མཚོ་ཤར་གྱིས་ཆ་འཕྲིན་སྡེ་བ་ཁྱིམ་ཁར་འཐེན་ཏེ་ཞིང་སྡེ་དར་རྒྱས་གོང་སྤེལ་གཏང་བའི་ལས་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་དར་བར་བྱ་རྒྱུ་ནི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་དང་། ཞིང་དུད་ཆུང་གྲས་དེང་རབས་ཞིང་ལས་འཕེལ་རྒྱས་དང་འབྲེལ་མཐུད་དམ་ཟབ་བྱེད་པའི་འབྲེལ་ཟམ་གལ་ཆེན། གྲོང་གསེབ་ཀྱི་ཁེ་ཕན་ཉིས་བསྐྲུན་ལ་སྐུལ་འདེད་གཏང་བའི་ལས་སྟེགས་གལ་ཆེན་བཅས་ཡིན་ལ། དབུལ་ཐར་འགག་སྒྲོལ་བྱ་བ་ལ་རྒྱལ་ཁ་ལེན་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། ད་ལོའི་ཚུན་དུ། མཚོ་ཤར་གྲོང་ཁྱེར་གྱིས་ཞིང་པའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཞིང་ལས་ལ་ཕན་པའི་ཆ་འཕྲིན་སྤྱི་ཚོགས་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ་དམིགས་ཚད་དུ་བྱས་ཤིང་། ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་དར་བར་སྐུལ་འདེད་ཏན་ཏིག་བཏང་བ་རེད། ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་དར་བའི་ལས་གྲྭའི་ཞབས་ཞུའི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་སྔར་ལས་མང་པའི་ཞིང་པར་ཁེ་ཕན་པ་ཐོབ་པ་རེད། 

མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་ཞིང་ཕན་ཆ་འཕྲིན་ཁང་འཛུགས་སྐྲུན་བྱེད་རིང་། ཞིང་ཆེན་རིམ་པའི་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་དང་སྦྲེལ་མཐུད་བྱས་ནས་དངུལ་རྩ་དང་། འགན་བཅོལ། འཕྲིན་གཏོང་། དྲ་ཐོག་ཚོང་དོན། ཟོག་འགྲེམ་སོགས་སྤྱི་ཚོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་རིམ་པ་ཁག་གི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཞིང་ལས་ལ་ཕན་པའི་ཆ་འཕྲིན་ཁང་གཟུག་རྒྱུར་རྒྱབ་སྐྱོར་བྱས་པ་དང་འབྲེལ། ཞིང་ལས་ལ་ཕན་པའི་ཆ་འཕྲིན་ཁང་གཉེར་སྐྱོང་གི་ལས་དོན་ལ་འགན་ཁུར་ཅིང་། གྲོང་ཁྱེར་རིམ་པའི་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་བསྐྲུན་རིང་། གྲོང་ཁྱེར་ཡོངས་ཀྱི་གཅིག་གྱུར་འཇུག་སྒོའི་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པའི་བཟོ་སྐྲུན་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་ཚང་དང་འཛུགས་སྐྲུན་བྱས་ཏེ། གྲོང་ཁྱེར་རིམ་པའི་ཞིང་ལས་གཞི་གྲངས་ཆེན་མོ་དང་དེ་བཞིན་རིག་ནུས་ཞིང་ལས་ཆ་འཕྲིན་ལས་སྟེགས་དང་ཟུང་འབྲེལ་བྱས་པ་དང་འབྲེལ་འབྲེལ་ཡོད་སྡེ་ཚན་གྱི་ཞབས་ཞུའི་ལས་སྟེགས་དང་སྦྲེལ་མཐུད་ཀྱང་བྱས་པ་རེད། རྫོང་དང་ཆུས་ཁག་གི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་ཞིང་ལས་གླིང་ཁུལ་གྱིས་གྲོང་ཁྱེར་རིམ་པའི་ལས་སྟེགས་དང་མཉམ་འདྲེས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་ཕན་ཞབས་ཞུ་དང་། དམངས་ཕན་ཞབས་ཞུ། གློག་རྡུལ་ཚོང་དོན། གསོ་སྦྱོང་ཉམས་ལེན་སོགས་ཞབས་ཞུའི་ནང་དོན་བཞི་ལག་ཐོགས་ཁ་པར་དང་བརྙན་འཕྲིན་སོགས་སྨྱན་བྱད་ཀྱི་སྒྲིག་ཆས་བརྒྱུད་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཆུས། ཡུལ་ཚོ་དང་གྲོང་བརྡལ། གྲོང་ཚོ་བཅས་རིམ་པ་ལྔའི་སྤྱོད་མཁན་གྱི་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་དང་འབྲེལ་རྒྱལ་ཁབ་ཀྱི་ལས་སྟེགས་དང་སྦྲེལ་མཐུད་ཐུབ་རྒྱུ་རེད། གྲོང་ཁྱེར་ཡོངས་ཀྱིས“ཞིང་ཕན་ཆ་འཕྲིན་ཁང”གི་སྤུས་རྟགས་གཅིག་གྱུར་ཐོག་སྤྱོད་པ་དང་འབྲེལ་ཞིང་ལས་དང་གྲོང་གསེབ་པུའུ་ཡི་བླང་བྱ་ལྟར། སྒོ་བྱང་གཅིག་གྱུར་ཇུས་འགོད་དང་ཨང་རྟགས་གཅིག་གྱུར་བཟོ་བ་དང་འབྲེལ་གྲོང་ཁྱེར་རིམ་པའི་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་ཐོ་འགོད་དང་ཞབས་ཞུ་བྱེད་པ་དང་གཅིག་གྱུར་དོ་དམ་ནང་བཅུག་པ་རེད། 

ཞིང་ལས་ལག་རྩལ་གྱི་རྒྱབ་སྐྱོར་དང་། ཞིང་ལས་རྒྱུ་ཆ་ཉོ་སྒྲུབ། དྲ་ཐོག་ཚོང་དོན་འབྲེལ་མཐུད། མངགས་ཐོ་ཕྱིར་ཚོང་སོགས་ཀྱི་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཞིང་པར་ཆ་འཕྲིན་ཅན་གྱི་སྟབས་བདེ་ལོངས་སུ་སྤྱོད་དུ་བཅུག་ནས་ཞིང་པའི་ཉོ་སྒྲུབ་དང་། ཐོན་སྐྱེད། བྲིན་ཚོང་བཅས་ཡོང་རྒྱུར་རོགས་རམ་བྱེད་བཞིན་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ཞིང་ལས་ལ་ཕན་པའི་ཆ་འཕྲིན་ཁང་གིས་ཀྱང་ཕ་ཡུལ་དུ་ཕྱིར་ལོག་ནས་ལས་གཏོད་བྱེད་མཁན་ཚོར་ལས་གཏོད་ཀྱི་གདམ་ག་གསར་པ་མཁོ་འདོན་བྱས་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱི་ཞིང་ཕན་ཆ་འཕྲིན་ཁང་ཚང་མར་ཉུང་མཐར་ཡང་ཆ་འཕྲིན་བྱ་བའི་མི་སྣ1རེ་བཀོད་སྒྲིག་བྱས་ཏེ“རིག་གནས་ཡོད་པ། ཆ་འཕྲིན་ཤེས་པ། ཞབས་ཞུ་ཐུབ་པ། གཉེར་སྐྱོང་ཤེས་པ”བཅས་ཀྱི་རྩ་དོན་དང་ཚད་གཞི་གཞིར་བཟུང་སློབ་ཆེན་ཐོན་པའི་གྲོང་དཔོན་དང་། ཕ་ཡུལ་དུ་ལོག་པའི་ལས་གཏོད་མི་སྣ། གྲོང་གསེབ་ཀྱི་ན་གཞོན། དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་སོགས་ཀྱི་ཁྲོད་ནས་སྔོན་ལ་བདམས་ཏེ་གདན་ཞུ་བྱས་པ་རེད། ཁོང་ཚོས་ས་ཁོངས་དབྱེ་ནས་ལས་ཞུགས་གསོ་སྦྱོང་དང་ཤེས་བྱ་གསར་བརྗེས་ཀྱི་གསོ་སྦྱོང་བྱས་ནས“སྒོ་རྩར་བསྐྱོད་ནས་གསོ་སྦྱོང་དང་། གཅིག་སྡུད་གསོ་སྦྱོང་། དྲ་རྒྱའི་གསོ་སྦྱོང་བཅས་ཟུང་དུ་འབྲེལ་བའི”སྣ་མང་ཅན་གྱི་གསོ་སྦྱོང་བྱེད་སྟངས་བཙུགས་ནས་གསོ་སྦྱོང་ཚད་ལོན་རྗེས་གསོ་སྦྱོང་གི་སློབ་མཇུག་རྫོགས་པའི་ལག་ཁྱེར་འཛིན་ཡིག་སྤྲད་པ་རེད།

ལོ་ཙཱ་བ། ཀླུ་མོ།