རང་ཞིང་གིས་ཁྱིམ་ཚང་གི་ཞབས་ཞུའི་ལས་རིགས་དང་ལས་ཞུགས་བར་སྟོང་གི་མི་མངོན་པའི་ནུས་པ་རྒྱ་བསྐྱེད་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཞིང་ཆེན་མི་དོན་སྤྱི་ཚོགས་འགན་སྲུང་ཐིན་ནས་ཐོན་པའི་གནས་ཚུལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཀྱི་རྩད་གཅོད་བྱས་པའི་གཞི་གྲངས་ལས་མངོན་པ་སྟེ། མིག་སྔར་རང་ཞིང་གི་ཁྱིམ་ཚང་ཞབས་ཞུའི་ལས་རིགས་དེ་ཡོངས་ཁྱབ་ཀྱི་ཆེས་ཐོག་མའི་འཕེལ་རྒྱས་དུས་རིམ་དུ་བསླེབས་པ་དང་ལས་ཞུགས་བར་སྟོང་གི་མི་མངོན་པའི་ཚད་ལ་རྒྱ་བསྐྱེད་པ་རེད།

བརྟག་དཔྱད་ལས་མངོན་པ་ལྟར་ན། 2018ལོར་ཁྱིམ་ཚང་ཞབས་ཞུའི་ལས་རིགས་དེ་ཁྲིམས་མིའི་ལས་ཁུངས་ཀྱི་ལས་གཉེར་ཁྱབ་ཁོངས་ནས་ལས་ཞུགས་མི་སྣའི་ཁ་གྲངས། མ་དངུལ་ཐོན་རྫས་དང་ལས་གཉེར་ཡོང་འབབ་སོགས་སོ་སོ2017ལོའི་བར་དུ་འཕར་སྣོན་བྱུང་ཤིང་། ནང་སྒོས་སུ་ཐོན་རྫས་དང་ལས་གཉེར་ཡོང་འབབ་དེ138.01%ནས98.67%ཡིན་པ་རེད། ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཁྲོད་ཀྱི་ཁྱིམ་ཚང་གི་གཙང་དག་ཞབས་ཞུ་དང་དེ་ལས་གཞན་པའི་ཁྱིམ་ཚང་གི་ཞབས་ཞུ། ཁྱིམ་མཚེས་དང་ལོ་ལོན་ལ་བདག་སྐྱོང་བྱེད་པ་བཅས་ཀྱི་ཞབས་ཞུའི་ལས་རིགས་མི་འདྲ་བ་གསུམ་གྱི་ནང་དོན་དེ་ལྟོས་བཅས་ཀྱིས་ཅུང་ཚད་མཐོ་བས། བསྡོམས་རྩིས་ལྟར་ན63.7%ལ་བསླེབས་ཡོད།

ནམ་རྒྱུན་ཁྱིམ་མཚེས་དག་གི་ལྟ་རྟོག་དགོས་མཁོ་ཅན་གྱི་ཁྱིམ་སྲིད་ཞབས་ཞུ་མཁན་གྱིས་མཁོ་སྤྲོད་བྱས་པའི་ཞབས་ཞུའི་ནང་དོན་དེ་ཁྱིམ་ཚང་གི་གཙང་དག་ཞབས་ཞུ་དང་ཁྱིམ་ཚང་གི་བཟའ་བཏུང་ཞབས་ཞུ། ཁྱིམ་སྡོད་ལོ་ལོན་ལ་བདག་སྐྱོང་བྱེད་པ་བཅས་གཙོ་བོར་བཟུང་ཞིང་། ཞབས་ཞུའི་རྣམ་པ་འདི་གསུམ་གྱི་ཟིན་ཚད་ཅུང་ཆེ་བ་རེད། དེ་ཡང་ལས་གཉེར་གྱི་རྣམ་པའི་ངོས་ཐད་ནས་བལྟས་ན། ཁྲིམས་མིའི་ལས་ཁུངས་ཁྲོད་ཀྱི་ཕྱེད་ཀ་ལྷག་གིས་ཆ་འཕྲིན་དྲ་རྒྱ་བརྒྱུད་དེ་དྲིལ་སྒྲོག་ཁྱབ་སྤེལ་བཏང་ཞིང་། འགྲུལ་བའི་ཞབས་ཞུ་དང་དྲ་རྒྱའི་ཚོང་ཐོ་སོགས་ལས་གཉེར་བྱེད་སྒོ་སྤེལ་ནས། 5.7%གྱི་ཁྱིམ་ཚང་དག་གིས་ཆ་འཕྲིན་དྲ་རྒྱའི་ཚོང་ཐོ་ལས་ཁྱིམ་སྲིད་ཞབས་ཞུ་བ་བསྡུ་བཞིན་ཡོད། དེ་ཡང་ལས་ཕོགས་ཀྱི་ངོས་ཐད་ནས་བལྟས་ན། ཁྱིམ་སྲིད་ཞབས་ཞུ་བའི་ཆ་སྙོམས་ཟླ་རེའི་ལས་ཕོགས་དེ་སྒོར2500ནས3500བར་ཡིན་ཞིང་། ཁྱིམ་སྲིད་ཞབས་ཞུ་བ་མང་ཤོས་ཀྱིས་ཟླ་རེར་་ཆེས་མ་མཐའ་ཡང་ཉིན4ལ་ཁམས་གཡེང་ངལ་གསོ་བྱེད་ཐུབ།

དབྱེ་ཞིབ་བྱས་པ་བརྒྱུད། ད་ལྟ་རང་ཞིང་གི་ཁྱིམ་ཚང་ཞབས་ཞུའི་ལས་རིགས་དེ་ཡོངས་ཁྱབ་ཀྱི་ངོས་ཐད་ནས་ཐོག་མའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་ཡོད། “ཆ་འཕྲིན་དྲ་རྒྱ+”དང་ཁྱིམ་ཚང་གི་ཞབས་ཞུའི་ལས་རིགས་དེ་སྔར་ལས་གཏིང་ཟབ་སྒོས་མཉམ་བསྲེས་འཕེལ་རྒྱས་ཅན་ལ་གོམ་གང་མདུན་སྤོས་སྒོས་ཤུགས་སྣོན་བྱས་ཡོད། མི་མངོན་པའི་ལས་ཞུགས་ཀྱི་བར་སྟོང་རྒྱ་སྐྱེད་པ་དང་ཁྱིམ་སྲིད་ཞབས་ཞུ་བའི་དམིགས་གསལ་གཟིགས་སྐྱོང་དམའ་བ། ངལ་རྩོལ་ནུས་ཤུགས་ཆེས་ཆེར་གཏོང་བ་བཅས་ཀྱི་སྲོལ་རྒྱུན་གྱི་འདུ་ཤེས་ཤུགས་རྐྱེན་འོག་མི་སྣའི་འཁོར་སྐྱོད་རང་བཞིན་ཅུང་ཆེ་ཞིང་ལས་ཞུགས་བརྟན་འཇགས་རང་བཞིན་བརྟན་པོ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།