ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུར་འགོ་འཛིན་མཛད་དེ 《ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་སུ“ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་བློ་ལ་དམ་འཛིན”གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར》ལ་སློབ་སྦྱོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅུ།ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུར་འགོ་འཛིན་མཛད་དེ《ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་སུ“ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་མའཛིན”གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་བསམ་འཆར》དང་ཀྲུང་དབྱང་ཡོངས་ཁྱབ་བཅོས་སྒྱུར་གཏིང་ཟབ་ཏུ་གཏང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་རེད། 

ཚོགས་འདུའི་ཐོག“ཐོག་མའི་བསམ་འདུན་མི་བརྫེད། འགན་འཁྲི་སེམས་ལ་དམ་འཛིན”གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་། དམིགས་ཚད་ལས་འགན། སྒྲིག་ཁྲིམས་ཀྱི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པ་དང་། སློབ་སྦྱོང་བསམ་གཞི།ལག་བསྟར།གཅིག་གྱུར་བཅས་མཐའ་འཁྱོངས་བྱས་ནས“ཐོག་མའི་བསམ་པ”དང“འགན་འཁྲི”དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་ནས་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏང་དགོས་ལ། ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཨུ་ལྷན་གྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཤེས་རྟོགས། དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ། བསམ་བློ་དང་ཆབ་སྲིད་ལ་ཉམས་སད་ཐེག་པ། ལས་སྒྲུབ་ལས་གཏོད་ཀྱི་འགན་འཁུར་ཕོད་པ། དམངས་ལ་ཞབས་འདེགས་ཞུ་བའི་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་གི་མིག་དཔེ་སྟོན་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དང་ཟུང་འབྲེལ་དང་། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་གཏང་རྒྱུ་དང་ཟུང་འབྲེལ། དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ། ད་ལྟའི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས།གཉིས་ཀར་འཐུས་ཤོར་མི་འགྲོ་བ་དང་གཉིས་ཀར་སྐུལ་འདེད་གཏང་ཐུབ་པ་བྱེད་དགོས་པ་མ་ཟད།  འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་། སྣེ་ཁྲིད་མིག་དཔེ་སྟོན་པ། སྤྱོད་ཚུལ་བཟང་པོར་བརྟེན་ནས་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤང་གང་ཐུབ་བཅས་བྱས་ཏེ། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་འདིའི་ཁྲོད་ཉམས་སད་ཐེག་པ་དང་སྦྱོང་བརྡར་ངོ་མ་འཐོབ་པ་བྱ་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་བསྟན་དོན། ད་ལོའི་ཚུན་དུ་ཀྲུང་དབྱང་སྒྱུར་བཅོས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་གསུམ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྒྱུར་བཅོས་དམ་འཛིན་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྤྱོད་ཚུལ། དམ་འཛིན་མཐའ་གཅིག་ཏུ་བྱེད་པ་བཅས་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏང་རྒྱུར་དུས་ཐོག་ཏུ་ཁ་ཕྱོགས་གསལ་སྟོན་བྱས་ཏེ།སྒྱུར་བཅོས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ལམ་བུའི་ཐོག་མདུན་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་རེད། ང་ཚོས་བསྒྱུར་བཅོས་བྱེད་ཐབས་ལ་ཞིབ་འཇུག་ནན་ཏན་བྱེད་པ་དང་། བསྒྱུར་བཅོས་ཟབ་སྤེལ་བྱེད་པར་བརྟེན་ནས་དཀའ་གནད་སེལ་བ་དང་། གནད་དོན་གསར་པ་སེལ་བ། འགལ་བ་གལ་ཆེན་སྔོན་འགོག་དང་སེལ་བ་དང་གནད་དོན་མངོན་གསལ་ཅན་སྔོན་འགོག་དང་སེལ་ཐབས་ཏན་ཏིག་བྱེད་པ། ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏང་བ། ལམ་ལུགས་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏང་བ། འགྲན་སློང་ལ་ཁ་གཏད་འཇལ་བ་དང་ཉེན་ཁ་འགོག་ནུས་ཆེ་རུ་གཏང་བ་བཅས་བྱེད་དགོས་པ་མ་ཟད། ཞིང་ཆེན་སྲིད་གཞུང་གིས་འགན་འཁུར་བའི་སྒྱུར་བཅོས་ཀྱི་དོན་དག་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་ནན་ཏན་བྱས་ཏེ་གདེང་ཚོད་ཡོད་པ་དང་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏང་དགོས་ཞེས་བསྟན། 

ལོ་ཙཱ་བ།རྟ་མགྲིན་དཔལ།