ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཤེས་བྱ། (བཅུ་གཉིས། )

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི“སྤྱིའི་འཆར་གཞི”ཅི་ཞིག་ཡིན་ནམ

རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དེ2018ལོའི་ཟླ1ནས2020ལོའི་ལོ་མཇུག་བར་མཇུག་འགྲིལ་རྒྱུ་ཡིན་པ་རེད། 

2018ལོར་ཡན་ལག་བཅོ་བ། སྤེལ་འགོ་ཚུགས་པ་དང་ནག་ཚོགས་སྤྱོད་ངན་དང་འབྲེལ་བ་ཡོད་པའི་རྩ་འཛུགས་ཁག་གཅིག་མེད་པར་བཟོ་བ་དང་། ནག་ཚོགས་སྟོབས་ཤུགས་ཁག་གཅིག་གི“འགེབ་གདུགས”ལ་ཆད་པ་བཅད་པས། ནག་ཚོགས་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་མངོན་གསལ་དོད་པའི་གནད་དོན་བཀག་འགོག་ནུས་ལྡན་ཐུབ་ཡོད། 

2019ལོར་རྩ་བ་བཅོ་བ། དཀའ་གནད་སྒྲོལ་བ་དང་རྩད་ཆོད་བྱུང་བའི་གྱོད་དོན་ལ་དབྱེ་ཞིབ་གཏིང་ཟབ་དང་རེ་རེ་བཞིན་མཐིལ་རྟོགས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། 

2020ལོར་རྩ་བ་བཅོ་བ། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་འཐོབ་་དགོས། 

ནག་ཕྱོགས་དང་འབྲེལ་བའི་བྱས་ཉེས་ལ་རིགས་གང་དག་ཡོད། 

དེའི་ནང་ནག་ཚོགས་ངོ་བོ་ལྡན་པའི་རྩ་འཛུགས་སྒྲིག་འཛུགས་དང་། འགོ་ཁྲིད། དེའི་ནང་ཞུགས་པ་བཅས་ཀྱི་བྱས་ཉེས་དང་། རྒྱལ་ཁོངས་ནང་འཛུལ་ནས་ནག་ཚོགས་ངོ་བོ་ལྡན་པའི་རྩ་འཛུགས་འགེབ་སྲུང་དང་རྒྱ་ཡན་དུ་གཏོང་བའི་བྱས་ཉེས་ཚུད་ཡོད། 

ལོ་ཙཱ་བ།རྟ་མགྲིན་དཔལ།