འདུ་རར་དུ་བ་མ་འཐེན། གཞན་ལ་གནོད་འཚེ་མ་སྐྱེལ།

       ཟླ5ཚེས31ཉིན་མི་དམངས་དྲ་བས་ཟི་ལིང་ནས་སྤེལ་བའི་འཕྲིན། དུ་བའི་གནོད་པ་ནི་འཛམ་གླིང་གི་ཛ་དྲག་ཤིན་ཏུ་ཆེ་བའི་སྤྱི་གཞུང་འཕྲོད་བསྟེན་གྱི་གནད་དོན་ཞིག་རེད། འབྲེལ་ཡོད་གཞི་གྲངས་ལས་མངོན་པ་ལྟར་ན། ཧ་ལམ་སྐར་མ་དྲུག་ནང་དུ་བའི་རྐྱེན་དབང་གིས་ཤི་བའི་མི་གཅིག་ཡོད་པ་མ་ཟད།དེ་ནི་མི་དར་མའི་ཤི་ཚད་ཀྱི་བཅུ་གཅིག་གཅིག་ཟིན་ཡོད་པར་བསྟན། འཛམ་གླིང་ཡོངས་ཀྱིས་དུ་བ་དར་ཆེ་བ་དང་དེ་ལས་བྱུང་བའི་གནོད་པ་ལ་ཡིད་འཇོག་འཐོབ་ཆེད། འཛམ་གླིང་འཕྲོད་བསྟེན་ཚོགས་པས་ལོ་རེའི་ཟླ5ཚེས31ཉིན་དེ་འཛམ་གླིང་དུ་གཅོད་ཉིན་མོར་གཏན་ལ་ཕབ། མི་དམངས་དྲ་བའི་མཚོ་སྔོན་འཕྲིན་ལམ་གྱིས་མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་བར་ལག་རྡང་སྦྲེལ་ནས་མཉམ་གཅིག་ཏུ་དུ་བ་ལ་ཉེས་དམིགས་གང་དག་ཡོད་པར་བལྟས་ཚུལ།



1 དུ་འཐེན་གྱི་ད་ལྟའི་གནས་ཚུལ།

ཀྲུང་གོའི་ཧ་ལམ་མི་དུང་ཕྱུར3ལྷག་གིས་དུ་བ་འཐེན་གྱི་ཡོད་ཅིང་། དེས་ཧ་ལམ་འཛམ་གླིང་གི་དུ་འཐེན་མི་འབོར་ཡོངས་ཀྱི་སུམ་ཆའི་གཅིག་ཟིན།

ཀྲུང་གོའི་ལོ་རེར་མི་ས་ཡ་གཅིག་དུ་བའི་དུག་ཕོག་སྟེ་འཆི་བ་དང་།

གཟའ་རེར་ཀྲུང་གོའི་མི་དར་མའི70%དུ་བ་མ་མཐེན་ཡང་དུ་ཁ་ནས་གནོད་པ་ཐེབས་བཞིན་ཡོད། ལོ་རེར་མི་འབུམ་གཅིག་དུ་བ་མི་འཐེན་ཡང་དུ་བས་འཚེ་སྟེ་ཤི་བཞིན་ཡོད་ལ། དེ་ལས་མི22000ནང་གློ་སྐྲན་བྱུང་ནས་ཤི་བ་རེད།

2 དུ་བའི་དུག་རྫས།

དུ་བའི་ནང་དུ་འབྲས་སྐྲན་སྐྱེད་བྱེད་ཀྱི་རྒྱུ50ལྷག་དང་རྫས་འགྱུར་གྱི་གྲུབ་ཆ་རིགས4000ཉར་ཡོད་པ་སྟེ།

དབྱང་གཅིག་ཐཱན་འགྱུར། རིལ་དངོས་དཔྱང་ཐག་གམ་གཡེང་བ་ཅན། ནེ་ཀུ་ཏེན། ཟེ་ཚྭ་ཨན་འབྲིང་མ། ལྕགས་རིགས་ལྕི་གྲས། འཚིག་སྣུམ་སོགས་ལྟ་བུ།

3 དུ་བས་བསྐྱེད་པའི་སྙུང་གཞི།

ཁྲག་ཆད་རང་བཞིན་གྱི་སྙིང་ནད། གློ་བའི་འདུས་འགྲིལ། དལ་གཤིས་ཐོགས་འགགས་གློ་ནད། དབུགས་ལམ་འོག་མར་འགོས་པ། གློ་སྐྲན། ཀླད་སྙིང་ཁྲག་རྩའི་ནད།

4 དུ་བ་འཐེན་པའི་གནོད་པ།

ཀླད་སྙིང་ཁྲག་རྩའི་ནད་སྐྱེད་པ། སོ་མདོག་སེར་པོར་འགྱུར་བ། ལུས་ཟུངས་ཇེ་ཞན་དུ་འགྲོ་བ། གློ་ནད་འབྱུང་སླ་བ། ལྷག་པར་གློ་སྐྲན་ནད་ཕོག་སླ་བ། སྐེད་ཚིགས་མི་བདེ་བ། འཇུ་ལམ་བརླག་པའམ་ཁ་དྲི་ངན་པ་འབྱུང་བ་སོགས་ཀྱི་གནོད་པ་ཡོད།

5 དུ་བ་འཐེན་ན་སེམས་ཁམས་ལ་གནོད་པ།

ནོ་སན་བྷི་རུ་ཡ་སློབ་ཆེན་གྱི་ཞིབ་འཇུག་པས་སྔོན་ཆད《སེམས་ཁམས་གསོ་རིག་གི་སྔོན་བསྐྱོད》ཐོག་དཔྱད་རྩོམ་ཞིག་སྤེལ་མྱོང་བའི་ནང་དུ། དུ་བ་འཐེན་མཁན་གྱི་ཉིན་རྒྱུན་དྲན་པ་མི་གཞན་དག་ལས་གསལ་པོ་མིན་ཞེས་བརྗོད་ཡོད།

6 དུ་བས་ཉེ་འཁོར་གྱི་མི་ལ་འཚེ་བར་བྱེད།

དུ་བ་མི་འཐེན་ཡང་དུ་བ་འཐེན་མཁན་གྱི་གམ་ནས་སྡོད་པའི་ཚེ་ན། གློ་སྐྲན་དང་། དུ་དྲི་ལ་ཞེ་མེར་བ། སྣ་ཁུང་མི་བདེ་བ། སྙིང་གཟེར་གྱི་ནད་བྱུང་སླ། གཞན་སྦྲུམ་མ་དང་བྱིས་པའི་བདེ་ཐང་ལ་གནོད་པ་ཆེན་པོ་བཟོ་བ་རེད།

7 དུ་བས་བདག་གཞན་ཡོངས་ལ་གནོད་སྐྱེལ།

མེ་སྐྱོན་སློང་ཉེན་ཆེ་བ་དང་། ཁ་དབུགས་བཙོག་པོར་བཟོ་བ། ཡ་རབས་ཀྱི་མི་བརླག་འགྲོ་བ། གཞོན་ནུ་ལོ་ཆུང་གིས་ལད་ཟློས་བྱེད་སྲིད་པ་སོགས་རེད།

8 དུ་གཅོད་ལྟ་རྟོག་པ།

དུས་ཡུན་ལོ་ངོ50རིང་ལ་དབྱིན་ཇིའི་སྐྱེས་པ་སྨན་པ་ལ་རྗེས་འདེད་བཅར་འདྲི་བྱས་པའི་ཞིབ་འཇུག་ཅིག་ཏུ། དུ་བ་འཐེན་མཁན་དང་དུ་བ་མི་འཐེན་པའི་མི་གཉིས་བསྡུར་དུས། དུ་བ་འཐེན་མཁན་གྱི་ཆ་སྙོམས་ཀྱི་ཚེ་ཐག་དེ་ལོ10ཇེ་ཐུང་དུ་འགྲོ་བ་དང་། ལོ60དང50།40 ། ཡང་ན30ཡི་སྟེང་ནས་དུ་བ་བཅད་ཚེ་མིའི་ཚེ་ཐག་དེ་ལོ3 དང་ལོ6 ། ལོ 9ཡང་ན་ལོ10ཡིས་ཇེ་རིང་དུ་འགྲོ་སྲིད་པ་མངོན་འདུག


ཞིབ་འཇུག་ལྟར་ན། དུ་བ་བཅད་ན་མིའི་བདེ་ཐང་ལ་ཤིན་ཏུ་ཕན་པས། མི་སུ་དང་གང་ཞིག་ལོ་ཚད་ག་འདྲ་ཞིག་ལ་སླེབས་རུང་དུ་བ་སྔ་མོ་ནས་བཅད་ན་ལུས་སེམས་གཉིས་བདེ་ཞིང་ཚེ་རིང་བར་འགྱུར་ཏོ། །

ཁོན་ཐར་འཚོས་བསྒྱུར།