མཚོ་སྔོན་པོའི་མཐའ་འཁོར་གྱི་བཀག་སྡོམ་བཞི།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྔར་ལས་ཤུགས་སྣོན་དང་། ཡུལ་སྐོར་ཁྲོམ་རའི་སྒྲིག་རིམ་དང་ཡུལ་སྐོར་ཁོར་ཡུག་ཅུང་ལེགས་པོ་ཞིག་བསྐྲུན་ཆེད། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་དོ་དམ་ཅུའུ་ཡིས་ས་གནས་སྲིད་གཞུང་དང་མཉམ་འབྲེལ་སྒོས་གཟིགས་མོ་བྱེད་སར་བཅོས་སྐྱོང་བྱ་བའི་སྒྲིག་གཞི་བཀོལ་ནས། ཁྲིམས་ལྟར་མཚོ་སྔོན་པོའི་མཐའ་འཁོར་གྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་བཅོས་སྐྱོང་དང་ཚད་ལྡན་སྒོས་དོ་དམ་བྱེད་པར་ཤུགས་སྣོན་བྱ་རྒྱུ་རེད།

གཅིག ཡུལ་སྐོར་དྲ་ཚིགས་དང་ཡུལ་སྐོར་ལས་དོན་ཁང་སོ་སོ། ཡུལ་སྐོར་སྣེ་ཤན་པས་མཚོ་སྔོན་པོའི་མཐའ་འཁོར་གྱི་ཁྲིམས་འགལ་སྒོས་ཚོང་གཉེར་བྱེད་པའི་ཡུལ་སྐོར་ཐོན་རྫས་དང་གཟིགས་མོ་བྱེད་ས་ཡུལ་སྐོར་ལམ་བར་ནས་ཡུལ་སྐོར་པར་སིལ་འཚོང་དང་ངོ་སྤྲོད་བྱ་མི་ཆོག

གཉིས། མཚོ་སྔོན་པོའི་མཐའ་འཁོར་ནས་གང་འདོད་དུ་ལྗོངས་ལམ་གཏོད་པ་དང་ལག་རྟགས་མེད་པའི་ལྗོངས་ཁུལ་འཛུགས་མི་ཆོག་ཅིང་། བྱེ་བགྲོད་འཕྲུལ་རྟ་དང་བྱེ་ཤུལ་སྟེག་ས། བྱེ་བགྲོད་རླངས་འཁོར་སོགས་ཁོར་སྲུང་ཁ་ཕྱོགས་དང་མི་མཐུན་པའི་ཁྲིམས་འགལ་ཚོང་གཉེར་བྱ་འགུལ་སྤེལ་མི་ཆོག

གསུམ། བྱེ་བགྲོད་རླངས་འཁོར་ཚོགས་པ་དང་བྱེ་བགྲོད་རླངས་འཁོར་ལ་དགའ་མཁན་དག་གིས་མཚོ་སྔོན་པོའི་མཐའ་འཁོར་གྱི་བྱེ་མའི་མངའ་ཁོངས་ནས་བྱེ་བགྲོད་རླངས་འཁོར་གྱི་བྱ་འགུལ་རྩ་འཛུགས་བྱ་མི་ཆོག

བཞི། གཉེན་སྒྲིག་པར་ལེན་ལས་ཁུངས་མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོབ་ཁུལ་ལ་གང་འདོད་དུ་སོང་ནས་གཉེན་སྒྲིག་འདྲ་པར་བླངས་མི་ཆོག

ལོ་ཙཱ་བ། ལྷ་ཆེན་རྒྱལ།