མཚོ་སྔོན་འཛམ་གླིང་ལ་འོས་སྦྱོར་བྱེད་པའི་གྲ་སྒྲིག་འབྲེལ་མཐུད་བྱ་བའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན་གྱི་སྔ་དྲོ། ཕྱི་འབྲེལ་པུ་བརྒྱུད་དེ་མཚོ་སྔོན་འཛམ་གླིང་ཡོངས་ལ་འོས་སྦྱོར་ངོ་སྤྲོད་བྱེད་བའི་གྲ་སྒྲིག་སྦྲེལ་མཐུད་བྱ་བའི་ཚོགས་འདུ་ཐེངས་དང་པོ་ཟི་ལིང་དུ་འཚོགས་པ་རེད། གྲ་སྒྲིག་བྱ་བའི་བྱ་བའི་ཚོགས་ཆུང་ཁག་གིསPPTདངོས་ལྗོངས་འགྲེམ་སྟོན་ཐོག་མཚོ་སྔོན་གྱི་ལོ་ཕྱེད་རིང་གི་གནས་ཚུལ་སྙན་སེང་ཞུས་ཤིང་། ཕྱི་འབྲེལ་པུའི་ཕྱི་ཕྱོགས་དོ་དམ་སིའི་བྱ་བའི་ཚན་ཆུང་གིས་ཡུལ་དངོས་སུ་དཔྱད་གླེང་བྱས་པ་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་གྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་ཡག་པོ་བྱས་པ་རེད། ཧྲིན་ཀྲང་གཞོན་པ་ཀྲང་ལི་མེན་ཚོགས་འདུར་ཕེབས་ནས་གཏམ་བཤད་གནང་བ་རེད།

ཚོགས་འདུའི་ཐོག་མཚོ་སྔོན་འཛམ་གླིང་ལ་འོས་སྦྱོར་བྱེད་པ་ནི་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་གཞོགས་འདེགས་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་ལ་ཁ་ཕྱོགས་ནས་མཚོ་སྔོན་དྲིལ་སྒྲོག་བྱེད་པའི་ཐོབ་དཀའ་བའི་གོ་སྐབས་ཤིག་ཀྱང་ཡིན། ཐེངས་འདིའི་ཕྱི་འབྲེལ་པུའི་ཕྱི་ཕྱོགས་དོ་དམ་སི་ཡིས་ངོ་ཐུག་གདོང་འཕྲད་ངང་མཚོ་སྔོན་གྱི་གྲ་སྒྲིག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ།མཚོ་སྔོན་ཞིང་ཆེན་གྱི་འོས་སྦྱོར་བྱེད་སྒོའི་ཕན་འབྲས་འགན་ལེན་བྱ་ཆེད་རྩ་ཆེའི་བསམ་འཆར་དང་གྲོས་གཞི་བཏོན་ནས། བྱ་བའི་ཚོགས་ཆུང་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་ཡོང་བ་བྱས་ཏེ།ཐེངས་འདིའི་བྱེད་སྒོ་དེ“མཚོ་སྔོན་གྱི་མཛེས་སྡུག་ངོ་སྤྲོད་དང་། འཕེལ་རྒྱས་ཀྱི་གཏམ་རྒྱུད་གླེང་བ། ཞི་མཐུན་གྱི་ཉམས་འགྱུར་མངོན་པ། འཛམ་གླིང་དང་མཉམ་འདྲེས་ཐུབ་པ”བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་བརྩིས་ནས།ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་འགན་འཁྲི་དོན་འཁྱོལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། ཐེངས་འདིའི་ཚོགས་འདུའི་དགོངས་དོན་གང་མགྱོགས་ལག་བསྟར་དང་ཞིབ་ཚགས་ངང་དོན་འཁྱོལ་ཐུབ་པ་བྱ་དགོས་པ་བསྟན།

ཚོགས་འདུའི་ཐོག་བྱ་བའི་ཚན་ཆུང་ཁག་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ། ཚད་གཞི་དེ་བས་མཐོ་བ་འཛུགས་པ་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་ཟབ་དང་བྱས་རྗེས་འཇོག་ཤུགས་ཆེ་རུ་གཏང་བ། ཚད་གཞི་སྔོན་ཐོན། བརྗོད་བྱ་གཙོ་བོར་དམིགས་པ། ནང་དོན་སྔོག་འདོན་གཏིང་ཟབ་བཅས་ཀྱི་སྒོ་ནས། ལྡོག་རྩིས་དུས་ཚོད་ཀྱི་རྣམ་པའི་ཐོག་ནས་གཟའ་འཁོར་གྱི་འཆར་ཅན་ཚོགས་འདུ་དང་ཉིན་བཅུའི་ལྟ་སྐུལ་མཛུབ་ཁྲིད་བྱ་བའི་ལམ་ལུགས་ལག་བསྟར་བྱ་དགོས་ཤིང་། མཐུན་སྦྱོར་ལ་ཤུགས་སྣོན་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། རི་མོའི་སྟེང་ནས་དྲིལ་སྒྲོག་བྱེད་པ། སྐུལ་འདེད་གཏང་བ་བཅས་ཀྱི་སྒོས། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བརྒྱུད་ཏང་གི་འགོ་ཁྲིད་འོག་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ70ཡི་གྲུབ་འབྲས་ཆེན་པོ་ཕྱོགས་ཡོངས་ནས་མངོན་པར་བྱེད་པ་དང་། མཚོ་སྔོན་མི་དམངས་ཀྱིས“འདུ་ཤེས་བཞི”སྲ་བརྟན་དང་། “གདེང་ཚོད་བཞི”ཟབ་ཏུ་གཏང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་འགན་འཁྲི་འཁུར་སེམས་མཚོན་པ་བྱ་དགོས་པ་བསྟན།

ལོ་ཙཱ་བ། གཡང་སྐྱིད།