རྒྱལ་ཁབ་སྒོ་འབྱེད་སློབ་ཆེན་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་སྒྲིག་གཞི་གསར་འཛུགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ད་ལྟའི་ཆར་རྒྱལ་ཁབ་སྒོ་འབྱེད་སློབ་ཆེན་གྱི་འགན་ཁུར་བློ་མཐུན་གཙོ་བོ་མཚོ་སྔོན་དུ་བྱ་བར་རྟོག་ཞིབ་བྱེད་དུ་འོངས་བ་མ་ཟད། ཁ་གཏད་རོགས་སྐྱོར་གྲོས་མཐུན་གན་རྒྱའི་ཆོད་ཡིག་ལ་མིང་རྟགས་བཀོད་པ་རེད།

ཟླ5པའི་ཚེས30ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་དང་རྒྱལ་ཁབ་སྒོ་འབྱེད་སློབ་ཆེན་གྱི་སློབ་གཙོ་དབྱང་ཀྲི་ཅནགཉིས་ཀྱིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་དུ་རྟོག་ཞིབ་དང་བཞུགས་མོལ་གནང་། དབྱང་ཀྲི་ཅན་གྱིས་ལོ་འདི་དག་གི་རིང་ལ་བླངས་པའི་སློབ་གྲྭའི་གྲུབ་འབྲས་ལ་གདེང་འཇོག་བྱས། ཁོས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་དང་འགྲོགས་ནས་བརྙན་འཕྲིན་སློབ་ཆེན་གྱིས་ཀྱང་འོད་སྟོང་འབར་བའི་ལོ་ངོ40ལྷག་བརྒྱུད་ཡོད་ལ། སྲོལ་རྒྱུན་གྱི་སློབ་སྒྲུབ་ལེགས་པོ་རྒྱུན་འཛིན་དར་སྤེལ་བྱས་ཏེ། དུས་རབས་གསར་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་དང་སློབ་སྦྱོང་རང་བཞིན་གྱི་སྤྱི་ཚོགས་ཐད་ལ་བྱས་རྗེས་གསར་བ་བཞག་ཡོད་ཟེར། ཀྲང་ཞི་མེན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་དུ་སྤེལ་ཏེ། མཚོ་སྔོན་དུ་རྐང་ཚུགས་པ་དང་མ་འོངས་བར་ཁ་ཕྱོགས་ནས། ཀུན་སྤྱོད་ལེགས་པོའི་མིའི་གཞི་རྩའི་འགན་འཁྲི་དམ་འཛིན་བྱས་ནས། སློབ་གྲྭའི་འཕེལ་རྒྱས་ལ་ཁ་ཕྱོགས་ཇུས་འགོད་ནན་ཏན་སྒོས་ཁྱད་ལྡན་ཆེད་ལས་དང་བསླབ་ཚན་ལེགས་པོ། བསླབ་འབྲས་སློབ་གསོའི་སྐུལ་འདེད་གསོག་འཇོག བསླབ་གནས་མེད་པའི་སློབ་གསོ་དེ་མཚོ་སྔོན་དཔལ་འབྱོར་སློབ་གསོའི་གནས་བབ་ལེགས་པོའི་ཐད་ལ་བསྲེས་ཡོད།

ཟླ5ཚེས31ཉིན། རྒྱལ་ཁབ་སྒོ་འབྱེད་སློབ་ཆེན་གྱིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གྲོས་མཐུན་གན་རྒྱ་ལ་མིང་རྟགས་འགོད་པའི་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་དུ་སྤེལ་བ་མ་ཟད། ཧྲིན་ཀྲང་གཞོན་པ་ལིག་ཐའོ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་སྤེལ། ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། བྱེད་ནུས་གཏན་ཁེལ་བྱེད་པར་ཤུགས་སྣོན་དང་ཞིང་ཆེན་གྱི་དོན་དངོས་གནས་བབ་ལ་རྐང་བཙུགས་སྟེ། སློབ་སྒྲུབ་གྱི་འདུ་ཤེས་གསར་བར་སློབ་སྦྱོང་གིས་དམངས་ཡོངས་ཀྱི་ཞབས་ཞུའི་རྣམ་པ་གསར་བའི་མཐོ་གསར་སློབ་གྲྭའི་འཛུགས་སྐྲུན་ལ་ཧུར་བརྩོན་བྱེད་དགོས། དངོས་ཡོད་སློབ་སྒྲུབ་རྨང་གཞི་དང་བརྡ་འཕྲིན་ལག་རྩལ་བེད་སྤྱོད་ཀྱིས་སློབ་སྒྲུབ་རྣམ་གཞག་གསར་སྐྲུན་བྱས་ཏེ། རིམ་པ་མི་འདྲ་བའི་སློབ་སྦྱོང་གི་དགོས་མཁོ་དེ་བསྐངས་ནས་རང་ཞིང་གི་ཤེས་ལྡན་པ་སྐྱེད་བསྲིངས་བྱེད་པའི་བྱ་བའི་ཐད་ལ་བྱས་རྗེས་གསར་བ་ཞིག་བཞག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།