ཞིང་ཆེན་སྒྲིག་ཨུས་ནག་ཚོགས་དང་འབྲེལ་བའམ་རུལ་སུངས་ཀྱི"འགེབ་གདུགས"སུ་ཡོད་པའི་ཏང་ཡོན་ལས་བྱེད་ཡོད་ན་རང་འགུལ་སྒོས་སྐྱོན་ཆ་ཁས་ལེན་དུ་ཡོང་རྒྱུའི་ཐ་ཚིག་བརྡ་ཁྱབ་བསྒྲགས།

— ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ ནག་ཚོགས་སྤྱོད་ངན་དང་འབྲེལ་བའི་རུལ་སུངས་དང“འགེབ་གདུགས”བྱེད་མཁན་ཏང་ཡོན་ལས་བྱེད་དང་གཞུང་ཞབས་པས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ཏེ་གནད་དོན་ཐག་གཅོད་བྱེད་དུ་འཇུག་པར་བསྐུལ་བའི་བརྡ་ཁྱབ།

རྒྱལ་ཡོངས་སུ་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ནག་ངན་དང་འབྲེལ་བའི་རུལ་སུངས་དང“འགེབ་གདུགས”ཀྱི་གནད་དོན་ལ་ཆད་གཅོད་ནན་པོ་བྱ་ཆེད། “སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ”ཀྱི་བྱེད་ཕྱོགས་གཞིར་བཟུང་སྟེ། ནག་ངན་དང་འབྲེལ་བའི་རུལ་སུངས་དང“འགེབ་གདུགས”བྱེད་པའི་ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པས་དུས་བབ་གསལ་རྟོགས་དང་སྟེས་དབང་གིས་ཐར་ཡོང་བའི་བསམ་ཚུལ་མེད་པ་བཟོས་ཏེ། རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ནས་གནད་དོན་ཐག་གཅོད་ལ་གུ་ཡངས་ཡོང་བའི་བརྩོན་ལེན་བཅས་བྱ་དགོས་ཡོད།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་གཤམ་གསལ་གྱི་བརྡ་ཁྱབ་སྤེལ་རྒྱུ་རེད།

གཅིག ནག་ཕྱོགས་དང་ངན་ཕྱོགས་ལ་འབྲེལ་བ་ཡོད་པའི་རུལ་སུངས་ཀྱི་གནད་དོན་ཡོད་པའམ་ཡང་ན་ནག་སྤྱོད་སྟོབས་ཤུགས་རྒྱ་ཡན་དུ་གཏོང་བ་དང་འགེབས་སྲུང་བྱས་ཏེ། ནག་སྤྱོད་སྟོབས་ཤུགས་ཀྱིས་ཁྲིམས་འགལ་ཉེས་གསོག་བྱེད་པར་སྟབས་བདེའི་ཆ་རྐྱེན་འདོན་སྤྲོད་བྱེད་པ་དང་། ནག་སྤྱོད་སྟོབས་ཤུགས་ཀྱིས་ཁྲིམས་གཅོད་ལས་གཡོལ་ཐབས་བྱེད་རོགས་བྱེད་པ་སོགས་ཀྱི་གནད་དོན་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་སྤྱི་པའི་དབང་ཆ་སྤྱོད་པའི་གཞུང་ཞབས་མི་སྣ་གཞན་དག་གིས་འཕྲལ་དུ་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས།

གཉིས། བརྡ་ཁྱབ་འདི་ཁྱབ་སྒྲོག་བྱས་ཉིན་ནས2019ལོའི་ཟླ7ཚེས10ཉིན་གྱི་གོང་དུ་ནག་ངན་རུལ་སུངས་དང་འབྲེལ་བ་ཡོད་པ་དང་། “འགེབ་གདུགས”གནད་དོན་དང་འབྲེལ་བ་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་སྤྱི་པའི་དབང་ཆ་སྤྱོད་མཁན་གཞུང་ཞབས་པས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་དང་འབྲེལ་རྩ་འཛུགས་ལ་གནད་དོན་ཇི་མ་ཇི་བཞིན་ངོས་ལེན་ཞུས་རིགས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཆད་པ་ཡང་གཅོད་དམ་ཡང་ན་ཇེ་ཡང་དུ་གཏང་རྒྱུ་རེད། སྒྲིག་འགལ་ཁྲིམས་འགལ་གྱི་ཉེས་ཚབས་ཆུང་བའི་རིགས་ལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅད་རྒྱུ་རེད།

གསུམ། རང་ཉིད་ཀྱིས་མི་གཞན་པར་མངག་བཅོལ་བྱས་པའམ་ཡང་ན་འཕྲིན་ཡིག་དང་ཁ་པར། དྲ་རྒྱ་སོགས་ཀྱི་རྣམ་པའི་ཐོག་ནས་རྩ་འཛུགས་ལ་གནད་དོན་ཇི་མ་ཇི་བཞིན་རྩིས་སྤྲོད་བྱས་ན། རང་འགུལ་གྱིས་རང་ཉེས་ངོས་ལེན་ཞུས་པར་བརྩི་རྒྱུ་ཡིན། གཉེན་ཉེས་ཁ་ཏ་བསླབ་བྱ་བྱས་པ་བརྒྱུད་རང་ཉེས་ངོས་ལེན་ཞུ་བའམ་ཡང་ན་གཉེན་ཉེས་རང་འགུལ་ངང་སྙན་སེང་ཞུས་རྗེས་འབྲེལ་ཡོད་སྒྲིག་འགལ་ཁྲིམས་འགལ་མི་སྣ་རང་ཉེས་ངོས་ལེན་ཞུ་བར་བསྐྱལ་བ་མ་ཟད། སྒྲིག་འགལ་ཁྲིམས་འགལ་གྱི་དོན་དངོས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དེ་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པར་བརྩི་རྒྱུ་ཡིན།

བཞི། ཆེད་དོན་འཐབ་རྩོད་ཁྲོད་ཚོད་འཛིན་དང་མཚམས་མི་འཇོག་པ་དང་བསམ་གཟས་སྒྲིག་འགལ་ཁྲིམས་འགལ་བྱེད་མཁན་ལ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་མཐའ་གཅིག་ཏུ་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་མི་གཏང་།

རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ནས་གནད་དོན་ཐག་གཅོད་བྱེད་མཁན་གྱིས་ས་ཁུལ་དེ་གའི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལ་བསྐྱོད་དེ།ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལ་རང་ཉེས་རང་ཞུ་བྱས་ཀྱང་ཆོག

སྡོད་གནས། ཟི་ལིང་གྲོང་ཁྱེར་གྱི་གྲོང་དཀྱིལ་ཁུལ་གྱི་ལམ་བདུན་ཨང346པ།

ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན402གཞུང་ལས་ཁང་། 

 (ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ནག་སེལ་ངན་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་ལྟ་སྐུལ་

དང་སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་བདའ་འདེད་གཞུང་ལས་ཁང)

འབྲེལ་གཏུག་ཁ་པར། 0971—8483125།

19909717716

བརྡ་ཁྱབ་འདི་བསྒྲགས་ཉིན་ནས་བཟུང་ལག་ཏུ་བསྟར་རྒྱུ་ཡིན།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།

མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་།


   2019ལོའི་ཟླ6ཚེས10ཉིན།