བོད་ལྗོངས་སློབ་གྲྭ་ཆེན་མོའི་སྐབས་དང་པོའི་“ཀྲུང་གོའི་གྲངས་ཉུང་མི་རིགས་སྒྱུ་རྩལ”ཆེད་ལས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མས་དཔྱད་རྩོམ་རྩོད་རྒྱུགས་བྱས་པ།

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་10ཉིན། བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གིས་སྐབས་དང་པོའི་“ཀྲུང་གོའི་གྲངས་ཉུང་མི་རིགས་སྒྱུ་རྩལ་”གྱི་འབུམ་རམས་ཞིབ་འཇུག་སློབ་མ་གཡང་བསྟན་འཚོ་དང་ཅང་ཉིང་ཆིང་གི་སློབ་གནས་དཔྱད་རྩོམ་གྱི་རྩོད་རྒྱུགས་ལེགས་གྲུབ་བྱུང་བ་དང་། རྩོད་རྒྱུགས་ཨུ་ཡོན་ལྷན་ཁང་ནི་སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཁང.སྐལ་བཟང་ཡེ་ཤེས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བསྟན་འཛིན་བཀྲ་ཤིས། དེ་བཞིན་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཚེ་དབང་བཀྲ་ཤིས། ཞུང་ཡུང་སུའུ་བཅས་རིགས་གཅིག་མཁས་ཅན་ལས་གྲུབ་ཡོད། འབུམ་རམས་ཞིབ་འཇུག་སློབ་མ་གཉིས་ཀྱི་སློབ་དཔོན་དགེ་རྒན་ཆེན་མོ་བ་ངག་དབང་འཇིགས་མེད་དང་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་འབྲེལ་ཡོད་ཆེད་ལས་ནས་ཡོང་བའི་དགེ་སློབ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ཀྱིས་རྩོད་རྒྱུགས་ཀྱི་རྒྱུད་རིམ་ཁག་ཟུར་ཉན་བྱས་ཡོད་པ་རེད།