ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི་དབུལ་ཐར་འགག་སྒྲོལ་བྱ་བའི་སྐུལ་འདེད་ཚོགས་འདུ་འཚོགས་པ།

— ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་མཉམ་འབྲེལ་ཐོག་རོགས་སྐྱོར་བྱས་པའི་གྲོང་ཚོ་དབུལ་པོ18ལས་གྲོང་ཚོ15དབུལ་ཐར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།“ལོ་གསུམ་གྱི་དབུལ་ཐར་འགག་སྒྲོལ་བྱས་པ་བརྒྱུད།ན་ནིང་ལོ་མཇུག་ཏུ་ང་ཚོའི་གྲོང་མི་ཡོངས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11880ཟིན་པ་དང་། མང་ཚོགས་དབུལ་པོ་ཕྱུག་འགྱུར་གྱི་ནུས་པ་ཆེ་རུ་བཏང་ཡོད”ཅེས་ཟླ6ཚེས5ཉིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི་དབུལ་ཐར་འགག་སྒྲོལ་བྱ་བའི་སྐུལ་འདེད་ཚོགས་འདུ་འཚོགས་ཏེ། མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྥུང་གྲོང་རྡལ་ཁྲན་ཙི་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཤིན་པིང་གོ་ཡིས་སྐུལ་འདེད་ཚོགས་འདུའི་ཐོག་རང་ཉིད་ཀྱི་གྲོང་ཚོར་བཅའ་སྡོད་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི་རིམ་ཁག་ཏང་ཨུ་ཡིས་ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་དམངས་ཚིས་འདུ་འགོད་ཨང་དང་པོར་བརྩིས་ནས། དབུལ་ཐར་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་། ཀྲུང་དབྱང་གི་བླང་བྱ་མཐའ་འཁྱོངས་བྱེད་པ། ཞིང་ཆེན་ཏང་ཨུའི་མཚོ་སྔོན་ཁྲལ་དོན་ཁོངས་གཏོགས་ཀྱི་དོན་དངོས་དང་གཅིག་གྱུར་དམ་ཟབ་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་ལས་བྱེད་པས་སྣེ་ཁྲིད་དེ་སྔར་བྱུང་མྱོང་མེད་པའི་ནུས་ཤུགས་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏམ་བ་བཅས་བྱས་པས་ལས་དོན་ཁག་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། མཉམ་འབྲེལ་རོགས་སྐྱོར་བྱ་ཡུལ་གྲོང་ཚོ་དབུལ་པོ18ལས་གྲོང་ཚོ15དབུལ་ཐར་ཕྱིར་འཐེན་ཐུབ་ཡོད་པ་རེད། 

“ད་ཆར་དབུལ་ཐར་འགག་སྒྲོལ་དེ་ཐག་གཅོད་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མེད་པ་བཟོ་བའི་འགག་རྩའི་ལས་རིམ་དུ་བསླེབས་ཡོད། ”ཞིང་ཆེན་ཁྲལ་དོན་ཅུས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ཀུའུ་ཅན་ཧྥུང་གིས་ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་དང་དེ་བཞིན་གྲོང་ཚོར་བཅའ་སྡོད་བྱ་བའི་རུ་ཁག་ཁག་གིས་ཀྲུང་དབྱང་གི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་གྱི2018ལོའི་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ལ་དཔྱད་ཞིབ་བྱེད་པའི་གནད་དོན་གྱི་དག་ཐེར་ཇུས་གཞིའི་བླང་བྱ་དང་བསྡུར་ནས་རེ་རེ་བཞིན་དག་ཐེར་ལ་དམ་འཛིན་དང་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། གནད་དོན་དག་ཐེར་ཐད་མི་མཐོང་བ་དང་། དོན་དག་མཐོང་བ། ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་ཁྲལ་དོན་ཁོངས་གཏོགས་ཀྱིས་འཚེ་མེདདབུལ་སྐྱོར་ཐོན་ལས་སྔོན་ལ་འཕེལ་རྒྱས་གཏམ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་གལ་ཆེན་ཐོག་འཇོག་པ་དང་། ས་གནས་དེ་གའི་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་རྨང་གཞིར་དམ་པོར་དམིགས་པ། ཐོན་ལས་རྣམ་གྲངས་ཡང་དག་འདེམས་པ། ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱེད་པ། ཐོན་ལས་ཀྱི་ལེགས་ཆ་ཆགས་པ་བཅས་བྱས་ནས་སྐྱེ་ཁམས་ནོར་ལུག་རྒྱགས་གསོ་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས། གྲོང་གསེབ་ཡུལ་སྐོར། གྲོང་ཚོ་རིམ་པའི་འོད་ཤུགས། མི་རིགས་ལག་ཤེས་བཟོ་རྩལ་སོགས་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་རྣམ་གྲངས་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ཏེ།དབུལ་སྐྱོར་ཕྱོགས་སྒྱུར་རིམ་སྤོར་གྱི་བླང་བྱ་མངོན་འགྱུར་བྱ་རྒྱུ་རེད། དེ་དང་ཆབས་ཅིག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏང་བ་དང་། མ་རྐང་གི་ཁེ་དབང་གྲུབ་ཆ་ཁ་གསལ་བཟོ་བ། ས་གནས་དེ་གའི་ཁྱད་ལྡན་སྤུས་ལེགས་ཚོང་རྟགས་གཏོད་པ་བཅས་བྱས་ནས2020ལོར་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་བྱ་བ་ལ་རྒྱལ་ཁ་ལེན་རྒྱུར་རྨང་གཞི་བརྟན་པོ་གདིང་རྒྱུ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།