མཚོ་སྔོན་ཞིང་ཆེན་གྱིས་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་མི་གྲངས་རྩིས་གཤེར་ཆེད་དོན་ཚོད་ལྟ་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་མི་གྲངས་རྩིས་བཤེར་རྩད་གཅོད་ཐེངས་བདུན་པའི་ཆེད་དོན་ཚོད་ལྟ་དེ་དམར་གཙང་ས་ཁུལ་དུ་སྤེལ་འགོ་ཚུགས། འདི་ནི2020ལོའི་བར་རྒྱལ་ཡོངས་ཀྱི་མི་གྲངས་རྩིས་བཤེར་ཐེངས་བདུན་པའི་ཐད་ལ་ཕུལ་བའི་འཆར་འགོད་དང་ཇུས་འདོན་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད།

མི་གྲངས་ཡོངས་ཁྱབ་རྩིས་བཤེར་གནས་ཚུལ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྦྲེལ་ཡོད་ལ། མི་རེ་རེའི་རང་སྟེང་གི་ཁེ་ཕན་ལ་ཡང་འབྲེལ་བ་དམ་པོ་ཡོད། རང་ཞིང་གི་ཐེངས་འདིའི་མི་གྲངས་རྩིས་བཤེར་ཆེད་དོན་ཚོད་ལྟ་དངོས་སུ་འགོ་ཚུགས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་མི་གྲངས་རྩིས་བཤེར་བྱེད་ཐབས་དང་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་མི་གྲངས་རྩིས་བཤེར་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་རྩ་འཛུགས་ཞིབ་ཚགས་སྒོས་ལས་ཁུངས་ཀྱི་འགན་ནུས་ཐད་ལ་གཞི་འཛིན་ས་མཁོ་སྤྲོད་བྱས་ཡོད། སྡོད་དམངས་ཀྱི་ཐོབ་ཐང་དཔང་ཡིག་དེའི་དཔང་རྟགས་དེས་མཚོན་པའི་སྲིད་འཛིན་ཐོ་འགོད་དེ་མི་གྲངས་རྩིས་བཤེར་གྱི་གཞི་གྲངས་ཁྲོད་གཅིག་བསྡུས་སྒོས་བེད་སྤྱོད་བྱས་ཤིང་། འགོ་ཁུངས་རང་བཞིན་གྱི་གཞི་གྲངས་འཚོལ་བསྡུ་བྱེད་པའི་སྤུས་ཚད་མཐོར་འདེགས་དང་ཡུལ་དངོས་རྩ་འཛུགས་ལག་བསྟར་དངོས་ཡོད། རྩིས་བཤེར་ཐོ་འགོད་ཉམས་མྱོང་སོགས་འཐོབ་པར་བྱས་འདུག

དམར་གཙང་ས་ཁུལ་ནི་རང་ཞིང་གི་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་མི་གྲངས་རྩིས་བཤེར་ཆེད་དོན་ཚོད་ལྟ་ལག་བསྟར་བྱེད་སའི་ས་ཁུལ་དང་རྫོང་ཉག་གཅིག་ཡིན་ལ། ཚོད་ལྟའི་གནས་ཀྱི་ཁྱབ་ཁོངས་སུ་དམར་གཙང་ས་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཚོགས་དང་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་རྩད་གཅོད་མི་གྲངས་ཀྱི་གཞི་ཁྱོན་ལ་ཕལ་ཆེར་མི་གྲངས3000ཡོད། ཚོད་ལྟའི་གནས་ཀྱི་ཐོ་འགོད་ཚད་གཞིའི་དུས་ཚོད་ནི2019ལོའི་ཟླ6ཚེས1གི་དུས་ཚོད0ནས་འགོ་བརྩམས་ཤིང་། བརྟག་དཔྱད་ཁ་གཏད་ཡུལ་ནི་ཚོད་ལྟའི་ས་ཁུལ་དེའི་མི་གྲངས་ཡོད་ཚད་ཡིན། དེའི་ཁོངས་སུ2019ལོའི་ཟླ5པའི་ཚེས31ཉིན་གྱི་དགོང་མོ་ཁྱིམ་ཐོའི་སྟེང་འཁོད་པའི་མི་དང་ཁྱིམ་ཐོའི་མི་དེ2019ལོའི་ཟླ5པའི་ཚེས31ཉིན་གྱི་དགོང་མོ་ཁྱིམ་ཐོ་གང་དེའི་ངོས་སུ་འཁོད་ཡོད་པ་ཡིན་ན་འདུ་བ་རེད། རྩད་གཅོད་བྱེད་པའི་ནང་དོན་ཐད་མིང་དང་ཐོབ་ཐང་ལག་འཁྱེར། ཕོ་མོ། ལོ་ཚད། མི་གྲངས། སློབ་གསོ་མྱངས་པའི་ཚད་གཞི་སོགས་ཀྱི་གནས་ཚུལ་འདུས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།