མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་གྱོད་དཔེ་གསུམ་ཐེར་འདོན་བྱས་པ།

དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་ཀུན་སྤྱོད་གནད་དོན་ལ་ཆེད་དམིགས་དག་ཐེར་དང་ཉེན་ཟོན་ཟིལ་གནོན་གྱི་ནུས་པ་འདོན་ཆེད། ཉེ་ལམ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐག་བཅད་པའི་དཔེ་མཚོན་གྱོད་གཞི་གསུམ་འདིར་ཡོངས་བསྒྲགས་བྱའོ།

མཚོ་ཤར་གྲོང་ཁྱེར་བ་ཡན་རྫོང་སྡོད་ཁང་དང་འཆར་འགོད་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་། ཅུས་ཀྲང་གཞོན་པ་ཡུས་ཧའེ་ཆུན། ཀྲའོ་ཀྲུང་ཐའེ་བཅས་ཀྱིས་སྡོད་ཁང་ཐེབས་ཆག་ལེགས་སྒྱུར་བྱ་བའི་རྣམ་གྲངས་ཁྲོད་འགན་འཛོལ་དང་ལས་བྱའི་འགན་འཁྲི་ཤོར་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོད་གུད་ཚབས་ཆེན་བཟོས།

2014ལོ་ནས2017ལོའི་བར། སྐལ་བཟང་དང་ཡུས་ཧའེ་ཆུན། ཀྲའོ་ཀྲུང་ཐའེ་བཅས་ཀྱིས་བ་ཡན་རྫོང་བ་ཡན་གྲོང་རྡལ་ཡུང་ཧྲེང་ཅ་ཡོན་ཞེས་པའི་སྡོད་ཁུལ་ལྷོ་མ་དང་སྡོད་ཁུལ་བྱང་མའི་ཁང་རྙིང་ལེགས་སྒྱུར་བྱེད་པའི་གོ་རིམ་ཁྲོད། བ་ཡན་རྫོང་ཡུང་ཧྲེང་འབྲུ་སྣུམ་འབྲུ་རིགས་ཉོ་ཚོང་ཚད་ཡོད་འགན་ལེན་ཀུང་སི་དང་མཚོ་སྔོན་ཧྲེང་ལའེ་ཁང་ས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི་གཉིས་ཀྱིས་ཡར་ཞུ་བྱས་པའི་ཁང་རྙིང་ངམ་ཁང་པ་ཐེབས་ཆག་ལེགས་སྒྱུར་སྐོར་གྱི་ལས་གཞིའི་རྒྱུ་ཆར་དཔྱད་ཞིབ་ནན་མོ་མ་བྱས་པ་མ་ཟད། སྒྲིག་འཛུགས་ཐོག་དེ་ལ་ཞིབ་བཤེར་རྩིས་ལེན་གྱི་གོ་རིམ་མ་བརྒྱུད་པར་ཐད་ཀར་མ་དངུལ་སྤྲད་པའི་དབང་གིས་ཀུང་སི་དེས་གཉིས་ཀྱིས་སྔ་གཞུག་ཏུ་ཁང་རྙིང་ངམ་སྡོད་ཁང་ཐེབས་ཆག་ལེགས་སྒྱུར་གྱི་ལས་གཞི་ལས་གསབ་དངུལ་ཁྲི744.34བདག་གིར་བླངས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོད་གུད་ཚབས་ཆེན་བཟོས། གོང་གི་མི་གསུམ་པོ་ལ་དེ་ལས་གཞན་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཡོད་ཕྱིར། 2019ལོའི་ཟླ3པར་སྐལ་བཟང་དང་ཀྲའོ་ཀྲུང་ཐའེ་གཉིས་ཏང་ནང་ཁུལ་ནས་ཕྱིར་ཕུད་པ་མ་ཟད་གོ་གནས་ལག་དབྱུང་། ཡུས་ཆུན་ཧའེ་ཏང་ནང་ཁུལ་ནས་ཕྱིར་ཕུད་པ་དང་། ལས་འཁྱུར་ངལ་གསོའི་ཕོགས་ཐོབ་མེད་པར་བཟོས་ནས་ཆད་པ་བཅད། གཞན་ཉེས་བསགས་དོགས་ཡོད་ཀྱི་གནད་དོན་རྣམས་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་ནས་ཐག་བཅད་དུ་བཅུག་ཡོད་པ་རེད།

མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་གསུམ་གྱིས་ཁྱིམ་ཚང་དབུལ་པོ་ལ་སྤྲད་དགོས་པའི་ཉེན་ཁང་ལེགས་སྒྱུར་གྱི་གསབ་དངུལ་གཏན་འབེབས་ནང་བཞིན་མ་སྤྲད་པའི་གནད་དོན།

2016ལོ་ནས2017ལོའི་བར་ལ། ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་དང་ཀབ་རོན་ཡུལ་ཚོ། ཀ་རིང་ཡུལ་ཚོ་བཅས་ཀྱིས་ཞིང་ཆེན་དང་ཁུལ།རྫོང་བཅས་ཀྱི་དབུལ་སྐྱོར་སྲིད་ཇུས་ལག་བསྟར་གྱི་ཁྲོད་དུ་ཕྱོགས་རིས་འཐེན་འཁྱེར་གྱི་རྙོག་དྲ་བཟོས་ནས་དབུལ་པོའི་ཡིག་ཚགས་ཉར་མཁན113ལ་སྤྲད་དགོས་པའི་ཉེན་ཁང་ལེགས་སྒྱུར་གསབ་དངུལ་ཁྲི117མ་སྤྲད་པ་དང་། དེ་དང་དུས་མཉམ་དུ་དབུལ་པོའི་ཡིག་ཚགས་ཡོད་པའི་འཕྲང་དམར་གྲོང་རྡལ་གྱི་ཁྱིམ་ཚང་དྲུག་དང་ཀ་རིང་ཡུལ་ཚོའི་ཁྱིམ་ཚང་གསུམ་ལ་ཉེན་ཁང་ལེགས་སྒྱུར་དང་གནས་སྤོས་དབུལ་སྐྱོར་ལས་གཞི་གཉིས་ཀྱི་གསབ་དངུལ་ཡོད་བཞིན་དུ་མ་སྤྲད་པའི་གནད་དོན་བྱུང་། འདི་ནི་ཁྲི་ཀ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཉེན་ཁང་ལེགས་སྒྱུར་བྱ་བར་མཐོང་ཆེན་གཙིགས་ཆེན་མ་བྱས་པ་དང་འགན་འཁྲི་ལག་བསྟར་གནད་ལ་མ་བཏོན་པའི་རྐྱེན་ཡིན་པ་དང་། རྫོང་སྡོད་ཁང་ཅུས་ཀྱི་ལས་ཀ་སྒྲུབ་སྟངས་ནན་ཏན་མིན་པ། ལྟ་རྟོག་སྡེ་ཚན་གྱི་ལས་འཛོལ་བྱུང་བའི་རྐྱེན་ཡིན། ལྷག་པར་རྫོང་ནོར་སྲིད་ཅུས་ཀྱིས་ཞིང་ཆེན་རིམ་པའི་བསགས་འབོར་མ་དངུལ་དེ་འགན་ནུས་སྡེ་ཚན་གཞན་དག་ལ་སྤྱད་མི་རུང་བའི་འབྲེལ་ཡོད་གཏན་འབེབས་སྣང་མེད་དུ་བསྐྱུར་ནས་སྒྲིག་འགལ་ལུགས་འགལ་གྱི་བྱ་སྤྱོད་སྤེལ་བའི་འགན་འཛོལ་འགན་ཤོར་གྱི་གནད་དོན་རེད། 2019ལོའི་ཟླ3པར་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ལིག་ཀང་དང་། དེ་དུས་ཀྱི་རྫོང་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ཚའེ་ལིན་ཧའེ། འཕྲང་དམར་གྲོང་རྡལ་གྱི་འགོ་གཙོ་ཀྲང་ཅིན་ལིན། ཀབ་རོན་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཀུན་བཟང་ཚེ་རིང་། ཀ་རིང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཞུས་ཅིན་ཁྲང་སོགས་ལ་ཏང་ནང་ནས་ཐ་ཚིག་དྲག་པོ་བསྒྲགས་ནས་ཆད་པ་བཅད་པ་དང་། དེ་དུས་ཀྱི་རྫོང་ཏང་ཨུའི་རྒྱུན་ཨུ། རྫོང་དཔོན་གཞོན་པ་ཏུའུ་ཧན་ཝེ་སོགས་ལ་ཏང་ནས་ནས་ཐ་ཚིག་དྲག་པོ་བསྒྲགས་ནས་ཆད་པ་བཅད། གྱོད་དོན་དེར་གནས་པའི་གནད་དོན་ཚང་མ་ད་ལྟ་དག་ཐེར་བྱས་ཚར།

ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་མཱ་ཝན་ཡུན་གྱིས་གནས་སྤོས་དབུལ་སྐྱོར་ལས་གཞི་ཇུས་འགོད་ཁྲོད་དུ་ལས་ཀའི་སྒྲིག་སྲོལ་དང་འགལ་བའི་གནད་དོན།

2017ལོར་རྫ་སྟོད་རྫོང་དབུལ་སྐྱོར་འགག་གཏོར་གྱི་གནས་སྤོ་ལས་གཞིའི་ཇུས་འགོད་ལ་སུས་འཇོན་དེ་འགུག་བྱེད་པའི་གོ་རིམ་ཁྲོད་དུ། དཔྱད་ཞིབ་ཆེད་མཁས་པ་དང་ལྟ་རྟོག་ལས་ཁུངས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཁང་པ་ཇུས་འགོད་གླིང་ཚད་ཡོད་ཀུང་སི་ག་གེ་མོས་ཇུས་འགོད་རིན་པ་བསྐྱར་བཀོལ་གྱི་རིམ་པ་དེ་གཏན་འབེབས་ལྟར་བསྐྱར་རྩིས་རྒྱག་དགོས་ལ། གལ་ཏེ་དེ་ལྟར་མ་བྱས་ན་སུས་འཇོན་དེ་འགུག་གི་འོས་འདེམ་ཐོབ་ཐང་ལ་ཁས་ལེན་མི་བྱེད་ཅེས་རེ་བ་བཏོན་ན་ཡང་། མཱ་ཝན་ཡུན་གྱིས་དཔྱད་ཞིབ་མཇུག་རྫོགས་རྗེས་སུ་གོང་གི་རེ་བ་དང་ལེན་མ་བྱས་པའི་གནས་ཚུལ་འོག་གནས་སྤོ་ལས་གཞི་ཇུས་འགོད་ལས་གཞི་བར་དུ་འབྲེལ་ཡོད་གན་རྒྱ་བཞག་སྟེ། ལས་གཞིའི་མ་དངུལ་ཁྲི10ཡི་གྱོང་གུད་བཟོས། མཱ་ཝན་ཡུན་གྱི་སྒྲིག་འགལ་གྱི་བྱ་སྤྱོད་འདི་ལ2019ལོའི་ཟླ4པར། ཏང་ནང་ཁུལ་ནས་ཐ་ཚིག་དྲག་པོ་བསྒྲགས་ནས་ཆད་པ་བཅད་འདུག

ཁོན་ཐར་འཚོས་བསྒྱུར།