མཚོ་ཤར་གྲོང་ཁྱེར་གྱིས་གློག་རྡུལ་ཚོང་དོན་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་བྱ་བར་རོགས་འདེགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ལོ་འདི་དག་གི་རིང་ལ་མཚོ་ཤར་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐུལ་འདེད་ཆེས་ཆེར་གཏོང་བཞིན་པའི“ཆ་འཕྲིན་དྲ་རྒྱ+”གི་འགུལ་སྐྱོད་གོ་སྐབས་དམ་འཛིན་བྱས་ཏེ། གློག་རྡུལ་ཚོང་དོན་གཞིར་བཟུང་ནས་གསབ་སྦྱོང་དང་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན། བེད་སྤྱོད་བཅས་ཀྱིས་གློག་རྡུལ་ཚོང་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས། ད་ལྟའི་བར་དུ་མཚོ་ཤར་གྲོང་ཁྱེར་གྱིས་གློག་རྡུལ་ཚོང་དོན་གྱི་ཉོ་འཚོང་བརྗེ་རེས་དངུལ་གྲངས་སྒོར་ཁྲི18047.39ཡིས་དབུལ་ཐར་མཁྲེགས་གཏོར་བྱ་བར་རོགས་འདེགས་བྱས་ཡོད།

མཚོ་ཤར་གྲོང་ཁྱེར་གྱིས་ཁྱོན་བསྡོམས་ཆེད་དོན་མ་དངུལ་སྒོར་ཁྲི8500ལག་བསྟར་དངོས་འབེབས་བྱས་ཏེ་དཔེར་སྟོན་སྣེ་ཁྲིད་བྱེད་ནུས་དང་ཆེད་དོན་མ་དངུལ་གྱི་གནས་བབ་ལེགས་པོ་འདོན་སྤེལ་བྱས་ཡོད། སྔ་གཞུག་ཏུ་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་དང་གྲོ་ཚང་ས་ཁུལ་སོགས་རྫོང་དང་ས་ཁུལ་དག་རྒྱལ་ཁབ་རིམ་པའི་གློག་རྡུལ་ཚོང་དོན་ཞིང་སྡེ་ལ་འཛུལ་བའི་སྣ་འཛོམས་དཔེར་སྟོན་རྫོང་དང་ཚོང་གཉེར་ཁོར་ཡུག་ལེགས་སྐྲུན་བྱེད་པའི་གྲས་སུ་བདམས་ཡོད། ད་ལྟའི་ཆར་གྲོང་ཁྱེར་ཡོངས་སུ་གློག་རྡུལ་ཚོང་དོན་ཁེ་ལས་མི་འདྲ་བ14གསོ་སྐྱོང་བྱས་ཏེ་རྫོང་རིམ་པའི་གློག་རྡུལ་ཞབས་ཞུའི་ལྟེ་གནས6དང་གློག་རྡུལ་ཞབས་ཞུའི་ས་ཚིགས91 གཞིས་ཁུལ་གྱི་གློག་རྡུལ་ཞབས་ཞུའི་ས་ཚིགས12 སྡེ་བ་རིམ་པའི་གློག་རྡུལ་ཞབས་ཞུའི་ས་ཚིགས966བཅས་ཀྱིས་རྫོང་དང་ཤང་། སྡེ་བའི་གློག་རྡུལ་ཚོང་དོན་བཅས་རིམ་པ་མི་འདྲ་བ་གསུམ་གྱི་དྲ་རྒྱ་གྲུབ་འདུག

དེ་དང་ཆབས་ཅིག་ཁྱད་ལྡན་ཚོང་གྲགས་ཀྱི་ཞིང་ལས་ཐོན་རྫས་ལ་ཤུགས་བསྣན་ཏེ་གློག་རྡུལ་ཚོང་དོན་ཁེ་ལས་དང་རྒྱལ་ནང་གི་མཚན་སྙན་ཆེ་བའི་གློག་རྡུལ་ཚོང་དོན་སྟེགས་བུར་མཉམ་འབྲེལ་གྱིས་གློག་རྡུལ་ཚོང་དོན་ཁེ་ལས10ཡི་ཁྱད་ལྡན་ཞིང་ལས་ཐོན་རྫས30ལྷག་ཐའོ་པའོ་ཡི་གཞི་རིམ་གྱི་ཟས་མཆོག་དང་སྡེ་གྲོང་གི་སྤྲོ་སྣང་། ཞིང་ས་མུའུ་གཅིག ཉིན་རེའི་བྲོ་བ་གསར་བ། ཡིད་རྟོན་གྱི་འགོ་ཁུངས་སོགས་གློག་རྡུལ་ཚོང་དོན་སྟེགས་བུའི་སྟེང་དུ་ཕྱིར་འཚོང་བྱེད་བཞིན་ཡོད། ཝུའུ་དབྱེ་གྲོང་ཁྱེར་དུ་མཚོ་ཤར་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ལྟེ་གནས་གསར་འཛུགས་བྱས་ཤིང་། མཚོ་ཤར་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་དྲིལ་སྒྲོག་སྐུལ་འདེད་དང་ཕྱིར་འཚོང་ཚད་གཞི་ཆེས་ཆེར་བཏང་ནས། མཚོ་ཤར་ཐོན་རྫས་ཀྱི་མཚན་སྙན་དེའི་ཚད་གཞི་མཐོར་འདེགས་སུ་བཏང་ཡོད།

ད་ལྟའི་བར་མཚོ་ཤར་གྲོང་ཁྱེར་དུ་ཞིང་ལས་ཁྱད་ལྡན་ཐོན་རྫས་རིགས་མི་འདྲ་བ31ཝུའུ་དབྱེ་གྲོང་ཁྱེར་གྱི་དྲ་རྒྱའི་སྟེང་ཕྱིར་འཚོང་བྱེད་བཞིན་ཡོད་ལ། ཁྱོན་བསྡོམས་དངོས་པོ་མི་འདྲ་བ་ཁྲི1.2ཕྱིར་འཚོང་བྱས་ཤིང་། ཕྱིར་འཚོང་མ་དངུལ་གྱི་ཁ་གྲངས་སྒོར་ཁྲི189.34ལ་སླེབས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།