རང་ཞིང་གིས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་གཉིས་གསར་འཛུགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ5པའི་ཚེས31ཉིན། གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་བྱས་པ་ལྟར་ན། 2018ལོར་རང་ཞིང་གི་བྱིས་པའི་བདེ་ཐང་གནས་ཚུལ་ལ་བཅོས་སྒྱུར་གསལ་བོ་བྱས། ད་ལྟའི་ཆར་ཞིང་ཆེན་ཡོངས་ཀྱི་བྱིས་པ་སྟོང་ཕྲག0.43ལ་བྱིས་པའི་ཚན་ཁག་གི་སྨན་པས་འདང་ཞིང་། བྱིས་པ་སྟོང་ཕྲག་རེར་ཉལ་ཁྲི1.65ཡོད་པས། བྱིས་པའི་བདེ་ཐང་ལ་འགན་སྲུང་ནུས་ལྡན་ཐོབ་ཡོད།

ལོ་འདི་དག་གི་རིང་ལ། རང་ཞིང་གི་རིམ་པ་སོ་སོའི་ནོར་སྲིད་དེ་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ཐད་གཏོང་བར་ཤུགས་སྣོན་བྱས་ཤིང་། བྱིས་པའི་སྨན་བཅོས་ཞབས་ཞུའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་འཛུགས་སྐྲུན་དེ་འགོ་ཁུངས་དུ་བཟུང་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་། གཞིས་ཁུལ་མི་འདྲ་བ35ཡི་སྨན་བཅོས་སྒྲིག་འཛུགས་དེ་ཁོངས་མི་ཡིན་པའི་མཚོ་སྔོན་ཞིང་ཆེན་བྱིས་པའི་སྨན་བཅོས་མཉམ་སྦྲེལ་སྒྲིག་གཞི་དེ་ཞིང་ཆེན་བུད་མེད་དང་བྱིས་པའི་བདེ་སྲུང་གླིང་དེ་འགོ་ཁུངས་སུ་བཟུང་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་མི་འདྲ་བ51གི་བུད་མེད་དང་བྱིས་པའི་བདེ་སྲུང་སྒྲིག་གཞི་དེ་ཁོངས་མི་ཡིན་པའི་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་བདེ་སྲུང་མཉམ་འབྲེལ་སྒྲིག་གཞི་བཙུགས་སྟེ། ཆེས་ཐོག་མའི་བྱིས་པའི་ཆེད་ལས་ཚན་ཁག་གི་སྨན་ཁང་ཐོག་མ་དང་ཕྱོགས་བསྡུས་སྨན་ཁང་གི་བྱིས་པའི་ཚན་ཁག བུད་མེད་དང་བྱིས་པའི་བདེ་སྲུང་སྒྲིག་གཞི་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སོགས་ཕྱོགས་སྣ་མང་ཅན་གྱི་བྱིས་པའི་སྨན་བཅོས་ཞབས་ཞུའི་སྒྲིག་གཞི་བཙུགས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་བྱིས་པ་སྟོང་ཕྲག་རེ་ལ་བྱིས་པའི་ཚན་ཁག་གི་སྨན་པ0.43དང་བྱིས་པ་སྟོང་ཕྲག་གཅིག་རེ་ལ་མལ་ཁྲི1.65ཡོད། བྱིས་པའི་བདེ་ཐང་ཐད་ལ་འགན་སྲུང་ནུས་ལྡན་བྱས་ཡོད།

མ་བུའི་བདེ་འཇགས་འགྲོ་འོངས་འཆར་གཞི་དང་བདེ་ཐང་བྱིས་པའི་འགྲོ་འོངས་འཆར་གཞི་དངོས་སུ་ལག་བསྟར་བྱས་ཡོད། སྐྱེས་མ་ཐག་གི་བྱིས་པ་ནས་ལོ6གི་བར་གྱི་བྱིས་པ་དག་ལ་ཁྱོན་ཡོངས་ནས་མ་བུའི་བདེ་འཇགས་འབྲེལ་ཡོད་སྒྲིག་སྲོལ་ལག་བསྟར་དངོས་འབེབས་བྱས་ཏེ། བུད་མེད་དང་བྱིས་པའི་བདེ་ཐང་ལ་ཁྱོན་ཡོངས་ནས་འགེབས་སྲུང་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཁྱེའུ་དང་ལོ5མན་གྱི་བྱིས་པ་ཚེ་ལས་འདས་པའི་ཚད་ལོ་རེར་ཇེ་དམའ་རུ་སོང་ཡོད་ལ། སྐྱེས་མ་ཐག་གི་ཕྱོགས་བསྡུས་ཞན་ཆའི་འགོག་བཅོས་བྱ་བར་སྐུལ་འདེད་བྱས་ཤིང་། 2018ལོར་གཉེན་སྒྲིག་ཡར་སྔོན་གྱི་གསོ་རིག་བརྟག་དཔྱད་ཚད་གཞི་དེ2017ལོའི1.29%ནས22.4%ལ་འཕར་ཡོད།

བྱིས་པའི་བདེ་སྲུང་ཞབས་ཞུ་དང་བྱིས་པའི་འཚོ་བཅུད་གནས་བབ་ལ་ལེགས་བཅོས་བྱེད་པར་ཤུགས་བསྣན་པ། བྱིས་པའི་འཚོ་བཅུད་བཅོས་སྒྱུར་ལས་གཞི་མུར་སྤེལ་བྱེད་པར་ལག་ལེན་དངོས་འབེབས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཧྲིལ་བོའི་ཁྱབ་ཁོངས་སུ་ཁེབས་པ་ལག་བསྟར་བྱས་ཏེ། སྐྱེས་ནས་ཟླ་བ6དང་ཟླ་བ36བར་གྱི་བྱིས་པ་དག་ལ་ཉིན་རེར་འཚོ་བཅུད་ཁུག་མ་གཅིག་རེ་མཁོ་སྤྲོད་བྱས་ཤིང་། ལོ་རེར་བྱིས་པ་འབུམ་གཅིག་ལ་ཕན་ཁེ་བསྐྲུན་ནས་བྱིས་པའི་འཚོ་བཅུད་གནས་བབ་ཐད་ལ་བཅོས་སྒྱུར་མངོན་གསལ་ཐོབ་འདུག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།