི་མཐོ་རིམ་འཕྲོད་བསྟེན་འཇོན་མི་ནང་འདྲེན་ལས་གཞི་ལ་གང་ལེགས་ཀྱིས་བརྟེན་ཞིང། རང་ཞིང་གི་བྱིས་ནད་ཚན་ཁག་གི་གསོ་རིག་འཇོན་མིའི་དགོས་མཁོར་སྦྲེལ་ཏེ་རྣམ་པ་སྣ་ཚོགས་པའི་སྒོ་ནས་བྱིས་ནད་ཚན་ཁག་གི་གསོ་རིག་འཇོན་མི་རྩེ་གྲ་ནང་འདྲེན་བྱ་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་བ་དང་ཟུང་དུ་སྦྲེལ་ཏེ“ཚོགས་སྒྲིག་པའི་རྣམ་པ”ལྟར་ཤུགས་ཆེན་པོས་རོགས་སྐྱོར་བྱེད་པ་དང།རོགས་སྐྱོར་བྱེད་མཁན་ཕྱོགས་ཀྱིས་བྱིས་ནད་ཚན་ཁག་གི་གསོ་རིག་ཚོགས་པ་མངགས་ནས་རོགས་སྐྱོར་བྱ་ཡུལ་ཀྱི་སྨན་བཅོས་ལས་ཁུངས་སུ་བྱིས་ནད་ཚན་ཁག་སྐྲུན་རོགས་བྱེད་པར་རྒྱབ་སྐྱོར་བྱ་དགོས། (འགན་འཁུར་སྡེ་ཚན་ནི། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་གོང་སྤེལ་བཅོས་སྒྱུར་ཨུ་ཡོན་ལྷན་ཁང། ཞིང་ཆེན་འཇོན་མི་གཞུང་ལས་ཁང་བཅས་ཡིན།)

6.བྱིས་ནད་ཚན་ཁག་གི་ཆེད་ལས་སྨན་པ་དཀའ་བཅུ་བ་ཚད་ལྡན་དུ་གསོ་སྦྱོང་གི་གཞི་ཁྱོན་བསྐྱེད་དགོས། ནད་ཐོག་གསོ་རིག་དང་བྱིས་ནད་གསོ་རིག་གི་མཐར་ཕྱིན་སློབ་མའི་གྲངས་འབོར་དང་ལས་གནས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། སྨན་པ་དཀའ་བཅུ་བ་ཚད་ལྡན་དུ་གསོ་སྦྱོང་རྟེན་གཞིས་སློབ་མ་སྡུད་དུས་བྱིས་ནད་གསོ་རིག་གི་ཆེད་ལས་ལ་ཕྱོགས་དགོས།བྱིས་ནད་ཚན་ཁག་གི་སྨན་པ་དཀའ་བཅུ་བའི་དགེ་རྒན་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་ཐད་ལ་ཤུགས་སྣོན་པ་དང། བྱིས་ནད་ཚན་ཁག་གི་སྨན་པ་དང་སྨན་པ་དཀའ་བཅུ་བ་ཚད་ལྡན་དུ་གསོ་སྦྱོང་བྱེད་མཁན་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏང་དགོས། 2020ལོར་བསླེབས་དུས། བྱིས་ནད་ཚན་ཁག་གི་ཆེད་ལས་སྨན་པ100ཚད་ལྡན་དུ་གསོ་སྦྱོང་བྱས་ཚར་དགོས། བྱིས་ནད་ཚན་ཁག་གི་སྨན་པ་ཚད་ལྡན་དུ་གསོ་སྦྱོང་གི་མ་ལག་དང་བརྒྱུད་རིམ་དོ་དམ། དགེ་རྒན་དཔུང་སྡེ་འཛུགས་སྐྱོང་ཐད་ལ་ཤུགས་སྣོན་པ་དང། ནད་ཐོག་བརྟག་བཅོས་དང་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། གསོ་སྦྱོང་གི་ཚད་གཞི་ལོངས་པའི་བྱིས་ནད་ཚན་ཁག་གི་ཆེད་ལས་སྨན་པ་དཀའ་བཅུ་བར་བྱིས་ནད་ཚན་ཁག་གི་ནད་ཐོག་ལག་ལེན་བྱ་བ་རང་རྐྱ་འཕེར་བའི་སྒོ་ནས་གཉེར་བའི་ནུས་པ་འཛོམས་སུ་འཇུག་དགོས། སྨན་པ་དཀའ་བཅུ་བ་ཚད་ལྡན་དུ་གསོ་སྦྱོང་གི་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱད་དེ། འཚོ་བའི་ཁ་གསབ་རོགས་དངུལ་སོགས་ཕྱོགས་ནས་བྱིས་ནད་ཚན་ཁག་གི་ཆེད་ལས་ལ་འོས་འཚམ་གྱིས་ཕྱོགས་པ་དང། མངག་ཐོ་ལྟར་གསོ་སྐྱོང་བྱེད་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱེད་པར་སྐུལ་བསྟོད་བྱ་དགོས། སྨན་པ་དཀའ་བཅུ་བ་ཚད་ལྡན་དུ་གསོ་སྦྱོང་བྱས་པ་ལས་ཀྲུང་ལུགས་གསོ་རིག་དང་ཀྲུང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ཆེད་ལས་སྨན་པ་དཀའ་བཅུ་བས་ཀྲུང་ལུགས་གསོ་རིག་གི་བྱིས་ནད་ཚན་ཁག་ཏུ་བརྟག་བཅོས་བྱ་བ་གཉེར་བར་སྐུལ་བསྟོད་དང་འགུག་འདྲེན་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན་ཡིན།)7.བྱིས་ནད་ཚན་ཁག་གི་སྨན་པར་ལས་གནས་བརྗེས་ཏེ་གསོ་སྦྱོང་བྱ་དགོས། ནོར་སྲིད་ཀྱིས་ཁ་གསབ་རོགས་དངུལ་སྟེར་བ་དང་སྨན་ཁང་གིས་རང་གྲབས་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་གྲོན་དངུལ་ཡོང་ཁུངས་རྒྱ་བསྐྱེད་ནས། བྱིས་ནད་ཚན་ཁག་གི་སྨན་པར་ལས་གནས་བརྗེས་ཏེ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏང་དགོས། 2020ལོར་བསླེབས་དུས། བྱིས་ནད་ཚན་ཁག་གི་སྨན་པ200ལ་ལས་གནས་བརྗེས་ཏེ་གསོ་སྦྱོང་བྱས་ཚར་དགོས། ལས་གནས་བརྗེས་པའི་བྱིས་ནད་ཚན་ཁག་གི་སྨན་པ་ཕྱིར་རང་གི་ལས་གནས་སུ་ལོག་སྟེ་བྱ་བ་གཉེར་བར་སྐུལ་བསྟོད་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱ་དགོས། བྱིས་ནད་ཚན་ཁག་གི་ཆེད་ལས་སྨན་པར་ལས་གནས་བརྗེས་ཏེ་གསོ་སྦྱོང་བྱེད་མཁན་སྨན་བཅོས་ལས་ཁུངས་དགོས་མཁོ་ལྟར་བདམས་ནས་ཇེ་མང་དུ་གཏང་དགོས། ཁོང་ནད་ཚན་ཁག་སོགས་ཆེད་ལས་ཉེ་མཚུངས་ཀྱི་སྨན་པར་ལས་གནས་བརྗེས་ནས་བྱིས་ནད་ཚན་ཁག་གི་ཆེད་ལས་གསོ་སྦྱོང་བྱེད་ཡུན་འོས་འཚམ་གྱིས་ཇེ་ཐུང་དུ་གཏང་དགོས། ལས་གནས་བརྗེས་ནས་གསོ་སྦྱོང་བྱས་པར་དཔྱད་ཞིབ་ཀྱི་ཚད་ལོན་པའི་ཁར་ཆ་རྐྱེན་དང་མཐུན་ན། ལས་གཉེར་ཁྱབ་ཁོངས་དེ་བྱིས་ནད་གསོ་རིག་ཏུ་བསྒྱུར་བའམ་དེ་སྔའི་ཆེད་ལས་ཚན་ཁག་གི་ལས་གཉེར་ཁྱབ་ཁོངས་ཀྱི་རྨང་གཞིའི་སྟེང་དུ་བྱིས་ནད་ཚན་ཁག་གི་ལས་གཉེར་ཁྱབ་ཁོངས་བསྣན་ཆོག་པ་མ་ཟད། འབྲེལ་ཡོད་ཆེད་ལས་དང་བྱིས་ནད་ཚན་ཁག་གི་ཆེད་ལས་སྨན་པར་དུས་བཅད་ལྟར་དཔྱད་ཞིབ་བྱེད་པའི་ཁྱབ་ཁོངས་སུ་འཇུག་དགོས། (འགན་འཁུར་སྡེ་ཚན་ནི། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན་ཡིན།)
(གསུམ)སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་བཏང་ནས་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་ཁྱབ་ཁོངས་བཅོས་སྒྱུར་ལ་སྐུལ་འདེད་གཏང་དགོས།
8.བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཕྱིའི་རིན་གོང་ལུགས་མཐུན་གྱིས་ལེགས་སྒྲིག་བྱ་དགོས། “བསྡོམས་འབོར་ཚོད་འཛིན་དང་གྲུབ་ཚུལ་ལེགས་སྒྲིག འཕར་ཆག་ཡོད་པ། རིམ་གྱིས་མཁོ་སར་འབྱོར་བ”བཅས་ཀྱི་རྩ་དོན་ལྟར། བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཕྱིའི་རིན་གོང་ལུགས་མཐུན་གྱིས་ལེགས་སྒྲིག་བྱ་དགོས། བྱིས་པའི་ནད་གཞི་ངོས་འཛིན་བྱེད་སྐབས་རྨ་ཁ་ལྡན་པའི་གསོན་གཟུགས་བརྟག་དཔྱད་དང་བརྟག་བཤེར། ནད་ཐོག་གཤག་བཅོས་སོགས་བྱིས་ནད་ཚན་ཁག་གི་སྨན་པ་དང་ལས་གཉེར་པའི་ལག་རྩལ་དང་ངལ་ལས་ཀྱི་ཁྱད་ཆོས་དང་རིན་ཐང་མཚོན་པའི་སྨན་བཅོས་ཞབས་ཕྱིའི་རྣམ་གྲངས་དེར་རིན་གོང་སྲིད་ཇུས་ཐད་ནས་གཟིགས་སྐྱོང་བྱས་ཏེ། སྨན་ཡོན་བསྡུ་བའི་ཚད་གཞི་་དར་མའི་སྨན་བཅོས་ཞབས་ཕྱིའི་གྲོན་དངུལ་བསྡུ་བའི་ཚད་གཞི་ལས་མཐོ་དགོས་པ་དང། ལོ་དྲུག་དང་དེའི་མན་གྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་རྣམ་གྲངས་ལ30%ཁ་བསྣན་ནས་བསྡུ་དགོས། ལེགས་སྒྲིག་བྱས་རྗེས་ཀྱི་སྨན་བཅོས་འགྲོ་གྲོན་རྣམས་གཏན་ཕབ་ལྟར་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་སྟེ། འགན་བཅོལ་ནང་ཞུགས་མཁན་ནད་པའི་སྨན་པ་བསྟེན་པའི་ཁུར་པོ་ངེས་པ་དོན་གྱིས་ཇེ་ཡང་དུ་གཏང་དགོས། (འགན་འཁུར་སྡེ་ཚན་ནི། ཞིང་ཆེན་གོང་སྤེལ་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཡིན།)
9.བྱིས་ནད་ཚན་ཁག་གི་སྨན་པ་དང་ལས་གཉེར་པའི་ཕོགས་ཐོབ་ཇེ་མཐོར་གཏང་དགོས། བྱིས་ནད་ཚན་ཁག་གི་སྨན་པ་དང་ལས་གཉེར་པ་ལ་ལས་གནས་ཀྱིས་ཡིད་འགུག་པའི་ཤུགས་ཚད་ཇེ་ཆེར་གཏང་དགོས། སྨན་བཅོས་ལས་ཁུངས་ནང་ཁུལ་དུ་བགོ་བཤའ་རྒྱག་སྐབས་ལས་རྐང་གི་ལས་འབོར་དང་ཞབས་ཕྱིའི་སྤུས་ཚད། ཀུན་སྤྱོད་ཚད་གཞི། ལག་རྩལ་དང་ནུས་པ། སྨན་པའི་ཀུན་སྤྱོད་དང་ནད་པའི་བློ་ཡིད་ཚིམ་ཚད་སོགས་དམིགས་ཚད་དཔྱད་ཞིབ་ཀྱི་གལ་ཇེ་ཆེར་བཏང་ནས། གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་པར་ཐོབ་ཆ་ལེགས་པོ་འཐོབ་པ་དང་ལས་ཕྱོད་འདྲ་བར་ཐོབ་ཆ་གཅིག་འདྲ་འཐོབ་པར་ཁག་ཐེག་བྱ་དགོས། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་བྱ་བའི་ཁྱད་ཆོས་ལ་བསམ་གཞིགས་གང་ལེགས་བཏང་ནས། བྱིས་ནད་ཚན་ཁག་གི་སྨན་པ་དང་ལས་གཉེར་པའི་གླ་ཕོགས་ཀྱི་ཆུ་ཚད་ལུགས་མཐུན་སྒོས་གཏན་ཁེལ་བྱེད་པ་དང། བྱིས་ནད་ཚན་ཁག་གི་སྨན་པ་དང་ལས་གཉེར་པའི་ཡོང་འབབ་དེ་སྡེ་ཚན་དེ་གའི་ལས་གནས་ཀྱི་རིམ་པ་འདྲ་བའི་སྨན་པ་དང་ལས་གཉེར་པའི་ཡོང་འབབ་ཀྱི་ཆ་སྙོམས་ཆུ་ཚད་ལས་མི་དམའ་བར་བྱ་དགོས། སྨན་པ་དང་ལས་གཉེར་པའི་ཡོང་འབབ་དེ་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་དང་འཛད་རྫས། ཞིབ་བཤེར་དང་རྫས་འགྱུར་བརྟག་དཔྱད་བཅས་ཀྱི་ཡོང་འབབ་དང་སྦྲེལ་མཐུད་གཏན་ནས་བྱ་མི་རུང། (འགན་འཁུར་སྡེ་ཚན་ནི། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ཡིན།)

10.བྱིས་ནད་ཚན་ཁག་གི་སྨན་པ་དང་ལས་གཉེར་པའི་ལས་རིགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། དངོས་གཞིའི་ཚན་ཁག་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མཐར་ཕྱིན་སློབ་མ་སྨན་པ་དཀའ་བཅུ་བ་ཚད་ལྡན་དུ་གསོ་སྦྱོང་བྱེད་ཁྲོད་དུ་ཞུགས་ཏེ་ཚད་ལོན་པ་མ་ཟད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་སོང་ནས་བྱིས་ནད་ཚན་ཁག་གི་སྨན་པའི་ལས་ཀ་གཉེར་བ་ཡིན་ཕྱིན། ཐད་ཀར་འབྲིང་རིམ་ལས་ཐོབ་ལེན་པའི་ཡིག་རྒྱུགས་སུ་ཞུགས་ཆོག འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་བྱ་བའི་ཐད་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་པའི་ཆེད་མཁས་པ་གདམ་གསེས་དང། དཔེ་ལེགས་ཅན་དང་སྔོན་ཐོན་ཅན་གཞན་དག་དཔྱད་འདེམས་བྱེད་པའི་ཁྲོད་དུ། ཆ་རྐྱེན་གཅིག་འདྲའི་འོག་ཏུ་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་མི་སྣར་དམིགས་བསལ་གྱིས་སྔོན་ལ་བསམ་བློ་གཏང་དགོས། (འགན་འཁུར་སྡེ་ཚན་ནི། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ཡིན།)
11.ཁྱིམ་ཚང་དབུལ་བོའི་བྱིས་པར་སྨན་བཅོས་རོགས་སྐྱོབ་བྱ་དགོས། བྱིས་པའི་ལྷན་སྐྱེས་ཀྱི་ནད་སྐྱོན་ཕྱོགས་བསྡུས་སྒོས་འགོག་བཅོས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། ལྷན་སྐྱེས་ཀྱི་ནད་སྐྱོན་ཡོད་པའི་བྱིས་པར་སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱས་ཐོག ཕྲུ་གུ་དམར་འབྱར་གྱི་ནད་གཞི་དང་ལོ0—6བར་གྱི་དབང་བོ་སྐྱོན་ཅན་གྱི་བྱིས་པའི་ནད་གཞི་རིན་མི་ལེན་པར་བཤེར་འདེམས་བྱས་ནས། བྱིས་པའི་རྒྱུད་འཛིན་ཚབ་བརྗེ་རང་བཞིན་གྱི་ནད་དང་ལྷན་སྐྱེས་ཀྱི་སྙིང་ནད། ཁྲག་རིལ་དཀར་པོའི་ནད་སོགས་ནད་གཞི་ཚབས་ཆེན་རོགས་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏང་དགོས། བྱིས་པའི་ནད་རིགས་འགོག་བཅོས་དེ་གྲོང་ཁྱེར་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་པོ་འགན་བཅོལ། འཚུབ་བསྟུན་རོགས་སྐྱོབ། སྨན་བཅོས་རོགས་སྐྱོབ་སོགས་ཀྱི་ལམ་ལུགས་དང་ལེགས་པར་སྦྲེལ་ནས་འགན་སྲུང་གི་སྒྲིལ་ཤུགས་ཆགས་པར་སྐུལ་འདེད་བྱ་དགོས། བྱིས་པ་ཡོད་པའི་ཁྱིམ་ཚང་དབུལ་བོའི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་བྱིས་པའི་སྨན་བཅོས་འགན་སྲུང་བྱེད་ཚད་ཇེ་མཐོར་གཏང་དགོས། (འགན་འཁུར་སྡེ་ཚན་ནི། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ནོར་སྲིད་ཐིན་བཅས་ཡིན།)
(བཞི) ཞབས་ཕྱིར་དོ་དམ་ཐད་ལ་ཤུགས་བསྣན་ནས་ཞབས་ཕྱིའི་སྤུས་ཚད་ཇེ་མཐོར་གཏང་དགོས།

12.བྱིས་པའི་ཕྱོགས་ཡོངས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས།བྱིས་པའི་བདེ་ཐང་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་བོར་དོ་དམ་བྱེད་པར་ཤུགས་སྣོན་པ་དང། གཙོ་བོ་ཕྲུ་གུ་སྐྱེ་བ་དང་གསོ་སྐྱོང། གཉོར་སྐྱོང། སློབ་གསོ་བཅས་ཕྱོགས་བཞི་ནས་ཤུགས་བསྣན་ཏེ་ཆུང་བྱིས་པའི་དུས་ཀྱི་གསོ་སྐྱོང་བྱ་བར་འཕེལ་རྒྱས་སར་བ་རྒྱུན་མི་ཆད་པར་འབྱུང་དུ་འཇུག་དགོས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱིའི་བྱིས་པའི་བདེ་ཐང་དོ་དམ་བྱ་བ་ཏན་ཏིག་གིས་སྒྲུབ་པ་དང་ལོ0—6བར་གྱི་བྱིས་པའི་དབང་བོར་སྐྱོན་ཡོད་མེད་འདེམས་བཤེར་བྱ་བར་ཤུགས་བསྣན་དགོས། བྱིས་པའི་བདེ་ཐང་ལ་ཚད་དང་ལྡན་པར་དོ་དམ་བྱས་ནས་རིམས་ནད་འགོག་ཁབ་རྒྱག་པ་དང་ཕྲུ་གུ་སར་སྐྱེས་ཀྱི་བདེ་སྲུང། འཚར་ལོངས་བྱུང་ཚད་ལ་ལྟ་ཞིབ་ཚད་ལེན། འཚོ་བཅུད་དང་གསོ་སྐྱོང་ལ་མཛུབ་སྟོན་སོགས་བྱ་བ་ལེགས་པར་བསྒྲུབས་ཐོག བྱིས་པའི་འགོས་ནད་འགོག་བཅོས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། བྱིས་པའི་བདེ་ཐང་ཞབས་ཕྱིའི་ཐབས་ཇུས་དེ་ནད་གཞི་ལྟེ་བར་འཛིན་པ་ནས་བདེ་ཐང་ལྟེ་བར་འཛིན་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏང་དགོས། བྱིས་པའི་བདེ་ཐང་ཐད་ཀྱི་དྲིལ་སྒྲོག་སློབ་གསོ་ལ་ཤུགས་སྣོན་པ་དང། ཁྱིམ་ཚང་དང་སྡེ་ཁུལ། བུ་བཅོལ་ལས་ཁུངས་གཙོ་གནད་དུ་བཟུང་སྟེ་བདེ་ཐང་ཤེས་བྱ་དང་ནད་རིགས་སྔོན་འགོག་སྐོར་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས། ཁྱིམ་ཚང་གི་བྱིས་པའི་བདེ་སྲུང་འདུ་ཤེས་ཇེ་དྲག་དང་བྱིས་པའི་སྔ་རོལ་གྱི་ཕྱོགས་བསྡུས་གོང་སྤེལ་བྱ་བར་སྐུལ་འདེད་གཏང་དགོས། ནད་ཡམས་དང་གཅོང་ནད་རིགས་འགོག་བཅོས་བྱེད་པའི་ཁྲོད་ཀྱི་སློབ་གྲྭའི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་རུ་འཕྲོད་བསྟེན་ཁང་བཙུགས་ཏེ། སློབ་མའི་ཁ་གྲངས600:1གི་བསྡུར་ཚད་ལྟར་ཆེད་གཉེར་རམ་གཅིག་ལྕོགས་ཀྱི་སློབ་གྲྭའི་སྨན་པ་བསྐོ་གཞག་བྱས་ནས། སྨན་བཅོས་ལས་ཁུངས་ཀྱི་ལས་གཉེར་ཆོག་འཐུས་ལག་ཁྱེར་ཐོབ་རྗེས་དུས་ཚིགས་རང་བཞིན་གྱི་ནད་དང་རྒྱུན་མཐོང་གི་ནད།ཕོག་སླ་བའི་ནད་སྔོན་འགོག་བདེ་སྲུང་བྱ་བ་བསྒྲུབས་ནས་དུས་ཚིགས་རང་བཞིན་གྱི་ནད་ཐོལ་གྱིས་བྱུང་ཚད་ཇེ་ཉུང་དུ་གཏང་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་བྱིས་སྐྱོང་ཁང། སློབ་ཆུང་གི་བྱིས་པའི་བདེ་ཐང་བརྟག་དཔྱད་དང་དོ་དམ་གྱི་ཆ་འཕྲིན་མཉམ་སྤྱོད་རྐྱེན་སྲོལ་བཙུགས་ཏེ། བྱིས་པའི་བདེ་ཐང་དོ་དམ་བྱེད་ཐབས་ནུས་ཡོད་སྒོས་དོན་འཁྱོལ་བྱ་བར་ཁག་ཐེག་བྱ་དགོས། (འགན་འཁུར་སྡེ་ཚན་ནི།ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཡིན།)

13.སྨན་བཅོས་དགོས་མཁོ་ཆེས་ཆེ་བའི་དུས་ལ་ནུས་ལྡན་གྱིས་ཁ་གཏད་འཇལ་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་སྲིད་འཛིན་སྡེ་ཁག་དང་སྨན་བཅོས་ལས་ཁུངས་ཀྱིས་བྱིས་པས་སྨན་པ་བསྟེན་ཚད་ཆེས་མང་བའི་དུས་ལ་ཁ་གཏད་འཇལ་བའི་འཆར་ཟིན་གཏན་འབེབས་བྱས་ཏེ། སློབ་མར་གནང་བ་གཏོང་དུས་དང་དུས་ཚིགས་རང་བཞིན་གྱི་ནད་བྱུང་ཚད་མང་བའི་དུས་སུ་ས་གནས་དེ་གའི་བྱིས་པའི་སྨན་བཅོས་ཞབས་ཕྱིའི་དགོས་མཁོ་དང་ཟུང་དུ་སྦྲེལ་ཏེ། ས་ཁོངས་ནང་གི་བྱིས་པའི་སྨན་བཅོས་ཐོན་ཁུངས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ནས་དམིགས་གཏད་ཡོད་པའི་སྒོ་ནས་མིག་ནད་དང་དབུགས་ལམ་ཚན་ཁག འཇུ་བྱེད་ཚན་ཁག འགོས་ནད་ཚན་ཁག་སོགས་ཆེད་ལས་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང། སྒོ་བསྟེན་སྨན་ཁང་དང་འཕྲལ་བཅོས་གཉིས་ནུས་ལྡན་གྱིས་སྦྲེལ་ཤུགས་ཇེ་དྲག་ཏུ་བཏང་ཐོག བྱེད་ཐབས་ནུས་ལྡན་སྤྱད་དེ་ནད་པར་ཁྲིད་སྟོན་དང་ཁག་བགོས་ནས་ནད་པ་ཆེས་མང་དུས་སུ་བྱིས་པར་ནད་བཅོས་ཀྱི་དགོས་མཁོ་བསྐང་དགོས། རིམ་པ་གཉིས་པ་ཡན་གྱི་སྨན་ཁང་གི་ཁོང་ནད་ཚན་ཁག་གི་བསླབ་པ་ཟབ་པའི་སྨན་པ་ དག་ལ་བྱིས་ནད་ཚན་ཁག་གི་ཆེད་ལས་གསོ་སྦྱོང་བྱས་ཏེ། དེ་དག་ལ་བྱིས་པའི་དུས་ཚིགས་རང་བཞིན་གྱི་ནད་དང་རྒྱུན་འབྱུང་གི་ནད། ཕོག་སླ་བའི་ནད་བཅས་བརྟག་དཔྱད་ནུས་པ་འཛོམས་པར་བྱས་ནས། སྨན་པ་བསྟེན་པའི་བྱིས་པ་ཆེས་མང་བའི་དུས་སུ་བྱིས་ནད་ཚན་ཁག་གི་སྨན་བཅོས་སྟོབས་ཤུགས་ཀྱི་ཁ་གསབ་དགོས། (འགན་འཁུར་སྡེ་ཚན་ནི། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་ཡིན།)
14.ཀྲུང་ལུགས་བོད་ལུགས་གསོ་སྨན་གྱིས་བྱིས་ནད་ཚན་ཁག་གི་སྨན་བཅོས་ལ་ཞབས་ཕྱི་སྒྲུབ་ཤུགས་ཇེ་ཆེར་གཏང་དགོས། བྱིས་ནད་ཚན་ཁག་གི་རྒྱུན་མཐོང་ནད་དང་ཕོག་སླ་བའི་ནད་རིགས་བརྟག་བཅོས་ཐད་དུ་ཀྲུང་ལུགས་བོད་ལུགས་གསོ་སྨན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཤིང། ཆ་རྐྱེན་འཛོམས་པའི་གྲོང་ཁྱེར(ཁུལ)རིམ་པ་ཡན་གྱི་ཀྲུང་ལུགས་སྨན་ཁང་དུ་བྱིས་ནད་ཚན་ཁག་འཛུགས་པ་དང། རྫོང་རིམ་པ་དང་དེའི་ཡན་གྱི་ཀྲུང་ལུགས་བོད་ལུགས་སྨན་ཁང་དུ་བྱིས་ནད་སྒོ་བསྟེན་ཁང་བཙུགས་ཏེ། བྱིས་ནད་ཚན་ཁག་གི་རྒྱུན་མཐོང་ནད་དང་ཕོག་སླ་བའི་ནད་ལ་ཀྲུང་ལུགས་བོད་ལུགས་གསོ་སྨན་གྱི་བརྟག་བཅོས་ཞབས་ཕྱི་འདོན་སྤྲོད་བྱ་དགོས། རྫོང་རིམ་པ་དང་དེའི་ཡན་གྱི་མ་བུ་བདེ་སྲུང་ལས་ཁུངས་ཀྱིས་བྱིས་ནད་ཚན་ཁག་གི་ཀྲུང་ལུགས་བོད་ལུགས་གསོ་སྨན་གྱི་ཞབས་ཕྱི་འདོན་སྤྲོད་བྱ་ཐུབ་དགོས། བྱིས་པའི་ཆེད་ཚན་སྨན་ཁང་གིས་ཀྲུང་ལུགས་ཀྱི་བྱིས་ནད་ཚན་ཁག་བཙུགས་ཏེ་བྱིས་ནད་ཚན་ཁག་གི་ཀྲུང་ལུགས་གསོ་སྨན་གྱི་ཞབས་ཕྱི་འདོན་སྤྲོད་བྱ་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ཀྲུང་ལུགས་བོད་ལུགས་གསོ་སྨན་གྱི་ལག་རྩལ་དང་བཅོས་ཐབས་སྤྱད་དེ་བྱིས་པའི་གཞི་རྩའི་སྨན་བཅོས་དང་སྔོན་འགོག་བདེ་སྲུང་ཤུགས་ཡོད་རྒུས་ཁྱབ་གདལ་དུ་གཏང་དགོས། ཚད་ལྡན་དུ་གསོ་སྦྱོང་བྱས་ཟིན་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང། ཀྲུང་ལུགས་དང་ནུབ་ལུགས་གསོ་རིག་ཟུང་དུ་སྦྲེལ་བའི་ཆེད་ལས་སྨན་པས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གིས་བྱིས་ནད་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་བྱ་བ་གཉེར་བར་སྐུལ་བསྟོད་དང་འགུག་འདྲེན་བྱ་དགོས།

(འགན་འཁུར་སྡེ་ཚན་ནི། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་ཡིན།)15.སྨན་པ་དང་ནད་པའི་བར་དུ་འཆམ་མཐུན་གྱི་འབྲེལ་བ་གཟུགས་དགོས། རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ དང་སྒོས་སུ་ཕྱོགས་བསྡུས་སྨན་ཁང་དང་བྱིས་པའི་སྨན་ཁང་གིས་བྱིས་པ་དང་དེའི་ཁྱིམ་མིའི་སེམས་ཁམས་ཀྱི་ཁྱད་ཆོས་གཞིར་བཟུང་

སྟེ། སྤྱི་ཚོགས་ལས་དོན་དང་དང་བླངས་པའི་ཞབས་ཕྱི་བསྒྲུབས་ཏེ་སྨན་པ་དང་ནད་པའི་བར་དུ་འབྲེལ་འདྲིས་བྱེད་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་བ་དང། ཐེར་འདོན་གོང་ཞུའི་ཐབས་ལམ་ཐོགས་མེད་དུ་བཟོས་ཏེ་ཞུ་སྦྱོར་བྱས་ཚེ་ངེས་པར་དུ་བདག་གཉེར་བྱེད་ཅིང། ཞུ་སྦྱོར་བྱས་ཚེ་ངེས་པར་དུ་ལན་བཏབ་ནས་སྨན་པ་དང་ནད་པའི་བར་གྱི་འབྲེལ་འདྲིས་ཀྱི་ཕན་ནུས་ཇེ་ཆེར་བཏང་སྟེ་སྨན་བཅོས་ཀྱི་རྩོད་གླེང་དག་བྱུང་མ་བྱུང་གི་སྐབས་སུ་ཐག་གཅད་དགོས། “བདེ་འཇགས་སྨན་ཁང”འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང། “སྡུམ་པ་གསུམ་དང་འགན་བཅོལ་གཅིག”གི་ལམ་ལུགས་ཤུགས་ཆེན་པོས་ཁྱབ་སྤེལ་བཏང་ཐོག། གཏུམ་སྤྱོད་ཀྱིས་སྨན་པར་རྨས་སྐྱོན་བཟོ་བ་དང་སྨན་པར་འཁྲུག་རྩོད་བྱེད་པའི་སྨན་བཅོས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་དྲག་པོ་བཏང་ནས་བྱིས་ནད་ཚན་ཁག་གི་བྱེད་སྒོ་གཉེར་བའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། བྱིས་ནད་སྔོན་འགོག་གི་གསོ་རིག་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ་མང་ཚོགས་ལ་ལུགས་མཐུན་སྒོས་སྨན་པ་བསྟེན་པའི་དམིགས་པ་ཆགས་པར་ཁྲིད་སྟོན་བྱ་དགོས། (འགན་འཁུར་སྡེ་ཚན་ནི། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་ཡིན།)

བཞི། འགན་སྲུང་བྱ་ཐབས།

(གཅིག) རྩ་འཛུགས་དང་མགོ་ཁྲིད་ཐད་ལ་ཤུགས་བསྣན་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ མཐོང་ཆེན་ཚད་མཐོན་པོ་བྱས་ནས། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་བྱ་བར་ཤུགས་བསྣན་རྒྱུ་དེ་སྐྱོན་བྲལ་གྱི་མཚོ་སྔོན་འཛུགས་སྐྲུན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པའི་སྤྱིའི་བཀོད་སྒྲིག་ནང་དུ་བཀོད་དེ། སྒྲིག་འཛུགས་དང་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིམ་པ་ལྟར་འགན་འཁྲི་ནན་སྐུལ་བྱས་ཐོག མཐུན་སྦྱོར་ངང་གཞོགས་འདེགས་བྱེད་པར་ཤུགས་སྣོན་པ་དང་ཇུས་གཞི་ཞིབ་ཕྲ་བཟོ་བ། ཆ་འགྲིག་པའི་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་བྱ་བར་ནུས་ཡོད་ཀྱིས་སྐུལ་འདེད་གཏང་དགོས།
(གཉིས) སྲིད་ཇུས་ཐད་ནས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་སྡེ་ཁག་གིས་བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ཀྱི་ས་ཁོངས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང། ཞིང་ཆེན་དང་གྲོང་ཁྱེར(ཁུལ)།རྫོང(གྲོང་ཁྱེར་རམ་ཆུས་སམ་སྲིད་འཛིན་ཨུ་ཡོན་ལྷན་ཁང)བཅས་རིམ་པ་གསུམ་གྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་དྲ་རྒྱ་བརྟན་པོར་བཟོ་བ་དང། བྱིས་ནད་ཚན་ཁག་གི་སྨན་པ་ཚད་ལྡན་ཅན་དུ་གསོ་སྦྱོང་དང་ལས་གནས་བརྗེས་ནས་གསོ་སྦྱོང་བྱེད་ཅིང། བྱིས་པའི་ནད་འགོག་བདེ་སྲུང་དང་དོས་དྲག་ནད་དང་ཉེན་ཆེའི་ནད་ཚབས་ཆེན་སྐྱོབ་བཅོས་ནུས་པ་འཛུགས་སྐྱོང་ཐད་ལ་ཤུགས་བསྣན་དགོས་ཤིང། བྱིས་པའི་སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་བཏང་ཐོག། ཀྲུང་ལུགས་གསོ་སྨན་གྱི་བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཕྱི་ཁྱབ་སྤེལ་གཏོང་བ་དང། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས་སྨན་པ་དང་ནད་པའི་བར་དུ་འཆམ་མཐུན་གྱི་འབྲེལ་བ་གཟུགས་དགོས། གོང་སྤེལ་བཅོས་སྒྱུར་སྡེ་ཁག་གིས་བྱིས་པའི་སྨན་བཅོས་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ཐད་ལ་ཤུགས་སྣོན་པ་དང། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱི་ལེགས་བཅོས་དང་འཕེལ་རྒྱས་གཏང་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་བའི་སྤྱིའི་འཆར་གཞིའི་ནང་བཀོད་ནས། གཙོ་བོ་བྱིས་པའི་སྨན་ཁང་དང་མ་བུ་བདེ་སྲུང་ལས་ཁུངས་འཛུགས་སྐྲུན་ཐད་ལ་ཤུགས་སྣོན་པ་དང། བྱིས་པའི་ཞབས་ཕྱིའི་ཁྱད་ཆོས་ལ་གཞིགས་ནས་བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཕྱིའི་རིན་གོང་ལུགས་མཐུན་གྱིས་ལེགས་སྒྲིག་བྱ་དགོས། མཚོ་སྔོན་ལ་རོགས་སྐྱོར་བྱ་བ་དང་སྦྲེལ་ཏེ་རོགས་སྐྲུན་ལས་གཞི་དོན་འཁྱོལ་བྱས་ནས་བྱིས་པའི་སྨན་བཅོས་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། སློབ་གསོ་སྡེ་ཁག་གིས་བྱིས་ནད་རིག་པའི་ཆེད་ལས་གསོ་རིག་སློབ་མ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སློབ་གྲྭས་འཕྲོད་བསྟེན་ཁང(བདེ་སྲུང་ཁང)འཛུགས་པའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ལེགས་པོ་བྱ་དགོས། ནོར་སྲིད་སྡེ་ཁག་གིས་ནོར་སྲིད་མ་དངུལ་གཏོང་འཇོག་གི་འབྲེལ་ཡོད་སྲིད་ཇུས་ངེས་པ་དོན་གྱིས་དོན་འཁྱོལ་བྱས་ཏེ། གཙོ་བོ་བྱིས་པའི་སྨན་ཁང་དང་བྱིས་ནད་ཚན་ཁག། བྱིས་པའི་བདེ་སྲུང། བྱིས་པའི་ཁམས་གསོའི་བྱ་བ་བཅས་ལ་ཕྱོགས་དགོས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འགན་སྲུང་ཆུ་ཚད་རིམ་གྱིས་ཇེ་མཐོར་གཏང་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་གཞུང་གཉེར་སྨན་ཁང་དང་མ་བུ་བདེ་སྲུང་ལས་ཁུངས་ཀྱི་གླ་ཕོགས་ལམ་ལུགས་འཐུས་ཚང་དུ་སྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་ནས། བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་མི་སྣའི་བརྩོན་སེམས་སྐུལ་སློང་བྱ་དགོས།དམངས་སྲིད་སྡེ་ཁག་གིས་ཁྱིམ་ཚང་དབུལ་བོའི་བྱིས་པར་སྨན་བཅོས་རོགས་སྐྱོབ་བྱ་བའི་ཐད་ལ་ཤུགས་བསྣན་དགོས།

(གསུམ) དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏང་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱི་དྲིལ་སྒྲོག་བྱ་བར་ཤུགས་སྣོན་པ་དང་སྲིད་ཇུས་དྲིལ་སྒྲོག་དང་འགྲེལ་བཤད་བྱ་བ་རྒྱ་ཁྱབ་ཏུ་སྤེལ་ནས། སྤྱི་ཚོགས་ཀྱི་གླེང་ཕྱོགས་དང་མང་ཚོགས་ཀྱི་དམིགས་བྱ་ལུགས་མཐུན་དང་དྲང་ཕྱོགས་ནས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་བྱ་བར་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་བཟང་པོ་ཆགས་སུ་འཇུག་དགོས།(བཞི) དཔྱད་ཞིབ་དང་ལྟ་སྐུལ་ཞིབ་བཤེར་བྱ་དགོས། ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་གི་ལམ་ལུགས་དང་རྐྱེན་སྲོལ་འཛུགས་པ་དང་དམིགས་ཚད་མ་ལག་དང་བྱེད་ཐབས་གཏན་ཁེལ་བྱས་ཏེ། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཕྱིའི་བྱ་བ་བསྒྲུབས་པའི་འཕེལ་རིམ་དང་ཕན་འབྲས་ལ་དུས་བཅད་ལྟར་བཀོད་གཏོང་དང་དཔྱད་དཔོག་བྱ་དགོས་ཤིང། གནད་དོན་དང་དཀའ་ངལ་དུས་ཐོག་ཏུ་ཤེས་དགོས་པ་མ་ཟད་ཐག་གཅད་དགོས། གཙོ་གནད་ཀྱི་བྱ་བར་རྗེས་སྙེག་པ་དང་དུས་བཅད་ལྟར་ལྟ་སྐུལ་ཁྲིད་སྟོན་ལམ་ལུགས་བཙུགས་ཏེ། ལས་འགན་གཙོ་བོ་ཞིབ་ཕྲར་བཟོ་བ་དང་ལོ་འཁོར་གྱི་དམིགས་འབེན་བཟོས་ཐོག། སྲིད་ཇུས་ཐད་ནས་ཁྲིད་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། ཉམས་མྱོང་དུས་ཐོག་ཏུ་ཕྱོགས་བསྡོམས་བྱ་དགོས་པ་མ་ཟད། བྱ་བའི་འཕེལ་རིམ་དུས་བཅད་ལྟར་བརྡ་ཁྱབ་གཏང་དགོས།

ལག་བསྟར་ཇུས་གཞི་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་སྟེ་ལག་ལེན་དུ་བསྟར་དགོས།