ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་གྱོད་དཔེ་ཆེན་པོ་བཞི་ཐེར་འདོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6ཚེས12ཉིན། མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཐོག ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀོང་ཞའོ་ཀྲུང་གིས་གསར་འགྱུར་ལས་ཁུངས་ལ་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བྱས་པའི་ཁྲོད་ཀྱི་ལྟ་སྐུལ་ཁྲིམས་བསྟར་གྱི་འགན་འདེད་གནས་ཚུལ་སྐོར་ཡོངས་བསྒྲགས་བྱས།

ངོ་སྤྲོད་ལྟར་ན། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་རིང་ལ། ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་མཆན་བཀོད་གནང་བའི་དགོངས་དོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་རྣམས་ལག་བསྟར་མཐའ་འཁྱོལ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆབ་སྲིད་དང་ཁྱོན་ཡོངས་ཀྱི་ངེས་ཐད་ནས་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་འདི་ལ་ངོས་ཟིན་ཟབ་མོ་བླངས་པ་དང་། འགན་ནུས་འགན་འཁྲི་ཁུར་དུ་བླངས་ཏེ་ནག་འཇོམས་ངན་སེལ་དང་རུལ་རྒོལ་འཐབ་རྩོད། གཞི་རིམ“སྦྲང་ཐ་རྡེབ་གསོད”བར་འབྲེལ་མཚམས་བཙལ་ནས་ཁྲིམས་བསྟར་ནན་འཛིན་བྱས་ཤིང་། “གུ་ཡངས་གཏན་མེད” ཀྱི་སྒོ་ནས་ནག་འབྲེལ་ངན་སྤྱོད་དང་རུལ་སུངས་ལ་ཉེས་ཆད་བཅད་ཅིང་།ནག་ཚོགས་ཀྱི“འགེབ་གདུགས”རྩད་འདོན་བྱས་ནས་ཆབ་སྲིད་ཀྱི་སྐྱེ་ཁམས་ལ་མུ་མཐུད་ནས་གཙང་སེལ་བྱས།
       2019ལོའི་ཟླ6ཚེས10ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་སུ་ནག་འབྲེལ་ངན་སྤྱོད་དང་རུལ་སུངས་ཀྱི“འགེབ་གདུགས”དང་འབྲེལ་བའི་གནད་དོན་ཅན་གྱི་ཁུངས་སྣེ461འབྱོར་བ་དང་། དེ་ལས་གྱོད་དོན219ཐག་བཅད་ཅིང་། གྱོད་གཞི་ངོ་གྲངས117ཐོ་འགོད་བྱས། ཉེས་ཅན138ལ་ཆད་པ་བཅད་པས། རིམ་ཁག་སྒྲིག་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་གསལ་པོ་དང་ཆོད་སེམས་བརྟན་པོ་མངོན་མཚོན་བྱས་ཡོད།

དཔེ་མཚོན་གྱོད་དོན།

གཅིག དམར་གཙང་ཁུལ་གྱི་ཅུས་ག་གེ་མོའི་ཅུས་ཀྲང་ཡན་ག་གེ་མོ་དང་། ཧྥན་ག་གེ་མོ་གཉིས་ཀྱིས་ཡུན་ག་གེ་མོ་གཙོ་བྱས་པའི་ནག་ཚོགས་རང་བཞིན་གྱི་ཚོགས་པ་ལ་འགེབ་སྲུང་རྟེན་མ་བྱས་པའི་གནད་དོན།

2009ལོར་དེ་སྔའི་དམར་གཙང་རྫོང་གི་ཅུས་ག་གེ་མོའི་ཅུས་ཀྲང་ཡན་ཆེ་གེ་མོས་ལས་ཁུངས་ཀྱི་མིང་ཐོག་ནས་ཡུན་ཆེ་གེ་མོའི་མིང་འོག་གི་མཚོ་སྔོན་དངོས་ལས་སྡེ་ཤོག་ཚད་ཡོད་ཀུང་སི་ག་གེ་མོར་ཉེན་རྟོག་པའི་འཁོར་བྱང་བཟོས་པ་མ་ཟད། ཀུང་སི་དེའི་རྔན་པ་བླངས། 2012ལོར་ཉེན་རྟོག་འཁོར་བྱང་བཅོས་སྒྱུར་བྱེད་སྐབས་སུ་དེའི་དུས་དམར་གཙང་ཆུས་ཀྱི་ཅུས་ག་གེ་མོའི་ཅུས་ཀྲང་ཡིན་པའི་ཧྥན་ཆེ་གེ་མོས་ཀུང་སི་དེར་ཉེན་རྟོག་འཁོར་བྱང་གསར་པ་ཞིག་སྤྲད་རྗེས་ཀུང་སི་དེ་ག་ནས་རྒྱུ་ནོར་བླངས། ཡུན་ཆེ་གེ་མོས་ཉེན་རྟོག་འཁོར་བྱང་དེ2014ལོའི་ལོ་མཇུག་བར་ལ་བཀོལ་སྤྱོད་བྱས། ད་སྔ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡན་ཆེ་གེ་མོ་དང་ཧྥན་ཆེ་གེ་མོའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྩད་ཞིབ་བྱེད་བཞིན་ཡོད་པ་མ་ཟད། ཉར་འཇོག་བྱེད་ཐབས་སྤྱད།

གཉིས། མཚོ་ནུབ་ཁུལ་གྱི་ཅུས་ག་གེ་མོའི་བདེ་སྐྱོང་ཡན་ལག་རུ་ཁག་གི་སྲིད་ཨུ་མཱ་ཆེ་གེ་མོ་དང་། ཚྭ་འདམ་ཆེ་བའི་མངགས་གཏོང་ཁང་ག་གེ་མོའི་འགོ་གཙོ་ཏེང་ཆེ་གེ་མོ་ཡིས་ཨན་ཆེ་གེ་མོ་གཙོ་བྱས་པའི་ངན་སྤྱོད་སྟོབས་ཤུགས་ཚོགས་པའི་ཁྲིམས་འགལ་ཉེས་གསོག་རྒྱ་ཡན་དུ་བཏང་བའི་གྱོད་དཔེ།

མཚོ་ནུབ་ཁུལ་གྱི་ཅུས་ག་གེ་མོའི་བདེ་སྐྱོང་ཡན་ལག་རུ་ཁག་གི་སྲིད་ཨུ་མཱ་ཆེ་གེ་མོ་དང་། ཚྭ་འདམ་ཆེ་བའི་མངག་གཏོང་ཁང་ག་གེ་མོའི་འགོ་གཙོ་ཏེང་ཆེ་གེ་མོས། ཚྭ་འདམ་ཆེ་བ་གྲོང་རྡལ་གྱི་ཨན་ཆེ་གོ་མོ་གཙོ་བྱས་པའི་ངན་སྤྱོད་ཚོགས་པའི་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་ལ་བཀག་འགོག་མ་བྱས་པར་མ་ཟད། རྒྱུ་ནོར་བླངས་ནས་རྩད་ཞིབ་རྒྱ་ཡན་དུ་བཏང་། ད་སྔ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མཱ་ཆེ་གེ་མོ་དང་། ཏེང་ཆེ་གེ་མོའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ལ་གྱོད་ཐོ་བཀོད་ནས་རྩད་ཞིབ་བྱེད་སྒང་ཡིན་ཞིང་། ཉར་འཇོག་གི་བྱེད་ཐབས་སྤྱད་ཡོད།

གསུམ། འཛུགས་སྐྲུན་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་ག་གེ་མོའི་འགོ་གཙོ་ཝང་ཆེ་གེ་མོས་ཡུན་ཆེ་གེ་མོ་གཙོ་བྱས་པའི་ནགས་ཚོགས་ལ་ཁྲིམས་འགལ་ཐོག་དངུལ་བུན་སྤྲད་དེ་དཔལ་འབྱོར་ཐད་ལ་རྒྱབ་སྐྱོར་བྱས།

2010ལོ་ནས2013ལོའི་བར་དུ། འཛུགས་སྐྲུན་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་ག་གེ་མོའི་འགོ་གཙོ་ཝང་ཆེ་གེ་མོས་ཀུང་སི་ག་གེ་མོར་དངུལ་བུན་རྩིས་སྤྲོད་ཀྱི་ནུས་པ་མེད་པའི་གནས་ཚུལ་ཤེས་བཞིན་དུ་དེ་ལ་ཁྲིམས་འགལ་ཐོག་དངུལ་བུན་དུ་མ་སྤྲད་ནས་དངུལ་ཁང་དེའི་དངུལ་བུན་ལ་ཤུགས་རྐྱེན་ངན་པ་ཐེབས། ཝང་ཆེ་གེ་མོས་ད་དུང་ཀུང་སི་དེ་ག་ནས་རྒྱུ་ནོར་བླངས་ཡོད་པ་རེད། ཉེ་ལམ་ལྟ་ཞིབ་ལས་ཁུངས་ཀྱིས་ཝང་ཆེ་གེ་མོའི་ལས་འགན་ལ་ཁྲིམས་འགལ་གྱི་གནད་དོན་པ་ཤེས་ནས་གྱོད་ཐོ་བཀོད་ནས་རྩད་ཞིབ་བྱས།

བཞི། ཡུལ་ཤུལ་གྲོང་ཁྱེར་གྱི་མངག་གཏོང་ཁང་ག་གེ་མོའི་འགོ་གཙོ་ཀྲོའུ་ཆེ་གེ་མོ་དང་། ཉེན་རྟོག་པ་ཁྲེན་ཆེ་གེ་མོ། ཀུའེ་ཆེ་གེ་མོ་བཅས་ཀྱིས་གྱོད་ཐོ་བཀོད་ཀྱང་རྩད་ཞིབ་མི་བྱེད་པའི་འགན་ཤོར་གྱོད་དཔེ།

ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མངག་གཏོང་ཁང་ག་གེ་མོའི་འགོ་གཙོ་ཀྲོའུ་ཆེ་གེ་མོ་དང་། གྱོད་ཞིབ་ཉེན་རྟོག་པ་ཁྲེན་ཆེ་གེ་མོ། ཀུའེ་ཆེ་གེ་མོ་བཅས་ཀྱིས“6·28ཧི་མ་ལ་ཡའིKTVགཅར་རྡུང”དོན་རྐྱེན་སྐོར་ལ་རྩད་ཞིབ་བྱེད་དུས། གྱོད་ཐོ་བཀོད་ཀྱང་རྩད་ཞིབ་བྱས་མེད་པའི་འགན་ཤོར་གནས་ཚུལ་བྱུང་ཡོད་ལ། ད་སྔ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་དེ་གསུམ་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གྱོད་ཐོ་བཀོད་ནས་རྩད་ཞིབ་བྱེད་སྒང་རེད།

ཁོན་ཐར་འཚོས་བསྒྱུར།