རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས་དང“ཐོག་མའི་སེམས་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་སློབ་གསོའི་སློབ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ6པའི་ཚེས10ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས་དང“ཐོག་མའི་སེམས་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་སློབ་གསོའི་སློབ་སྦྱོང་འཛིན་གྲྭ་བསྡུས་པ་དང་། ཁོས་ནན་གྱིས་བསྟན་དོན། བསམ་བློས་ཏང་འཛུགས་དང་རིག་གཞུང་གིས་ཏང་སྟོབས་ལྡན་དུ་གཏོང་བའི་བླང་བྱ་ལྟར། སློབ་སྦྱོང་སློབ་གསོ་བརྗོད་དོན་སློབ་གསོའི་གོ་རིམ་ཧྲིལ་པོའི་ཁྲོད་ཁྱབ་པར་བྱེད་པ་དང་། ཁྱོན་ཡོངས་ནས་གཟབ་ནན་གྱིས་སློབ་སྦྱོང་བྱས་ཏེ་བརྗོད་དོན་སློབ་གསོ་སློབ་སྦྱོང་ཁྲོད་དུ་ཏང་གཤིས་སྦྱོང་བརྡར་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་བྱེད་པ། ཆབ་སྲིད་གླེང་བ་དང་ཞིབ་ཕྲ་དམ་འཛིན་བྱེད་པ་གཉིས་ཚད་མཐོའི་གཅིག་གྱུར་བྱེད་པ་དང་། བསམ་བློར་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་དངོས་ཡོད་གནད་དོན་ཐག་གཅོད་པ་གཉིས་ཚད་མཐོན་པོའི་སྒོ་ནས་གཅིག་གྱུར་བྱེད་པ། ཏང་གི་ཐོག་མའི་སེམས་འདུན་སྲུང་འཛིན་བྱེད་པ་དང་སྲིད་གྲོས་ཀྱི་ལས་འགན་ཁག་ཁུར་བྱེད་པ་གཉིས་ཚད་མཐོན་པོའི་སྒོ་ནས་གཅིག་གྱུར་བྱེད་ཐུབ་པར་བྱས་ནས་ནུས་ཡོད་དང་གོ་རིམ་ལྡན་པ། ཕན་ཡོད་སྒོས་བརྗོད་དོན་སློབ་གསོ་ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ་གཟབ་ནན་གྱིས་སྤེལ་དགོས་ཟེར།

གྲོས་ཚོགས་སྟེང་། རྡོ་རྗེ་རབ་བརྟན་གྱིས་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་སེམས་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་གཉིས་ལ་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་ཀྲང་ཧྲིག་ཁྲིན། ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་། མཱ་ཧེ་དབྱིན། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་དང་། ཐིན་རིམ་པའི་ལས་བྱེད་པའི་འཐུས་ཚབ་པ་གསུམ་གྱིས་བསམ་བློ་དང་དངོས་ཡོད་བྱ་བ་གཉིས་ཟུང་སྦྲེལ་བྱས་ཏེ་བསམ་བློ་བརྗེ་རེས་སོགས་གཏམ་བཤད་སྤེལ་བ་དང་སློབ་སྦྱོང་གི་མྱོང་ཚོར་ཐད་ནས་ངོས་ཟིན་བཤད་པ་རེད།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་དང་ཏུའུ་ཏི་ཀྲི། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཙུའུ་ཁོངས་མི། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ་ཡི་འགན་ཁུར་མི་སྣ། ལས་ཁུངས་ཀྱི་ཏང་ཀྲི་པུའུ་སོ་སོ་སོགས་གྲོས་ཚོགས་ལ་ཞུགས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།