ལིག་ཉིང་གིས་ཀྲུང་དབྱང་གི་ཁོར་སྲུང་ལྟ་ཞིབ་གནད་དོན་ལེགས་བཅོས་བྱ་བའི་སྐུལ་སྤེལ་ཚོགས་འདུའི་སྟེང་བྱེད་ཐབས་ནུས་ལྡན་དང་སྤུས་ཚད་མཐོན་པོས་ཁོར་སྲུང་ལྟ་ཞིབ་གནད་དོན་ལེགས་བཅོས་ཀྱི་ལས་འགན་ཆེན་པོ་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ6པའི་ཚེས17ཉིན།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཀྲུང་དབྱང་གི་ཁོར་སྲུང་ལྟ་ཞིབ་གནད་དོན་ལེགས་བཅོས་བྱ་བའི་སྐུལ་སྤེལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དམིགས་བསལ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལངས་གནས་མཐོར་འདེགས་སུ་གཏོང་བ། འགན་ཁུར་གསལ་པོར་བགོ་བ། གནད་འགག་ལ་དམིགས་པ། གཅིག་བསྡུས་མཁྲེགས་གཏོར་བཅས་བྱས་ནས། བྱེད་ཐབས་ནུས་ལྡན་དང་སྤུས་ཚད་མཐོན་པོས་ཁོར་སྲུང་ལྟ་ཞིབ་ལེགས་བཅོས་ཀྱི་ལས་འགན་ཆེན་པོ་ཡོངས་འགྲུབ་བྱས་ཏེ། གྲུབ་འབྲས་གསར་པ་དང་སྣང་བརྙན་གསར་པས་སྐོར་ཐེངས་གསར་པའི་ཀྲུང་དབྱང་གི་ཁོར་སྲུང་ལྟ་ཞིབ་དང་ལེན་བྱེད་དགོས་ཟེར། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་འགོ་འཛིན་བྱས།

རང་ཞིང་གིས་སྐོར་ཐེངས་དང་པོའི་ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱི་གནད་དོན་ལེགས་བཅོས་འཕེལ་རིམ་དང་སྐྱེ་ཁམས་ཁོར་ཡུག་པུའུ་ནུབ་བྱང་ལྟ་ཞིབ་ཅུའུ་ཡི་འཐེན་བཤེར་རྟོག་དཔྱོད་ཀྱི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས། ལིག་ཉིང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ནི་མཚོ་སྔོན་གྱི་ཆེས་ཆེ་བའི་ལས་འགན་ཡིན་ལ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་དང་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྔོན་འགྲོ་དང་རྨང་གཞི་ཡང་ཡིན་པས། ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་སུ་བཏང་ནས། གནད་དོན་ལེགས་བཅོས་དེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། འཕེལ་རྒྱས་ལ་འགན་ཁུར་བ་དང་ལས་བྱེད་པར་འགན་ཁུར་བའི་རྣམ་འགྱུར་དང་། སྡུག་མི་རུང་བ་དང་དལ་མི་ཉན་པའི་དགོས་གཏུག་གི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཀྱིས་གནད་དོན་གྱི་གསལ་ཁྲ་ལ་དམ་དུ་དམིགས་ནས་ལེགས་བཅོས་ནུས་ལྡན་བྱེད་དགོས། བྱ་བའི་བྱེད་ཐབས་ལ་ཤུགས་བསྣན་ཏེ། ཁོར་སྲུང་གནད་དོན་གྱི་ལེགས་བཅོས་དེ་དེང་སྐབས་སྤེལ་བཞིན་པའི“ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་སློབ་གསོ་དང་། ནག་འཇོམས་ངན་སེལ་གྱི་ལྟ་སྐུལ་མཛུབ་སྟོན། དབུལ་སྐྱོར་སྐོར་ཞིབ་ལེགས་བཅོས་བཅས་དང་དམ་དུ་སྦྲེལ་ནས། གནད་འགག་གི་གནད་དོན་ལ་གནད་འཕིགས་ཀྱིས་དམ་དུ་དམིགས་པ་དང་། གནད་དོན་གསལ་ཁྲ་ཞིབ་ཚགས་འཐུས་ཚང་དུ་གཏོང་བ། ལེགས་བཅོས་ཀྱི་ལས་འགན་གསལ་པོར་བགོ་བ། ལེགས་བཅོས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། གནད་དོན་ལེགས་བཅོས་ནན་འཛིན་བཟང་འཛིན་བཅས་བྱེད་དགོས་ཟེར།

ཐེན་ཅིན་ཁྲིན་གྱིས་ས་ཁུལ་སོ་སོའི་སྡེ་ཁག་སོ་སོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ནས། གནད་དོན་ལ་དམིགས་པ་དང་གནད་འགག་འཛིན་པ། དུས་རིམ་ལེགས་སྒྱུར། གཙོ་གནད་བརྒལ་གཏོར་བཅས་བྱས་ཏེ། སྐོར་ཐེངས་གསར་པའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་གྱི་ལེགས་བཅོས་བྱ་བ་སྟོབས་ཤུགས་ཡོད་རྒུས་བསྒྲུབ་དགོས་པའི་རེ་བ་བཏོན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།