ནག་སེལ་ངན་འཇོམས་ཆེད་དམིགས་འཐབ་རྩོད་ཀྱི་ཤེས་བྱའི་དྲི་བ་དྲིས་ལན།

“ནག་ཚོགས་ངོ་བོ་ལྡན་པའི་རྩ་འཛུགས”ལ་དུས་མཚུངས་སུ“རྟགས་བཞི”ཚང་བ་གང་དག་རེད།

(1)རྩ་འཛུགས་ཀྱི་ཁྱད་ཆོས། ཅུང་བརྟན་འཇགས་ཡིན་པའི་ཉེས་གསོག་རྩ་འཛུགས་གྲུབ་ཅིང་། མི་གྲངས་ཅུང་མང་བ་དང་། སྒྲིག་འཛུགས་བྱེད་མཁན་དང་འགོ་ཁྲིད་བྱེད་མཁན་གསལ་པོ་ཡོད་ལ། རྐང་འཛིན་ཁོངས་མི་གཞི་རྩའི་ཆ་ནས་གཏན་འཇགས་ཡིན་པ།

(2)དཔལ་འབྱོར་གྱི་ཁྱད་ཆོས། རྩ་འཛུགས་ཡོད་པའི་སྒོ་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྤེལ་བའམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་དཔལ་འབྱོར་གྱི་ཁེ་ཕན་ཐོབ་ཅིང་། དཔལ་འབྱོར་གྱི་སྟོབས་ཤུགས་ངེས་ཅན་ཞིག་ཡོད་པར་བརྟེན་རྩ་འཛུགས་དེའི་བྱེད་སྒོར་རྒྱབ་སྐྱོར་བྱེད་པ།

(3)བྱ་སྤྱོད་ཀྱི་ཁྱད་ཆོས། དྲག་ཤུགས་དང་འཇིགས་སྐུལ་ལམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་རྩ་འཛུགས་ཡོད་པའི་སྒོ་ནས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཐེངས་མང་སྤེལ་ཏེ་ཁྲིམས་མེད་ལུགས་མེད་དང་། མང་ཚོགས་ལ་བརྙས་བཅོས་གཉའ་གནོན་དང་གདུག་གསོད་བྱེད་པ།

(4)གནོད་སྐྱོན་རང་བཞིན་གྱི་ཁྱད་ཆོས། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་བའམ་ཡང་ན་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་འགེབས་སྲུང་ངམ་རྒྱ་ཡན་དུ་གཏོང་བར་བརྟེན་ནས་ཡུལ་གཅིག་ཧམ་འཛིན་བྱས་ཏེ་ས་ཁོངས་སམ་ལས་རིགས་ངེས་ཅན་ཞིག་ནང་ཁྲིམས་འགལ་གྱིས་ཚོད་འཛིན་ནམ་ཤུགས་རྐྱེན་ཚབས་ཆེན་བཟོས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཚོ་བའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་གཏོང་བ།

ནག་ཕྱོགས་དང་འབྲེལ་བའི་བྱས་ཉེས་ལ་རིགས་གང་དག་ཡོད།

དེའི་ནང་ནག་ཚོགས་ངོ་བོ་ལྡན་པའི་རྩ་འཛུགས འགོ་ཁྲིད། དེའི་ནང་ཞུགས་པ་བཅས་ཀྱི་བྱས་ཉེས་དང་། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་མངའ་ཁོངས་སུ་འཛུལ་ཏེ་འཕེལ་རྒྱས་གཏོང་བ། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་འགེབས་སྲུང་དང་རྒྱ་ཡན་དུ་གཏོང་བའི་བྱས་ཉེས་ཚུད་ཡོད། 

ལོ་ཙཱ་བ།རྟ་མགྲིན་དཔལ།