2019ལོའི་མཚོ་སྔོན་འབའ་རྫོང“རྫོང་རུ་རྟགས་མའི”མཐོ་སྒང་གི་རྐང་རྒྱུག་འགྲན་སྡུར་དང་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་ཁ་སང་འབའ་ལུང་ཡུལ་ཚོ་ནས་སྤེལ་བ།

ཟླ6པའི་ཚེས10ཉིན། 2019ལོའི་མཚོ་སྔོན་འབའ་རྫོང“རྫོང་རུ་རྟགས་མའི”མཐོ་སྒང་གི་རྐང་རྒྱུག་འགྲན་སློང་འགྲན་སྡུར་དང་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་འབའ་རྫོང་འབའ་ལུང་ཡུལ་ཚོ་འབའ་མདོ་སྡེ་བ་ནས་བསྡུས་ཤིང་། ཐེངས་འདིའི་འགྲན་སྡུར་ནི་ཞིང་ཆེན་ལུས་རྩལ་ཅུའུ་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཁུལ་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་། འབའ་རྫོང་རྫོང་སྲིད་གཞུང་དང་། རྫོང་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས། ཞིང་ཆེན་བྱེས་བགྲོད་རྒྱུག་རྩལ་ལུས་རྩལ་མཐུན་ཚོགས་བཅས་ཀྱིས་སྒྲུབ་འགན་གནང་བའི་རྒྱལ་ཡོངས་རང་བཞིན་གྱི་འགྲན་སྡུར་ཞིག་ཡིན་པ་རེད།

འགོ་ཚུགས་མཛད་སྒོའི་སྟེང་།འབའ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཏིང་རུའེ་དབྱིས་ཡིས་ཤིས་ཚིག་ཕུལ། ཁོང་གིས་སྐབས་འདིའི་འགྲན་སྡུར་ནི་“རིག་གནས+ཡུལ་སྐོར+ལུས་རྩལ+དབུལ་སྐྱོར”གྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་ཐོག ལུས་རྩལ་ལ་བརྟེན་ནས་སྟེགས་བུ་བསྐྲུན་པ་དང་། རིག་གནས་ཀྱིས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་གྱིས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ། བྱེས་བགྲོད་རྒྱུག་ཤར་འགྲན་བསྡུར་ཕུད་ད་དུང་མི་རིགས་མདའ་འཕེན་དང་། མི་གསུམ་གཟེབ་གྲུག་སྤོ་ལོའི་འགྲན་བསྡུར། སྐོར་བྲོ། མི་རིགས་རྒྱན་གོས་འགྲེམ་སྟོན། ཞིང་ཆེན་ཕྱི་ནང་གི་རིག་གནས་གསར་གཏོད་ཐོན་རྫས་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་ནས། འབའ་རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། དབུལ་སྐྱོར་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་བཅས་ལ་རམ་འདེགས་བྱས་ནས། འབའ་རྫོང་གི་སྒྱུར་བཅོས་འཕེལ་རྒྱས་དང་། དབུལ་ཐར་འགག་སྒྲོལ། མི་རིགས་མཐུན་སྒྲིལ་གསར་འཛུགས་བཅས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས་ཏེ། རང་བྱུང་ཁམས་དང་ཉེ་བར་བཅར་ནས་ཡུལ་སྐོར་ཉམས་ལེན་དང་། འབའ་རྫོང་ལ་སྔར་ལས་རྒྱུས་ལོན་དང་རང་བྱུང་ཐོན་ཁུངས། དེ་བཞིན་མཛེས་ལྗོངས་བཅས་ཀྱི་ངོས་ནས་རོལ་མྱོང་བྱ་ཆོག་ཞེས་ཟེར།

ཤེས་གསལ་ལྟར་ན། ཐེངས་འདིར་ཡུན་ནན་དང་ཨན་ཧའེ། ཀུའེ་ཀྲུག ཞིན་ཅང་། ཐེན་ཅིན། ཅང་ཞི།ཅང་སུའུ་སོགས་ཞིང་ཆེན་དང་ས་ཁུལ100ལུས་རྩལ་པ100ལྷག་དང་། འབའ་རྫོང་གི་ལུས་རྩལ་པ500ལྷག་འགྲན་སྡུར་ནང་ཞུགས། འགྲན་སྡུར་གྱི་རྩ་འཛུགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་འགྲན་སྡུར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ50ཅན་དང་སྤྱི་ལེ16ཅན་གཉིས་སུ་བགར་ཡོད་པ་རེད།

ལོ་ཙཱ་བ། ཀླུ་མོ།