2019ལོའི་མཚོ་སྔོན་ལྷོ་རྒྱུད་འཆར་འགོད་དང་གཞི་རིམ་ན་གཞོན་ཆེད་དོན་དང་བླངས་པ་བསྡུ་བའི་རྒྱུགས་ལེན་དུས་ཚོད་ལ་འགྱུར་བ་བཏང་པའི་བརྡ་སྦྱོར།

2019ལོར་དང་བླངས་པ་བསྡུ་བའི་རྒྱུགས་ཞུགས་སློབ་མ་དང་གྲོགས་པོ་རྣམ་པ།

        2019ལོའི་རིམ་པ་དང་པོའི་ཀྲུའུ་རིན་ཁའོ་ཡོན་དང་དེའི་མཚུངས་ཀྱི་ལས་གནས་རིམ་པ་མན་གྱི་གཞུང་ཞབས་པའི་རྒྱུགས་ལེན་དུས་ཚོད་དང2019ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་པའི་མཚོ་སྔོན་ལྷོ་རྒྱུད་འཆར་འགོད་དང་། གཞི་རིམ་ན་གཞོན་གྱི་དང་བླངས་ཞབས་ཞུ་བའི་ཆེད་དོན་རྒྱུགས་ལེན་དུས་ཚོད་གཉིས་དུས་གཅིག་ལ་ཁེལ་ཡོད་སྟབས། མཚོ་སྔོན་ལྷོ་རྒྱུད་དང་གཞི་རིམ་ན་གཞོན་གྱི་ཆེད་དོན་དང་བླངས་ཞབས་ཞུ་བ་བསྡུ་བའི་རྒྱུགས་ཞུགས་སློབ་མ་རྣམས་ལ་སྟབས་བདེ་བཟོ་ཆེད། སྔར་གཏན་འཁེལ་བྱས་པའི་དང་བླངས་ཞབས་ཞུའི་རྒྱུགས་ལེན་དུས་ཚོད་ལ་འགྱུར་བ་བཏང་ནས་སྤྱི་ཟླ6པའི་ཚེས22ལ་ལེན་རྒྱུ་བྱས་ཡོད་ལ། རྒྱུགས་ཞུགས་འཁྲོལ་ཡིག་དཔར་བའི་དུས་ཚོད་ཟླ6པའི་ཚེས19ཉིན་གྱི་ཆུ་ཚོད9——ཟླ6ཚེས21ཉིན་གྱི་ཆུ་ཚོད18བར་བཅོས་ཡོད་པས། རྒྱུགས་ཞུགས་པ་རྣམས་ཀྱིས་ཤེས་བར་བྱའོ། །


ཁོན་ཐར་འཚོས་བསྒྱུར།