ཞིང་ཆེན་དམངས་སྲིད་ཐིང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་བ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་དམངས་སྲིད་ཐིང་གིས“ཐོག་མའི་བསམ་འདུན་མི་བརྗེད།འགན་འཁྲི་ཡིད་ལ་དམ་འཛིན”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་བའི་ཚོགས་འདུ་འཚོགས་ཏེ། ཞིང་ཆེན་ཏང་ཨུས“ཐོག་མའི་བསམ་འདུན་མི་བརྗེད།འགན་འཁྲི་ཡིད་ལ་དམ་འཛིན”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་བའི་སྐོར་གྱི་ཇུས་གཞི་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱ་བར་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ། དེ་ཆབ་སྲིད་ཀྱི་ཁྲིད་སྟོན་དུ་བྱེད་པ་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གཙོ་གནད་ཡིན་པའི་ཆ་ནས་བཤད་ན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གཞིར་བཟུང་སྟེ་གཏན་འབེབས་ཀྱི་བྱ་སྤྱོད་ནན་པོ་སྤེལ་བ་དང་། དམངས་སྲིད་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། རང་འདེམས་བྱ་སྤྱོད་གསར་གཏོད་བྱེད་པ། “གཅིག་ལྔའི”བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། དམངས་སྲིད་ཁོངས་གཏོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྱད་ཆོས་གཏོད་པ། བརྗོད་བྱ་གཙོ་བོའི་སློབ་གསོ་དང་ལོ་འཁོར་གྱི་གཙོ་གནད་བྱ་བ་ཁག་གཅིག་གྱུར་བཀོད་སྒྲིག་བྱས་ནས་འགུལ་ཚད་གཅིག་མཚུངས་དང་མཉམ་དུ་སྐུལ་འདེད་གཏང་དགོས་པ་བསྟན།

ཚོགས་འདུའི་ཐོག་ཐེངས་འདིའི་བརྗོད་བྱ་གཙོ་བོའི་སློབ་གསོས་ངེས་པར་དུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ། གཞི་འཛུགས་ས་མཐོ་བའི་ཇུས་འགོད་དང་ཚད་གཞི་མཐོ་བའི་སྐུལ་འདེད་གཏང་རྒྱུར་མཐའ་འཁྱོངས་ཀྱིས་བརྗོད་བྱ་གཙོ་བོའི་སློབ་གསོའི་ལས་འགན་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བྱ་བའི་འགན་འཁྲི་ནན་དུ་བཏང་ནས་བརྗོད་བྱ་གཙོ་བོའི་སློབ་གསོའི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱ་དགོས། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལག་བསྟར་སྒྲིག་འཛུགས་གནད་འཁེལ་བྱས་ཏེ། བརྗོད་བྱ་གཙོ་བོའི་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏང་དགོས། དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་པ་བཟང་པོ་ཞིག་བཏོད་དེ་གོང་འོག་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པར་བྱ་དགོས། སྒྲིག་ཁྲིམས་ཀྱི་བླང་བྱར་ཤུགས་སྣོན་པ་དང་། བྱ་བའི་སྤྱོད་ཚུལ་ལེགས་སུ་གཏང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱེད་པ། བརྗོད་བྱ་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་པ། དུས་རབས་གསར་པའི་མཚོ་སྔོན་དམངས་སྲིད་བྱ་གཞག་བཅོས་སྒྱུར་གསར་གཏོད་འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱ་དགོས་པའི་བླང་བྱ་བཏོན།

བྱེད་སྒོའི་ཁྲོད་ཞིང་ཆེན་དམངས་སྲིད་ཐིང་གིས་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་བའི་དུས་འགོའི་གྲ་སྒྲིག་དང་སྐུལ་སློང་བཀོད་སྒྲིག་བྱ་བར་ཁས་ལེན་གང་ལེགས་བྱས་པ་མ་ཟད། ད་དུང་བརྗོད་བྱ་གཙོ་བོའི་སློབ་གསོའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱ་རྒྱུའི་ཐད་རྩ་བའི་ལས་འགན་ལ་དམིགས་པ་དང་། “ཡིག་འབྲུ་བཅུ་གཉིས”ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པ། “སྐད་ཆ་ཚིག་ལྔའི”དམིགས་ཚད་ཁོང་དུ་ཆུད་པ། “བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཞི”ལག་བསྟར་དང་། “བྱ་ཐབས་གལ་ཆེན་དྲུག”དོན་འཁྱོལ་བྱེད་པ། ཕྱི་ཚུལ་རིང་ལུགས་ཀྱིས་བརྗོད་བྱ་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏང་བ་བཅས་ཀྱི་བླང་བྱ་ཞིབ་ཕྲ་བཏོན་ཡོད།

ལོ་ཙཱ་བ། གཡང་སྐྱིད།