ལིག་ཉིང་སྲིད་གཞུང་ལས་ཁུངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བའི་ཆེད་དོན་གྲོས་ཚོགས་ལ་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ6པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་སྲིད་གཞུང་ལས་ཁུངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཆེད་དོན་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང18པ་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། འཐབ་རྩོད་དགོངས་དོན་དར་སྤེལ་གཏོང་བ་དང་འཐབ་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བ། རྣམ་འགྱུར་བཟང་པོ་དང་དངོས་གཉེར་འགུལ་བསྐྱོད་ལ་བརྟེན་ནས། ཆེད་དོན་འཐབ་རྩོད་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏང་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། བསམ་བློའི་ངོས་ཟིན་སྔར་ལས་ཇེ་ལེགས་སུ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། “ཐོག་མའི་སེམས་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་སློབ་གསོ་ལ་ཟུང་འབྲེལ་བྱས་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གྱི་ཆབ་སྲིད་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འགན་འཁྲིའི་འདུ་ཤེས། བྱ་བའི་བྲེལ་མྱུར་འདུ་ཤེས་ཇེ་ཟབ་དང་། སྔར་ལས་འགན་འཁྲི་ཁག་ཁུར་དང་། སུས་དོ་དམ་བྱེད་པ་དང་སུས་ལྟ་སྐུལ་དོ་དམ་བྱེད་པ། སུས་འགན་ཁུར་བའི་རྩ་དོན་རྒྱུན་འཁྱོངས་དང་། ལས་རིགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། འགན་འཁྲི་ལག་བསྟར་བྱེད་པ་དང་རང་འགུལ་གྱིས་འབད་འཐབ་བྱེད་པ། རྩ་ལག་མཉམ་བཅོས་བྱས་ནས། ནག་ངན་སྟོབས་ཤུགས་རྩ་མེད་དུ་གཏང་དགོས་ལ། ཁུངས་སྣེ་སྔོག་འདོན་བྱེད་པ་དང་། འཐབ་རྩོད་ཀྱི་གྲུབ་འབྲས་རྒྱ་བསྐྱེད་པ། གྱོད་གཞི་གལ་ཆེན་སྐོར་ཞིག་ཐག་གཅོད་པར་བརྩོན་ལེན་བྱས་ཏེ། ཁྲིམས་ལྟར་ནག་ངན་སྟོབས་ཤུགས་དང་འབྲེལ་བའི་ཉེས་ཅན་སྐོར་ཞིག་ལ་རྡུང་རྡེག་ནན་མོ་བྱེད་དགོས་ཟེར། མཉམ་ལས་གཞོགས་འདེགས་ལ་སྔར་ལས་ཤུགས་སྣོན་པ་དང་། མཉམ་འབྲེལ་མཁྲེགས་གཏོར་འགུལ་སྐྱོད་བརྟན་བརླིང་ངང་སྤེལ་བ། ཆེད་དོན་འཐབ་རྩོད་དེ་གཞི་རིམ་བཅོས་སྐྱོང་དང་། གནས་ཕིགས་དབུལ་སྐྱོར། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བྱེད་པ་སོགས་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ནས། མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་པ་དང་། ཆེད་དོན་འཐབ་རྩོད་ཀྱི་ཕན་འབྲས་མཐོར་འདེགས་དང་། དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་གཏན་ཁེལ་གསལ་པོ་བྱེད་པ། འགོ་ཁྲིད་དང་པོས་འགོ་ཁྲིད་དེ་དག་ཐེར་ལེགས་བཅོས་བྱེད་པ། དག་ཐེར་ལེགས་བཅོས་གཟབ་ནན་སྒོས་སྤེལ་བ། རྡུང་རྡེག་གཏིང་ཟབ་བྱེད་པ་དང་ཁུངས་སྡེ་སྔོག་འདོན་བྱེད་པ། ཁྲིམས་ལྟར་ཆད་གཅོད་ནན་མོ་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། འགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་སོགས་ཕྱོགས་ནས་ཤུགས་འདོན་པ། ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏང་བ་བཅས། ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་ཝང་ལིས་མེན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ་བཅས་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་ཀྲུང་དབྱང་གི་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག18པ་དང་ཞིང་ཆེན་ཏང་ཨུའི་འབྲེལ་མཐུད་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་འཕྲིན་བཅར་ཐག་གཅོད་ཚན་ཆུང་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་ནས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱིས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་ཕྱིར་ལྡོག་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།