མགོ་ལོག་ཁུལ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱི་ཚུལ་རིང་ལུགས་ཀྱི་དཔོན་ཉམས་རིང་ལུགས་གནད་འཁེལ་བཅོས་སྒྲིག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་གྱི་ཁུངས་སྣེ7བདག་སྤྲོད་བྱས་པ་དང་། ད་ལྟ་གྱོད་གཞི3ཐག་གཅོད་བྱས་ཤིང་། གྱོད་གཞི2ཐོ་འགོད་བྱས་པ། གྱོད་གཞི2ཞིབ་བསྡུར་རགས་ཙམ་བྱེད་པ། མི3ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ། མི1རྩ་འཛུགས་ཀྱིས་ཐག་གཅོད་བྱེད་པ། མི12ལ་ཞིབ་བཤེར་བྱེད་དུ་བཅུག་པ། སྡེ་ཁག12དང་། གཞི་རིམ་ཏང་རྩ་འཛུགས11ཏང་ཡོན་ལས་བྱེད་པ17བཅས་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་དང་། སྐྱོན་བརྗོད་སློབ་གསོ། གླེང་མོལ་དྲན་སྐུལ་སོགས་བྱས་ནས་དཔེ་མཚོན་གྱི་གནད་དོན3བརྡ་ཁྱབ་བཏང་བ་དང་ཐེར་འདོན་བྱས་པ་རེད།

ཁུལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དང་། དབུལ་ཐར་འགག་སྒྲོལ། ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ་དཔེ་མཚོན་གནད་དོན་འགག་གནད་སྒྲོལ་ས་དང་འཇུག་སྒོར་བརྩིས་ཏེ་སྟོབས་ཤུགས་གཅིག་སྡུད་སྒོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་བྱས་པ་རེད། ཡིག་བསྐུར་ངོ་བཅར་དང་ཐེར་འདོན་བྱེད་པའི་གནད་དོན་གྱི་ཁུངས་སྣའི“འབྱུང་རྩ”དམ་འཛིན་ནན་པོ་བྱས་ཏེ་དོན་དངོས་ལ་གཞི་ཚུགས་པ་དང་། རྣམ་པ་སྣ་ཚོགས་བརྒྱུད་གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་བྱེད་པའི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་བར་མ་ཟད། དུས་ཚོད་གལ་ཆེན་གྱི་མཚམས་ཚིགས་དང་གཙོ་གནད་ཁྱབ་ཁོངས་སུ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ལྟ་སྐུལ་གྱི་གནོན་ཤུགས་ཏང་ཡོན་ལས་བྱེད་པ་མི་རེ་ངོ་རེར་བརྒྱུད་སྤྲོད་བྱས་ཏེ་སྔ་མོ་ནས་དམ་འཛིན་དང་ཕྲན་ཚེགས་ནས་དམ་འཛིན་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།