རང་ཞིང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་སློབ་སྦྱོང་བྱས་ནས་ཆེད་དོན་འཆད་ཁྲིད་སྤེལ་པ།

ཟླ6ཚེས11ཉིན།རྒྱལ་ཁབ་སྤྱི་གླིང་གྲུབ་ཆ་གཙོ་བོར་འཛིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་གྱི་ཞིང་ཆེན་ཚོགས་ཆེན་མ་འཚོག་གོང་། རང་ཞིང་གིས《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་རྒྱལ་ཁབ་སྤྱི་གླིང་གྲུབ་ཆ་གཙོ་བོར་འཛིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མགྱོགས་མྱུར་བསྐྲུན་དགོས》ཞེས་པའི་ཆེད་དོན་འཆད་ཁྲིད་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་རང་བྱུང་སྲུང་སྐྱོང་ས་ཆའི་དོ་དམ་སིའི་སི་ཀྲང་དབྱང་ཁྲའོ་ཡིས་འཆད་ཁྲིད་བྱས་པ་རེད། ཧྲེན་ཀྲང་གཞོན་པ་ཐེན་ཅིན་ཁྲེན་གྱིས་འགོ་འཛིན་བྱས་པ་རེད། 

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལས་དོན་ཡག་པོ་སྒྲུབ་པའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་དང་།དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏང་ཆེད། འཆད་ཁྲིད་ཀྱིས་རང་རྒྱལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ད་ཡོད་གནས་ཚུལ་ལ་དམིགས་ནས་བསམ་འཆར་འཆར་ཟིན་འགོད་པའི་རྒྱབ་ལྗོངས་དང་བརྒྱུད་རིམ་ལ་མཛུབ་ཁྲིད་བྱས་པ་རེད། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་དང་། གཞི་རྩའི་བསམ་ཕྱོགས། ཁོང་དུ་ཆུད་པ་བྱེད་དགོས་པའི་འགག་རྩ་སོགས་ཀྱི་ནང་དོན་གྱིས་རྒྱལ་ཁབ་སྤྱི་གླིང་གྲུབ་ཆ་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུའི་ཐད་རང་བྱུང་སྐྱེ་ཁམས་ཁམས་མ་ལག་དང་། རང་བྱུང་རྗེས་ཤུལ། རང་བྱུང་ཡུལ་ལྗོངས། སྐྱེ་དངོས་སྣ་མང་རང་བཞིན་བཅས་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ་དང་། སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་ནུས་པ་ཆེ་རུ་གཏང་རྒྱུ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁམས་བདེ་འཇགས་ལ་སྐུལ་འདེད་གཏང་རྒྱུ་བཅས་ཀྱི་དོན་སྙིང་རྒྱས་བཤད་གཏིང་ཟབ་བྱས་པ་རེད། “ཅི་ཞིག་ལ་རྒྱལ་ཁབ་སྤྱི་གླིང་གྲུབ་ཆ་གཙོ་བོར་འཛིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གང་འདྲ་ཞིག་འཛུགས་པ།  རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ཇི་ལྟར་འཛུགས་པ། རང་བྱུང་སྲུང་སྐྱོང་ཁུལ་ཇི་ལྟར་དོ་དམ་ཡག་པོ་བྱེད་པ”བཅས་ཀྱི་གནད་དོན་རབ་དང་རིམ་པར་ལན་བཏབ་ནས། འཛུགས་སྐྲུན་ལས་དོན་ཐད་ངེས་པར་དུ་མཐའ་འཁྱོངས་བྱ་དགོས་པའི་བྱེད་ཐབས་དོན་ཚན་བཅུ་བཏོན་ཏེ། རང་ཞིང་གིས་ད་ཆའི་སྐྱེ་ཁམས་ཁམས་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཁ་ཕྱོགས་གཙོ་བོ་དང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གཙོ་གནད་ནང་དོན་དེ་བས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བཅས་བྱས་ཏེ།དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏང་རྒྱུར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད། 

ཚང་མས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ།གཙོ་གནད་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་དང་། སྐྱེ་ཁམས་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཉམས་མྱོང་བཟང་པོ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པ། “ཆེ་ཤོས་གསུམ”གྱི་ལག་ལེན་གསར་པར་སྐུལ་འདེད་གཏང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། 

ལོ་ཙཱ་བ།རྟ་མགྲིན་དཔལ།