སྟོང་སྐོར་རྫོང་གིས་ལ་སེར་འདེབས་འཛུགས་ལག་རྩལ་ཁྱོན་ཡོངས་ནས་འཕྲུལ་ཆས་ཅན་དུ་མངོན་འགྱུར་བྱས་པ།


2016ལོའི་ཡར་སྔོན་དུ་སྟོང་སྐོར་རྫོང་གིས་ལ་སེར་འདེབས་འཛུགས་དེ་སྔར་བཞིན་སྲོལ་རྒྱུན་གྱི་མིའི་རྩོལ་བར་བརྟེན་ནས་འདེབས་འཛུགས་བྱེད་པའི་དུས་རིམ་དུ་ཡོད་ལ། ལ་སེར་གྱི་ཚོན་མདོག་དང་དབྱིབས་མི་ལེགས་ལ། ལས་རྩོལ་ཐད་ལ་མ་རྩ་མཐོན་པོ་གཏང་དགོས་པ་བཅས་ཀྱིས་རིམ་བཞིན་ཁྲོམ་རའི་འདོར་བསྐྱུར་བྱས་སོང་། འདི་ལྟ་བུའི་གནས་ཚུལ་གྱི་དབང་གིས་སྟོང་སྐོར་རྫོང་གི་སྔོ་ཚོད་ལག་རྩལ་དར་སྤེལ་ས་ཚིགས་ཀྱིས་ཧྲན་ཏུང་དང་ཀན་སུའུ་སོགས་ཀྱི་ལ་སེར་འདེབས་འཛུགས་འཕྲུལ་ཆས་འདྲ་མིན་སྣ་ཚོགས་ནང་འདྲེན་བྱས་པ་རེད། འོན་ཀྱང་ལོ་དང་པོའི་ཚོད་ལྟའི་འདེབས་འཛུགས་ཁྲོད་འཕྲུལ་ཆས་སྒེར་དོམ་ཚད་ལས་མཐོ་བ་དང་འདེབས་འཛུགས་ཚད་མོད་པ་སོགས་ཀྱི་གནད་དོན་ལ་འཕྲད་པས་ས་ཆུ་མི་འཕྲོད་པའི་གནད་དོན་ཚབས་བྱུང་བ་རེད།


གནད་དོན་འདི་དག་ཐག་གཅོད་བྱེད་ཆེད་སྟོང་སྐོར་རྫོང་སྔོ་ཚོད་ལག་རྩལ་དར་སྤེལ་ས་ཚིགས་ཀྱིས་འདེབས་འཛུགས་རིམ་པ་དང་པོར་རྩད་གཅོད་ཞིབ་འཇུག་ནན་ཏན་བྱས་ཏེ་བསམ་གཞིག་གང་ལེགས་བཏང་ནས། མཉམ་ལས་ཁང་དང་འདེབས་འཛུགས་དུད་ཁྱིམ་ཆེན་པོ་སྐོར་ཞིག་ལ་སྣེ་ཁྲིད་དེ་རང་ས་གནས་ཀྱི་ལ་སེར་འདེབས་འཛུགས་ལ་འཚམ་པའི་འཕྲུལ་ཆས་གསར་པ་ཞིག་ལ་ཞིབ་འཇུག་གསར་བཟོ་བྱེད་དུ་བཅུག དེ་ཡང་འདེབས་འཛུགས་ཐད་ཀྱི་སྟར་ཕྲེང་དང་བསྟར་ཁ། མཐོ་དམའ་སོགས་ནས་འགོ་བརྩམས་ཏེ་དཀའ་ཁག་གང་མང་ཞིག་འཕྲལ་སེལ་བྱས་པ་བརྒྱུད་རང་ས་གནས་ལ་འཚམ་པའི་ལ་སེར་འདེབས་འཛུགས་ཀྱི་འཕྲུལ་ཆས15ལ་ཚོད་ལྟ་བྱས་ཏེ་ལེགས་འགྲུབ་བྱུང་བ་རེད། དེ་ནི་རྫོང་ཡོངས་ཀྱི་ས་དབྱིབས་མི་འདྲ་བ་དག་ལ་འདེབས་འཛུགས་བྱེད་པའི་འཕྲུལ་ཆས་ལ་འཚམ་ངེསཔ་ཞིག་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།