ད་ལོའི་མཐོ་རྒྱུགས་ལ་རང་ཞིང་གིས་རྒྱལ་ཁབ་སློབ་གསོའི་རྒྱུགས་ལེན་བརྡ་འཕྲིན་ཅན་གྱི་ཕྱོགས་བསྡུས་བདག་དོམ་སྟེགས་བུ་ཁྱོན་ཡོངས་ནས་ཤར་གཏོང་བྱས་པ།

མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སློབ་གསོའི་རྒྱུགས་ལེན་བརྡ་འཕྲིན་ཅན་གྱི་ཕྱོགས་བསྡུས་བདག་དོམ་སྟེགས་བུ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ6ཚེས5ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོའི་སློབ་སྡུད་རྒྱུགས་ལེན་གླིང་གིས་རྒྱུགས་ལེན་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་པ་དང་། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སློབ་གསོའི་རྒྱུགས་ལེན་བརྡ་འཕྲིན་ཅན་གྱི་ཕྱོགས་བསྡུས་བདག་དོམ་སྟེགས་བུ་ལ་ཁྱོན་ཡོངས་ནས་མ་ལག་རང་བཞིན་ལྡན་པའི་ངང་ངོ་སྤྲོད་བྱས་པ་རེད།

མཐོ་རྒྱུགས་རྒྱུགས་དོན་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། མཐོ་རྒྱུགས་རྒྱུགས་དོན་དང་བརྡ་འཕྲིན་ཅན་མཉམ་བསྲེས་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་བྱེད་པ། རྒྱུགས་ཞུགས་སློབ་བསྡུའི་ལམ་ལུགས་བཅོས་སྒྱུར་གྱི་གནས་བབ་དང་བསྟུན་ནས། རྒྱུགས་ལེན་གྱི་དྲང་བདེན་དྲང་བཞག་ལ་སྐུལ་འདེད་དང་མཐོ་རྒྱུགས་ཀྱི་བདེ་འཇགས་གལ་ཆེན་བྱེད་ཐབས་མངོན་འགྱུར་བྱས་ཡོད། ལོ་འདི་དག་གི་རིང་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་འོག་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱི་རྒྱབ་སྐྱོར་ཐོབ་པས། ཞིང་ཆེན་སློབ་གསོ་སློབ་སྡུད་རྒྱུགས་ལེན་གླིང་གིས་རྒྱུགས་དོན་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ནས་མ་དངུལ་སྒོར་ཁྲི7000ལྷག་བཏང་ཞིང་། རྒྱལ་ཡོངས་ཀྱི་སློབ་གསོའི་རྒྱུགས་ལེན་བརྡ་འཕྲིན་ཅན་གྱི་ཕྱོགས་བསྡུས་བདག་དོམ་སྟེགས་བུའི་འཛུགས་སྐྲུན་ལས་གཞིའི་མདུན་གྲས་སུ་བསླེབས་པར་མ་ཟད། ད་ལོའི་མཐོ་རྒྱུགས་ཁྲོད་ཁྱོན་ཡོངས་ནས་བེད་སྤྱོད་བྱས་ཏེ། རང་ཞིང་གི་མཐོ་རྒྱུགས་རྒྱུགས་དོན་བདག་དོམ་མ་ལག་སྔར་ལས་མཐོར་འདེགས་དང་མཐོ་རྒྱུགས་བདེ་འཇགས་མངོན་འགྱུར་འོག་བརྡ་འཕྲིན་གྱི་རྨང་གཞི་བརྟན་པོ་ཞིག་བཏང་ཡོད་པ་རེད།

ཕྱོགས་བསྡུས་བདག་དོམ་སྟེགས་བུ་བརྒྱུད་དེ་རྒྱུགས་དོན་བདག་དོམ་ལས་བྱེད་མི་སྣས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་ལེན་གྲ་སྒྲིག་ནས་རྒྱུགས་ལེན་བྱ་བའི་མཇུག་རྫོགས་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་ནས་རྩད་གཅོད་སྐོར་གཡེང་བྱེད་པ་དང་བརྙན་རིས་ལ་བརྟེན་ནས་བཀོད་འདོམས་བྱེད་པ། རྒྱུགས་ལེན་སློབ་མའི་ཐོབ་ཐང་ལ་ཞིབ་བཤེར་བྱེད་པ། སྐུད་མེད་གློག་ཆས་ལ་བརྟེན་ནས་གཡོ་ལས་བྱེད་པར་སྔོན་འགོག་ཚོད་འཛིན་བྱེད་པ། གསང་དོན་ཁང་གིས་རིག་ནུས་ལས་སྲུང་བྱེད་པ། རྒྱུགས་ཤོག་གསང་དོན་སྒམ་ཆུང་བདག་དོམ་དང་རྒྱུགས་ལེན་མཁན་ལ་བརྙན་རིས་བརྒྱུད་དེ་དུས་ལྟར་ལྟ་ཞིབ་ཚད་ལེན་དང་བཀོད་འདོམས་བྱེད་པ། དེ་དང་ཆབས་ཅིག་རིགས་སོ་སོ་དང་གོ་རིམ་སོ་སོར་ཁ་གཏད་རང་བཞིན་གྱི་རྩད་གཅོད་ལྟ་རྟོག་ནན་མོ་བྱ་ཐུབ་པ་རེད།

ལས་བྱེད་མི་སྣས་དམ་རྒྱ་ཅན་གྱི་རྒྱུགས་ཤོག་བླུགས་སྒམ་སྤྲོད་བྱེད་བཞིན་པ།

གསར་འགོད་མི་སྣས་ཕྱོགས་བསྡུས་བདག་དོམ་སྟེགས་བུའི་སྟེང་ནས་ཤེས་གསལ་བྱུང་བ་ལྟར་ན། སྟེགས་བུ་གང་དེས་ཁྱོན་ཡོངས་ནས་རྒྱུགས་ཤོག་སྐྱེལ་འདྲེན་དང་བདག་ཉར་བདག་དོམ། རྒྱུགས་ཤོག་མར་འགྲེམས་པ། རྒྱུགས་ཤོག་ཕྱིར་བསྡུ་བྱེད་པ་སོགས་ཀྱི་གོ་རིམ་ཡོད་ཚད་ལ་བརྙན་མིག་གིས་ལྟ་རྟོག་བྱས་ཡོད། རང་ཞིང་གི་ས་ཁོངས་ཧྲིལ་པོར་ཁྱབ་རྒྱ་ཆེ་བ་དང་རྒྱུགས་གནས་ཁ་འཐོར་དུ་ཡོད་པ། རྒྱུགས་ཤོག་སྐྱེལ་འདྲེན་བྱེད་སའི་ལམ་ཐག་ཅུང་རིང་བ། རྒྱུགས་དོན་བདག་དོམ་དང་ཞབས་ཞུའི་ཚད་གཞི་ཆེ་བ་བཅས་ཀྱི་དབང་གིས་བདེ་འཇགས་ཐད་ལ་འགལ་རྐྱེན་རང་བཞིན་ཅུང་ཆེ་བ་རེད། ད་ལོ་རང་ཞིང་གིས་བརྒྱུད་རིམ་ཡོངས་ལGPSཡི་གཏན་ཁེལ་གནས་དང་རྒྱུན་ལྡན་མིན་པའི་གནས་ཚུལ་འོག་སྒམ་ཆུང་གིས་ཁ་འབྱེད་པར་ཉེན་བརྡ་རྒྱག་པ། དྲ་སྦྲེལ་གཞི་གྲངས་བརྒྱུད་སྤྲོད་སོགས་ཀྱི་བྱེད་ནུས་ལ་ཞིབ་འཇུག་ལག་བསྟར་བྱས་ཏེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསླེབས་ཡོད། དེ་མིན་རྒྱུགས་ཤོག་འཇོག་སའི་སྒམ་ཆུང་ལ་བྱེ་བྲག་གི་མེ་འགོག་དང་ཆུ་འགོག་སོགས་ཀྱི་བྱེད་ནུས་ལྡན་པ་མ་ཟད། ཟླ6ཚེས5ཉིན་ཁྱོན་ཡོངས་ནས་ཞིང་ཆེན་ནང་ཁུལ་གྱི་རྒྱུགས་གནས34ལ་གསང་བའི་སྒོ་ནས་སྐྱེལ་འདྲེན་བྱས་ཡོད། བྱེད་ཐབས་འདིས་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་སྐྱེལ་སྲུང་གོ་རིམ་བྱ་བའི་བདེ་འཇགས་བྱ་བར་སྔར་ལས་ཤུགས་སྣོན་བྱས་ཤིང་། རྒྱུགས་ཤོག་སྲུང་སྐྱེལ་གཏན་ཁེལ་རླངས་འཁོར་དང་སྐྱེལ་འདྲེན་རླངས་འཁོར། རྒྱུགས་ཤོག་དང་རྒྱུགས་ཤོག་མར་བཀྲམས་པའི་བརྒྱུད་རིམ་ཧྲིལ་པོར་བརྙན་མིག་གིས་ལྟ་རྟོག་མངོན་འགྱུར་བྱས་པ་མ་ཟད། རྒྱུགས་ཤོག་གི་བདག་དོམ་དེའི་ཆེས་མཐའ་མཇུག་གི་ལྐོག་ཞའི་རང་བཞིན་ཡང་གསེད་བཀྲོལ་བྱས་ཟིན།

དེ་ལས་གཞན་ཕྱོགས་བསྡུས་བདག་དོམ་སྟེགས་བུའི་བེད་སྤྱོད་དེས་རྒྱུགས་ལེན་མི་སྣའི་ཐོབ་ཐང་གི་གནས་ཚུལ་ལ་སྔར་ལས་ཞིབ་བཤེར་བྱས་ཤིང་། ཚབ་རྒྱུགས་ལེན་པ་དང་རྒྱུགས་ཞུགས་ནོར་བ། གཡོ་ལས་སོགས་ཀྱི་མི་ལེགས་པའི་བྱ་སྤྱོད་འགོག་སྲུང་ཐད་ལ་བྱེད་ནུས་ངེས་ཅན་ཞིག་ཐོན་ཐུབ། ད་ལོའི་མཐོ་རྒྱུགས་དང་རྒྱུགས་ཞུགས་པ་རྒྱུགས་ར་ལ་འགྲོ་བའི་ཐད་ཐོབ་ཐང་ཞིབ་བཤེར+ངོ་གདོང་བཤེར་འབེབས+མཛུབ་རིས་ཞིབ་སྡུར་བཅས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཡོད། མ་ལག་གང་དེས་རྒྱུགས་ཞུགས་སློབ་མ་དག་གིས་མིང་ཐོ་འགོད་སྐབས་རྒྱུགས་ཞུགས་སློབ་མ་དག་གི་གཞི་གྲངས་འཚོལ་བསྡུ་དང་ཐོབ་ཐང་དཔང་ཡིག་ཞིབ་ཀློག མགོ་བརྙན་པར་དུ་འདེབས་པ། ངོ་གདོང་ངོས་འཛིན་ཞིབ་བཤེར་བྱེད་པ་བཅས་ཀྱི་མ་ལག་གིས་ཞིབ་བཤེར་ཡོངས་འགྲུབ་བྱས་ནས། ངོས་འཛིན་མྱུར་ཚད་དང་ཡང་དག་པའི་ཚད་མཐོ་རུ་བཏང་སྟེ་རྒྱུགས་ལེན་རྩལ་ནུས་ཆུ་ཚད་མཐོར་འདེགས་སུ་བཏང་ཡོད།

ཕྱོགས་བསྡུས་བདག་དོམ་སྟེགས་བུ་བརྒྱུད་དེ་ལས་བྱེད་མི་སྣ་དག་གིས་ཉིན་རེར་རྒྱུན་ལྡན་གྱི་བྱ་བར་ཞིབ་བཤེར་བྱེད་བཞིན་པ།

མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སློབ་གསོའི་རྒྱུགས་ལེན་བརྡ་འཕྲིན་ཅན་ཕྱོགས་བསྡུས་བདག་དོམ་སྟེགས་བུ།

རྒྱུགས་ཞུགས་སློབ་མ་དག་གིས་དཔེར་མཚོན་རྒྱུགས་ར་ལ་ཞུགས་པར་སྦྱོང་བརྡར་བྱེད་བཞིན་པ།

རྒྱུགས་ཞུགས་སློབ་མ་དག་གིས་དཔེར་མཚོན་རྒྱུགས་ར་ལ་ཞུགས་པར་སྦྱོང་བརྡར་བྱེད་བཞིན་པ།

རྒྱུགས་ཞུགས་སློབ་མ་དག་གིས་དཔེར་མཚོན་རྒྱུགས་ར་ལ་ཞུགས་པར་སྦྱོང་བརྡར་བྱེད་བཞིན་པ།


རྒྱུགས་ཞུགས་སློབ་མ་དག་གིས་དཔེར་མཚོན་རྒྱུགས་ར་ལ་ཞུགས་པར་སྦྱོང་བརྡར་བྱེད་བཞིན་པ།

རྒྱུགས་ཞུགས་སློབ་མ་དག་གིས་དཔེར་མཚོན་རྒྱུགས་ར་ལ་ཞུགས་པར་སྦྱོང་བརྡར་བྱེད་བཞིན་པ།

རྒྱུགས་ཞུགས་སློབ་མ་དག་གིས་དཔེར་མཚོན་རྒྱུགས་ར་ལ་ཞུགས་པར་སྦྱོང་བརྡར་བྱེད་བཞིན་པ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།