ཞིང་ཆེན་ནགས་རྩྭ་ཅུའུ་དང་པེ་ཅིན་ནགས་ལས་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་གྲོས་ཆོད་གན་རྒྱ་ལ་མིང་རྟགས་བཀོད་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཉེ་ལམ་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་པེ་ཅིན་ནགས་ལས་སློབ་ཆེན་ལ་མཉམ་འབྲེལ་ཐབས་ཇུས་ཀྱི་གྲོས་ཆོད་གན་རྒྱ་ལ་མིང་རྟགས་བཀོད་པ་རེད།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་གཉིས་ཀྱིས་པེ་ཅིན་ནགས་ལས་སློབ་ཆེན་གྱི་ནགས་ཚལ་གསབ་སྦྱོང་དང་འདམ་ས་སྲུང་སྐྱོབ། བྱེ་ཐང་ཅན་འགོག་བཅོས་སོགས་ཀྱི་ཁྱབ་ཁོངས་སུ་ཕན་ཚུན་གཉིས་ཕན་གྱི་མཉམ་འབྲེལ་གྲུབ་འབྲས་ཕུན་སུམ་ཚོགས་པར་བཏང་ཡོད། ད་ལྟའི་ཆར་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་དེ་གཙོ་བོར་བཟུང་སྟེ། རང་བྱུང་སྲུང་སྐྱོབ་མ་ལག་དཔེ་སྟོན་ཅན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་ཡང་ཡིན། ནགས་རྩྭའི་བཅོས་སྒྱུར་གྱི་རྗེས་སུ་འཕེལ་རྒྱས་མཉམ་བསྲེས་བྱེད་པའི་དུས་རིམ་གལ་ཆེན་ཞིག་སྟེ། མཚོ་སྔོན་ནགས་ལས་རྩྭ་ཐང་ཅུའུ་ཡིས་པེ་ཅིན་ནགས་ལས་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་དང་ཐོན་ཁུངས་གསར་སྤེལ། ཚན་རིག་ཡོངས་ཁྱབ་སློབ་གསོ། སྐྱེ་ཁམས་ཚད་ལེན་ཞིབ་བཤེར། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ། རི་སྐྱེས་སྲོག་ཆགས་མྱུར་སྐྱོབས། སྒྲིག་སྲོལ་བདག་དོམ། དེ་མིན་ཁྲིམས་འཛིན་མ་ལག་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་འབྲེལ་བྱ་བ་སྔར་ལས་གཏིང་ཟབ་དུ་བཏང་ཡོད་ལ། མཐོ་སྒང་གི་ནགས་རྩྭའི་བྱ་གཞག་གི་འཕེལ་རྒྱས་ཐད་ལ་ཤེས་རིག་དང་ནུས་སྟོབས་གང་མང་མཁོ་སྤྲོད་ཐུབ་པ་བྱས་ཡོད།

པེ་ཅིན་ནགས་ལས་སློབ་ཆེན་གྱི་སློབ་གཙོ་ཨན་ལེ་ཀྲི་ཡིས་བསྟན་དོན། པེ་ཅིན་ནགས་ལས་སློབ་ཆེན་གྱིས་མཚོ་སྔོན་གྱི་གཅིག་གྱུར་བསྡུ་རུབ་ལ་རོགས་སྒྲུབ་དང་རྒྱལ་ཁབ་སྤྱི་གླིང་བརྗོད་བྱའི་རང་བྱུང་སྲུང་སྐྱོབ་ཀྱི་མ་ལག་དཔེར་མཚོན་ཞིང་ཆེན་འཛུགས་སྐྲུན་བྱས་ཡོད་པས། སློབ་གྲྭ་ཕྱོགས་གཉིས་ཀྱི་མཉམ་འབྲེལ་སྒོས་དམིགས་འབེན་གསར་བ་ཞིག་ལ་སྐུལ་འདེད་བྱས་ཡོད། དེ་དང་ཆབས་ཅིག་རིམ་པ་མཐོ་ཤས་ཀྱི་ཇུས་འགོད་ལ་ཤུགས་བསྣན་ནས་བྱ་བའི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། གནད་འཁེལ་ཁ་གཏད་རང་བཞིན་གྱི་དགོས་མཁོ་སོགས་ཀྱི་ཐད་ལ་དོན་དངོས་ཟུང་འབྲེལ་སྒོས་ཇུས་འགོད་གཏིང་ཟབ་དུ་སྤེལ་ནས། ཕྱོགས་གཉིས་ཀའི་མཉམ་འབྲེལ་མཉམ་བསྲེས་བྱ་བ་དེ་སྔར་ལས་གཏིང་ཟབ་ཅན་ཏུ་བཏང་ཡོད། ངོ་སྤྲོད་བྱུང་བ་ལས་ཤེས་གསལ་ལྟར་ན། ཕྱོགས་གཉིས་ཀའི་བར་དུ《མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་པེ་ཅིན་ནགས་ལས་སློབ་ཆེན་ལ་འཐབ་ཇུས་མཉམ་འབྲེལ་བྱེད་པའི་གྲོས་ཆོད》ལ་མིང་རྟགས་འགོད་པ་དང་དེ་མིན་རི་སྐྱེས་སྲོག་ཆགས་ལ་སྐུད་མེད་རྒྱང་འགྱེད་ཀྱིས་དུས་ལྟར་ལྟ་ཞིབ་ཚད་ལེན་དང་རང་བྱུང་ངོས་འཛིན་གསལ་འབྱེད་ལག་རྩལ་སོགས་ལས་གཞི་མི་འདྲ་བ་ལྔ་ལ་མཉམ་འབྲེལ་གྲོས་ཆོད་བྱུང་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།