འབའ་རྫོང་ཁྲིམས་འཛིན་ཅུའུ་ཡི་ཁྲིམས་བསྒྲགས་སྤྱི་སྟེགས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་ཁྲིམས་ལུགས་ཤེས་བྱ་སྒྲོག་ཚུལ་མཐོར་འདེགས་སུ་ཕྱིན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། འབའ་རྫོང་ཁྲིམས་འཛིན་ཅུའུ་ཡིས་བསྒྲུབས་པའི་ཁྲིམས་བསྒྲགས་སྤྱི་སྟེགས་ནི། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཅན་ཞིག་ཡིན་པ་མ་ཟད། རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་བར་ཐག་མེད་པའི་ཁྲིམས་བསྒྲགས་དང་བཅའ་ཁྲིམས་ཞབས་ཞུའི་འཕྲིན་སྟེགས་གལ་ཆེན་ཞིག་ཀྱང་ཡིན། སྤྱི་སྟེགས་འདིའི་ཁྱབ་རྒྱ་སྔར་ལས་ཆེ་རུ་གཏོང་བ་དང་ཁྲིམས་ལུགས་ཁྱབ་གདལ་གྱི་ཕན་འབྲས་ཇེ་ལེགས་སུ་གཏོང་ཆེད། ཉེ་ཆར་ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་སྤྱི་སྟེགས་ཁྱབ་གདལ་དྲིལ་སྒྲོག་བྱེད་སྒོ་སྤེལ་ཏེ། ལས་བཟོ་བ་ཡོངས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ནང་ཞུགས་པར་སྐུལ་འདེད་བཏང་།

གཅིག མཐོང་ཆེན་བྱེད་ཚད་ཆེ་རུ་བཏང་ནས་ཤུགས་རྐྱེན་ཇེ་ཟབ་ཏུ་བཏང་བ། རྫོང་ཁྲིམས་འཛིན་ཅུའུ་ཡི་འགོ་ཁྲིད་ཀྱིས་ཁྲིམས་སྒྲོག་བྱེད་སྒོ་འདི་གཙིགས་ཆེན་དུ་བཟུང་སྟེ། ཁྲིམས་སྒྲོག་ལས་སྒྲུབ་པ་དང་ཁྲིམས་ལུགས་དྲིལ་སྒྲོག་མཁན་དག་ལ་ཁྲིམས་ལུགས་དྲིལ་སྒྲོག་གི་བྱ་བ་ཡག་པོར་སྒྲུབ་དགོས་པ་དང་། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ནང་གི་ལས་མི་ཡོངས་ཀྱིས་སྤྱི་སྟེགས་འདི་ལ་དོ་ཁུར་བྱ་རྒྱུར་སྐུལ་སློང་བྱས་པ་མ་ཟད། སྡེ་ཁུལ་ཡོ་བསྲང་གི་ཞབས་ཞུའི་ཚོམས་ཆེན་དང་། བཅའ་ཁྲིམས་རོགས་སྐྱོར་མཁོ་འདོན་བྱེད་ས། ཁྲིམས་འཛིན་སུའོ་ཡི་གཞུང་ལས་ཁང་། ཁྲིམས་རྩོད་པའི་ལས་གཉེར་ཁང་། གཞི་རིམ་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་བཅས་ཀྱི་མདུན་སྟེགས་དང་། གཞི་རིམ་གྱི་ཞང་དང་གྲོང་རྡལ། སྡེ་བ་སོ་སོའི་ཏང་ཡོན་བྱེད་སྒོ་ཁང་། མི་ཚོགས་མང་པོ་འདུས་སའི་ཁྲོམ་ར་དང་འདུ་གནས་གལ་ཆེན་སོགས་སུ། ཁྲིམས་སྒྲོག་སྐད་འཕྲིན་སྤྱི་རྟགས་ཀྱི་བཤེར་རིས་སྦྱར་ཏེ་མང་ཚོགས་ཀྱིས་བཤེར་ཕབ་དང། དོ་ཁུར་བྱ་རྒྱུར་སྟབས་བདེ་གང་ལེགས་བསྐྲུན།

གཉིས། མང་ཚོགས་ལ་སྐུལ་སློང་བྱས་ནས་དོ་ཁུར་བྱ་རྒྱུར་སྐུལ་མ་བཏང་བ། QQཚོགས་པ་དང་། སྐད་འཕྲིན་ཚོགས་པ། གྲོགས་ཚོམས། ལས་ཀའི་གླིང་བཅས་སུ་སྤྱི་སྟེགས་འདིའི་རྩ་གཉིས་ཨང་བཤེར་དང་ནང་དོན་བརྒྱུད་སྐུར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་སློང་གང་ལེགས་བྱས་ནས་སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱེད་དུ་བཅུག་ཅིང་། རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་བཟོ་བ་དང་། ཁྲིམས་རོགས་པ། བཅའ་ཁྲིམས་ཞབས་ཞུ་བ་བཅས་ཀྱིས་འཕྲིན་རྟགས་ལ་དོ་ཁུར་བྱས་ཚད100%ལ་སླེབས།

གསུམ། སྨྱན་སྦྱོར་ལ་བརྟེན་ནས་བརྩམས་ཆོས་སྤུས་དག་འོས་སྦྱོར་བྱས་པ། རྫོང་ཁྲིམས་འཛིན་ཅུའུ་ཡིས་འཕྲིན་གསར་དང་དཔེ་མཚོན་གྱོད་དཔེ་འཚོལ་བསྡུ་སོགས་ཀྱི་བྱ་བར་ཤུགས་བསྣན་ནས། གཟའ་འཁོར་རེར་ནང་དོན་གསར་བ་བཀོད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཞབས་མཆན་བཀོད་ནས་དམངས་ཀྱི་གནས་ཚུལ་གོང་ཞུ་དང་ཁྲིམས་ལུགས་ཐད་ཀྱི་དྲི་བ་འདོན་པར་སྐུལ་འདེད་བྱས་པས། ཀློག་གྲངས་ཆེས་ཆེར་གོང་དུ་འཕེལ་བ་དང་དམངས་ཁྲོད་དུ་ཁྲིམས་ལུགས་ཤེས་བྱར་སློབ་སྦྱོང་བྱེད་པའི་ཁ་དབུགས་གསར་བ་ཞིག་བསྐྲུན་པར་གོ་སྐབས་དང་སྣེ་ཁྲིད་ཀྱི་ནུས་པ་ལེགས་པོ་མཐོན་པ་མ་ཟད། སྤེལ་ཐེངས་རྗེས་མའི་ཁྲིམས་སྒྲོག་ལེ་ཚན་དུ་སྤེལ་ཐེངས་སྔོན་མར་མང་ཚོགས་ཀྱིས་བཏོན་པའི་ཁྲིམས་ཀྱི་དྲི་བར་ལན་གསལ་བོ་བཏབ་ནས། མུ་མཐུད་དུ་ཤུགས་རྐྱེན་མཐོར་འདེགས་དང་ཁྱབ་རྒྱ་ཇེ་ཆེར་འགྲོ་བར་ཁག་ཐེག་བྱས་ནས་དཔེ་མཚོན་ལྡན་པའི་གྱོད་དཔེ་ཡག་པོ་དང་། ཉམས་མྱོང་བཟང་བོ། བྱེད་སྟངས་གསར་བ་བཅས་དུས་ཐོག་ཏུ་བརྒྱུད་སྒྲོག་བྱས་ཏེ་ཁྲིམས་ལུགས་ཁྱབ་གདལ་གྱི་དགེ་མཚན་སྔར་མངོན་པར་བཏོད།

བཞི། བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་ནས་མང་ཚོགས་ལ་ཞབས་ཞུ་བསྒྲུབས་པ། བྱེད་ཐབས་ལེགས་པོ་བཏོན་ནས་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་དུ་བཏང་བ་བརྒྱུད། འབའ་རྫོང་ཁྲིམས་འཛིན་ཅུའུ་ཡི་ཁྲིམས་སྒྲོག་སྟེགས་བུའི་ཤུགས་རྐྱེན་རང་གི་ས་གནས་ལས་ཆེས་ཆེར་བརྒལ་བརྒལ་ཏེ་རྫོང་གཞན་པ་དང་ཁུལ་གཞན་པ། ཐ་ན་ཞིང་ཆེན་གཞན་པའི་རོང་འབྲོག་མང་ཚོགས་མང་པོར་ཤུགས་རྐྱེན་ཟབ་མོ་ཐེབས་དང་ཐེབས་བཞིན་ཡོད་པས། ཀུན་གྱིས་དོ་ཁུར་དང་དགའ་བསུ་ཚད་མེད་ཐོབ་ཅིང་། མིག་སྔར་སྤེལ་ཐེངས་གཅིག་གི་ཀློག་གྲངས་ཁྲི་གཅིག་དང་སྟོང་གསུམ(13000)ལས་བརྒལ་བས་ཟིན་ཐོ་གསར་བ་སྐྲུན་ཡོད། མ་འོངས་པར་ངེད་ལས་ཁུངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འཕྲིན་སྟེགས་འདི་བརྒྱུད་དེ་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་མ་ཟད། སྔར་ལས་ལྷག་པའི་བྱེད་ཐབས་གསར་བ་དང་རྣམ་པ་གསར་བ། ནང་དོན་གསར་བ་ཁ་གསབ་དང་སྔོག་འདོན་བྱས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་བཅའ་ཁྲིམས་ཤེས་བྱར་སློབ་སྦྱོང་དང་བློ་འདྲི་བྱེད་སའི་སྟེགས་བུ་ཆེན་པོ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་རྒྱུ་ཡིན།