མཚོ་སྔོན་ཞིང་ཆེན་གྱིས་དྲ་རྒྱའི་བདག་དབང་བརྐུ་འཁྱེར་ཐད“2019ལོའི་དྲ་རྒྱའི་རལ་གྲི་ངར་མ”ཞེས་པའི་ཆེད་དོན་རྡུང་རྡེག་བྱ་འགུལ་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། རྒྱལ་ཁབ་པར་སྐྲུན་བདག་དབང་ཅུའུ་སོགས་ཀྱི་ཨུ་ཡོན་ལྷན་ཁང་བཞི་ཡི་བྱ་བའི་བཀོད་སྒྲིག་གཞིར་བཟུང་སྟེ། དྲ་རྒྱའི་བདག་དབང་གི་ཁྲིམས་འཛིན་ནུས་ཤུགས་སྔར་ལས་ཇེ་དྲག་དང་དྲ་རྒྱའི་བདག་དབང་གི་སྲུང་སྐྱོབ་ཆུ་ཚད་མཐོར་འདེགས། བདག་དབང་མི་སྣའི་ཁྲིམས་མཐུན་ཁེ་དབང་གི་འབྲེལ་ཡོད་ལ་འགན་སྲུང་ཐུབ་པ་བཅས་བྱ་ཆེད། ཉེ་ལམ་ཞིང་ཆེན་པར་སྐྲུན་བདག་དབང་ཅུའུ་དང་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བརྡ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་བརྡ་འཕྲིན་བདག་དོམ་ཅུའུ་སོགས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཐོ་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། དེའི་ནང་དུ་ཟླ5པ་ནས་ཟླ10པའི་བར་དུ་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདག་དབང་བརྐུ་འཁྱེར་ཐད“2019ལོའི་དྲ་རྒྱའི་རལ་གྲི་ངར་མ”ཞེས་པའི་ཆེད་དོན་རྡུང་རྡེག་བྱ་འགུལ་སྤེལ་རྒྱུ་ཐག་གཅོད་བྱས་པ་རེད།

ཐེངས་འདིའི་ཆེད་དོན་བྱ་འགུལ་གྱིས་མི་དམངས་སྲོག་ཤིང་དུ་འཛིན་པའི་བྱ་བའི་འཁོར་ཕྱོགས་རྒྱུན་འཁྱོངས་ཀྱིས་ཁེ་དབང་མི་སྣ་དང་མང་ཚོགས་ལ་ཤུགས་རྐྱེན་ཟབ་མོ་ཡོད་པའི་དྲ་རྒྱའི་བདག་དབང་བརྐུ་འཁྱེར་གྱི་གནད་དོན་དག་གཙོ་བོར་བཟུང་སྟེ། བདག་དབང་བརྐུ་འཁྱེར་གྱི་ཁྲིམས་འཛིན་ལྟ་སྐུལ་བདག་དོམ་ནུས་ཚད་མུ་མཐུད་དུ་ཆེས་ཆེར་གཏོང་བ། སྨྱན་བྱད་མཉམ་བསྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་ནུས་པ་འདོན་པ། གློག་བརྙན་ཁང་དང་དྲ་རྒྱའི་གློག་བརྙན་ཁང་གི་བདག་དབང་བརྐུ་འཁྱེར་ཆེད་དོན་སྲུང་སྐྱོབ་བཅས་ཀྱི་སྨྱན་བྱད་དང་འདྲ་རིས་ཁྱབ་ཁོངས་ཁྲོད་ཀྱི་དྲ་རྒྱའི་བདག་དབང་བརྐུ་འཁྱེར་སོགས་ཀྱི་བྱ་སྤྱོད་ལ་དག་ཐེར་བྱས། གྱོད་དོན་རྩད་གཅོད་འབུར་ཐོན་དང་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་བ། ཁེ་དབང་མི་སྣ་ལ་བསམ་འཆར་ངེས་ཅན་ལྡན་པ་དང་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་ཡོད་པའི་བདག་དབང་བརྐུ་འཁྱེར་བྱས་པའི་དྲ་ཚིགས། བརྒྱུད་རིམ་བབ་བསྟུན་དང་གློག་རྡུལ་ཚོང་དོན་སྟེགས་བུའི་དྲ་རྒྱའི་ཚོང་ཁང་བཅས་ལ་ཁྲིམས་ལྟར་རྩད་གཅོད་ནན་མོ་བྱས་ཏེ། འབྲེལ་ཡོད་ལས་རིགས་ཀྱི་བདག་དབང་སྒྲིག་སྲོལ་འགྲོ་རིམ་འཐུས་ཚང་ཅན་ཏུ་བཏང་པ་རེད།

ཆེད་དོན་འགུལ་སྐྱོད་སྐབས་སུ་མཚོ་སྔོན་གྱི་རིམ་པ་སོ་སོའི་པར་སྐྲུན་བདག་དབང་དང་དྲ་རྒྱའི་བརྡ་འཕྲིན། འཕྲིན་སྐྱེལ་བདག་དོམ། སྤྱི་བདེ་སྡེ་ཁག་སོགས་ཀྱིས་མཉམ་འབྲེལ་ཟུང་འབྲེལ་སྒོས་རང་རང་གི་ཆེད་ལས་གནས་བབ་ལེགས་པོ་འདོན་སྤྲོད་བྱས་ཏེ། དྲ་རྒྱའི་ལྟ་སྐུལ་ཚད་ལེན་བྱེད་ཐབས་དང་ལག་རྩལ་བེད་སྤྱད་ནས། མཚོ་སྔོན་ནང་ཁུལ་དུ་ཐོ་འགོད་བྱས་པའི་གསར་འགྱུར་དྲ་ཚིགས་དང་གློག་བརྙན་བསྡུས་དྲ་ཚིགས། གློག་རྡུལ་ཚོང་དོན་སྟེགས་བུ། APPཚོང་ཁང་སོགས་ལ་ལྟ་སྐུལ་བདག་དོམ་དང་སྐོར་ཞིབ་རྩད་གཅོད་བྱས་ཏེ། དྲ་རྒྱའི་བདག་དབང་བརྐུ་འཁྱེར་བྱས་པའི་གྱོད་དོན་རེ་རེ་ལ་རྩད་གཅོད་ནན་མོ་བྱས་ཡོད།

རྒྱ་ཆེའི་མི་དམངས་མང་ཚོགས་ཟབ་ཞུགས་བྱེད་པར་སྟབས་བདེ་བསྐྲུན་ཆེད། མཚོ་སྔོན་ཞིང་ཆེན་པར་སྐྲུན་བདག་དབང་ཅུའུ་ཡིས་དྲ་རྒྱའི་བདག་དབང་བརྐུ་འཁྱེར་བྱེད་པའི་གྱོད་དོན་ཞུ་གཏུག་ཁ་པར་ཨང་གྲངས0971-8482561དང་གྱོད་དོན་ཞུ་གཏུག་ཡིག་སྒམqhsbqc@163.comགཉིས་གསར་འཛུགས་ཐོ་འགོད་བྱས་ཡོད་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཁེ་དབང་མི་སྣའི་བདག་དབང་བརྐུ་འཁྱེར་བྱས་པའི་བྱ་སྤྱོད་ངན་པ་ཐེར་འདོན་བྱས་ཆོག་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར། མཚོ་སྔོན་ཞིང་ཆེན་གྱིས་དྲ་རྒྱའི་བདག་དབང་བརྐུ་འཁྱེར་ཐད“2019ལོའི་དྲ་རྒྱའི་རལ་གྲི་ངར་མ”ཞེས་པའི་ཆེད་དོན་རྡུང་རྡེག་བྱ་འགུལ་སྤེལ་པ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།