ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་དང་ཕྱི་ཚུལ་རིང་ལུགས་ལ་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱ་བའི་སྐུལ་འདེད་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་དང་ཕྱི་ཚུལ་རིང་ལུགས་ལ་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་རེད།

ཚོགས་འདུའི་ཐོག་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་དང་ཕྱི་ཚུལ་རིང་ལུགས་ལ་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་སྲིད་གྲོས་གཞུང་དོན་ཐིང་དང་དེ་བཞིན་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཡན་ལག་ཏང་ཙུའུ་དང་། ཏང་ཀྲི་པུའུ་ཡིས་གཅིག་སྡུད་བཅོས་སྒྲིག་བྱ་བ་སྤེལ་ནས་དག་ཐེར་དོན་འཁྱོལ་དང་ལམ་ལུགས་འཛུགས་སྐྱོང་བྱས་ཚུལ་གྱི་སྙན་ཞུར་ཉན་པ་རེད།

ཀྲང་ཧྲིག་ཁྲིན་གྱིས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས“སློབ་སྦྱོང་སློབ་གསོ་དང་། རང་བརྟག་རང་བཅོས། གཅིག་སྡུད་ལེགས་བཅོས”བཅས་དུས་མཚམས་གསུམ་གྱི་བྱ་བའི་ལས་འགན་དང་བསྡུར་ནས་གཅིག་སྡུད་བཅོས་སྒྲིག་བྱ་བའི་དམིགས་སའི་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱས་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། བྱ་བའི་འཇོན་ཐང་ཆེ་རུ་ཕྱིན་པ། བྱ་བའི་བྱེད་སྟངས་གསར་གཏོད་བྱས་པ། དག་ཐེར་བྱ་ཐབས་དོན་འཁྱོལ་བྱས་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། གཅིག་སྡུད་བཅོས་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བ་བཅས་ཀྱི་སྒོ་ནས།ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་བསྟན།

ཀྲང་ཧྲིག་ཁྲིན་གྱིས་བསྟན་དོན། མ་འོངས་པར་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཐུན་མོང་ལེགས་སྒྲིག་བྱ་བ་དང“ཐོག་མའི་སེམས་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་སློབ་གསོ་དང་གཞི་རིམ་གྱི་འགན་ཁུར་ཇེ་ཡང་ལ་གཏོང་བའི་བྱ་བ་བཅས་གཞི་གཅིག་ཏུ་སྦྲེལ་ནས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འཐབ་ཕྱོགས་དང་པོ་བཞི་དང་ཆབ་སྲིད་ལས་ཁུངས་ཀྱི་བླང་བྱ་ལྟར། བར་མ་ཆད་པའི་སྒོ་ནས་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཐུན་མོང་ལེགས་སྒྲིག་བྱ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་ལག་ལེན་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏང་དགོས་ལ། ཐུན་མོང་ལེགས་སྒྲིག་བྱ་བ་བདེན་སྒྲུབ་དང་གཏིང་ཟབ་དུ་བཏང་ནས། ལམ་ལུགས་འཛུགས་སྐྲུན་འཐུས་སྒོ་ཚང་བ་ཞིག་བསྐྲུན་ཏེ། བྱེད་ནུས་དང་སྤུས་ཚད། ལས་རིམ་ཁག་གི་ཕན་འབྲས་བཅས་མངོན་གསལ་ཇེ་མཐོར་གཏང་དགོས་པ་བསྟན།

ལོ་ཙཱ་བ། གཡང་སྐྱིད།