རྐང་ཚའི་གསེར་ཉ་ལྟ་གཟིགས་སྲོག་བླུའི་དུས་སྟོན་གྱི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་།  རྐང་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གིས་འགན་སྒྲུབ་བྱས་པའི་མཚོ་སྔོན་པོའི་སྐབས་བཅུ་གཉིས་པའི་གསེར་ཉ་ལྟ་གཟིགས་སྲོག་བླུའི་དུས་སྟོན་གྱི་མཛད་སྒོ་དེ་སྤྱི་ལོ2019ལོའི་ཟླ6པའི་ཚེས11ཉིན་ནས་ཟླ8པའི་ཚེས30ཉིན་བར་མཐོ་སྒང་མཚོ་ངོགས་བོད་མཁར་རྐང་ཚ་ནས་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན།

ཐེངས་འདིའི་བྱ་འགུལ་གྱི་བརྗོད་དོན་ནི་འདི་ལྟ་སྟེ།“བདུན་ཅུའི་བསུ་སྟོན་ལ་སྐྱེས་བཟང་འདེགས། །བདེ་སྐྱིད་འཚོ་བ་ལ་མཉམ་དུ་རོལ།། ”ཞེས་པ་དང་“གསེར་གྱི་རི་དང་དངུལ་གྱི་རི”ཡིན་པའི་རིག་གནས་གཅིག་བསྡུས་འཕེལ་རྒྱས་ཀྱི་འདུ་ཤེས་ལ་སྐུལ་འདེད་བཏང་སྟེ“འདབ་ཆགས་ཉ་མོའི་ཞིང་ཁམས།།མཚོ་ངོགས་བོད་མཁར་རྐང་ཚ”ཞེས་པའི་དམིགས་བསལ་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་དང་རིག་གནས་ཡུལ་སྐོར་ཚོང་རྟགས་ཁྱབ་གདལ་དུ་གཏོང་བར་ནུས་པ་བླ་ལྷག་འདོན་བཞིན་མཆིས།

གཞན་མཚོ་སྔོན་པོའི་སྐབས་བཅུ་གཉིས་པའི་གསེར་ཉ་ལྟ་གཟིགས་སྲོག་བླུའི་དུས་སྟོན་གྱི་མཛད་སྒོ་ནི་ཟླ6པའི་ཚེས11ཉིན་གྱི་སྔ་དྲོའི་དུས་ཚོད10སྟེང་སྤེལ་རྒྱུ་ཡིན་ལ། ས་གནས་གསེར་ཉའི་གཞིས་ཁྱིམ་ཡིན། ཉིན་དེའི་བྱེད་སྒོའི་ཁྲོད་དམངས་སྲོལ་ཟབ་ཞུགས་དང་ཐེངས་འདིའི་བྱ་འགུལ་གྱི་འགོ་ཚུགས་མཛད་སྒོ། ཡུལ་དངོས་ནས་མིང་ཐོ་འགོད་པ། གསེར་ཉ་སྲོག་བླུ། བོད་མཁར་ཟས་རིགས་ཀྱི་བྲོ་བ་མྱངས། ཁེ་རམས་ཐང་གི་རང་བྱུང་མཛེས་ལྗོངས། 《ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་བྱ་དེ་ཁྲུང་ཁྲུང་དཀར་མོ》ཞེས་པའི་གླུ་བྲོའི་ཟློས་གར་སོགས་རིགས་སོ་སོའི་སྤུན་ཟླ་རྣམ་པའི་ཡིད་དབང་ཅིག་ཅར་ཏུ་འཕྲོག་པའི་ལྟད་མོ་གྱ་ནོམ་པ་གྲ་སྒྲིག་བྱས་ཡོད་པས་ཕྱོགས་ཡོངས་ཀྱི་སྐུ་མགྲོན་རྣམ་དུས་ལྟར་ཕེབས་པར་དགའ་བསུ་ཞུ།

དྲི་མེད་ལྷ་དར་དཀར་པོ།།མཆོད་ཆང་བདུད་རྩི་བསིལ་མ།།

བཀྲ་ཤིས་དུས་བཟང་ཉིན་ལ།།ཕྱོགས་ཡོངས་མགྲོན་ལ་ཕུལ་ཆོག།
དུས་སྟོན་གྱི་མཛད་སྒོའི་སྔ་གཞུག་གི་ཆུ་ཚོད3ནས4རིང་ལ་དྲ་ལམ་ཐད་གཏོང་བྱེད་རྒྱུ་རེད།  མཛད་སྒོའི་ཉིན་གྱི་དགོང་མོའི་དུས་ཚོད19:30སྟེང《ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་བྱ་དེ་ཁྲུང་ཁྲུང་དཀར་མོ》ཞེས་པའི་གླུ་བྲོའི་ཟློས་གར་གཟིགས་འབུལ་གནང་རྒྱུ།

ཟླ6པའི་ཚེས19ནས་ཟླ7པའི་ཚེས24ཉིན་བར་སྐབས་ལྔ་བའི་མཐོ་སྒང་མཚོ་ངོགས་བོད་མཁར་རྟ་རྒྱུག་གི་འགྲན་སྡུར་དེ་རྐང་ཚ་རྫོང་རྟ་རྒྱུག་ར་བ་ནས་སྤེལ་རྒྱུ་རེད།

ཟླ6པའི་ཚེས19ཉིན་དཔལ་དགེ་གྲོང་རྡལ་གྱིས་རྩ་འཛུགས་བྱས་པའི་གྲ་སྒྲིག་འདེམས་སྒུག་འགྲན་སྡུར་སྤེལ་རྒྱུ་རེད།

ཟླ6པའི་ཚེས26ཉིན་འོམ་ཆུ་གྲོང་རྡལ་གྱིས་རྩ་འཛུགས་བྱས་པའི་གྲ་སྒྲིག་འདེམས་སྒུག་འགྲན་སྡུར་སྤེལ་རྒྱུ་རེད།

ཟླ7པའི་ཚེས3ཉིན་གཡུ་དཀར་འོམ་ལུང་ཤང་གིས་རྩ་འཛུགས་བྱས་པའི་གྲ་སྒྲིག་འདེམས་སྒུག་འགྲན་སྡུར་སྤེལ་རྒྱུ་རེད།

ཟླ7པའི་ཚེས10ཉིན་མཚོ་འཁྱིལ་ཤང་གིས་རྩ་འཛུགས་བྱས་པའི་གྲ་སྒྲིག་འདེམས་སྒུག་འགྲན་སྡུར་སྤེལ་རྒྱུ་རེད།

ཟླ7པའི་ཚེས17ཉིན་སྐྱིད་སྨོན་ཤང་གིས་རྩ་འཛུགས་བྱས་པའི་གྲ་སྒྲིག་འདེམས་སྒུག་འགྲན་སྡུར་སྤེལ་རྒྱུ་རེད།

ཟླ7པའི་ཚེས24ཉིན་མཐོ་སྒང་མཚོ་ངོགས་བོད་མཁར་རྟ་རྒྱུག་གི་རྟིང་རྩོད་འགྲན་སྡུར།

2019ལོའི་ཟླ་བདུན་པའི་ཚེས3ཉིན་གྱི་སྔ་དྲོའི་དུས་ཚོད6པའི་སྟེང་མཚོ་འཁྱིལ་ཤང་རྟ་ཕྱུག་ལབ་ཙེ་ནས་མཚོ་གཏེར་འབུལ་རྒྱུ་རེད།

2019ལོའི་ཟླ8པའི་ཚེས7ཉིན།དགོ་དམར་སྲུང་སྐྱོབ་ཁུལ་དང་ཚངས་དབྱངས་རྒྱ་མཚོ་རིག་གནས་ཐང་ཆེན། གསེར་ཉའི་གཞིས་ཁྱིམ། ཁེ་རམས་ཐང་མཛེས་ལྗོངས་ཁུལ་ནས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་བརྗོད་དོན་ཡིན་པའི་པར་ལེན་བྱེད་སྒོ།

2019ལོའི་ཟླ8པའི་ཚེས4ཉིན་འོམ་ཆུ་ཤང་གསེར་ཉའི་གཞིས་ཁྱིམ་ནས་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དང་རྒྱལ་སྤྱིའི་སྙན་ངག་པའི་དུས་ཆེན་རོལ་བའི་ཚོགས་འདུ།

2019ལོའི་ཟླ8པའི་ཚེས8ཉིན་གསེར་ཉའི་གཞིས་ཁྱིམ་ནས་ཁེ་རམས་ཐང་གི་བར༼ཨ་མའི་བྱམས་བརྩེ ༽རྟགས་མའི་མཚོ་སྔོན་པོའི་མཐོ་སྒང་རྐང་ཐང་འགྲན་སྡུར།

སྐབས་སྔོན་མའི་དུས་སྟོན་ཕྱིར་དྲན།


གསེར་ཉ་སྲོག་བླུ།
གསེར་མིག་ཉ་མོ་ཁྲི་མ་འབུམ།

ཁོར་ཡུག་སྲུང་སྐྱོབ་འཕྲེད་བྱང་དུ་མིང་ཐོ་འགོད་པ།

མི་ཚོགས་བརྒྱ་ཡིས་གཏུབ་པའི།།བསེར་མ་རླུང་གི་སྤུ་གྲིས།

དགུན་གྱི་ཁ་བ་མ་ནན།།སྣང་བའི་དྲོད་ལ་བབས་བྱུང་།།

མཚོ་མོ་དར་ཁ་ཕྱེས་དུས།།བྱ་ཁྱུ་མཚོ་ལ་འཁོར་བྱུང་།།

མཚོ་འགྲམ་གྱི་བྱ་ཁྱུ།

རྣམ་ཤེས་ཤོར་བ་ལོས་བདེན།།ཞེན་ཆགས་ཁྱོད་ལ་ཡོད་རེད།།

སྦྲ་སྒོ་ལྷོ་ལ་བརྐྱངས་ཡོད།།འོ་མའི་མཆོད་གསུམ་འཕང་ཡོད།།

ཁྱོད་རང་བདེ་བར་ཡོད་ཅེས།།ཚིག་གསུམ་ལྷ་བྱས་ཁྱེར་ཡོང་།།

ལས་ཀྱི་བསྐོས་ཐང་ཅིག་ལ།།སེམས་ཀྱི་མདུད་པ་འདྲེས་སོང་།།

ཁྱོད་རང་འགྲོ་དགོས་བྱུང་དུས།།མཆི་མའི་ཆར་བ་བབས་བྱུང་།།

རྟ་རྒྱུག་འགྲན་སྡུར་གྱི་མཛད་སྒོ།

རྟ་ཕྱུག་ལབ་ཙེ་ནས་མཚོ་གཏེར་འབུལ་བ། 

མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དང་རྒྱལ་སྤྱིའི་སྙན་ངག་པའི་དུས་ཆེན་རོལ་བའི་ཚོགས་འདུ།

༼ཨ་མའི་བྱམས་བརྩེ ༽རྟགས་མའི་མཚོ་སྔོན་པོའི་མཐོ་སྒང་རྐང་ཐང་འགྲན་སྡུར།

ཡོངས་ཁུངས། རྐང་ཚ་རྫོང་གསར་འགྱུར་ལྟེ་གནས།