མཚོ་སྔོན་གྱི་ལས་རིགས་སློབ་གསོས་དབུལ་སྒྲོལ་ལ་རམ་འདེགས་བྱས་པ།

དང་ཐོག་མ་མཐའི་འཚོ་བའི་འགན་སྲུང་ཡོད་པའི་ཁྱིམ་ཚང་ཡིན་ཞིང་། ད་ལྟ་ཟས་ཀྱི་གཡོས་སྦྱོར་པ་གྲགས་ཅན་དུ་གྱུར་ཡོད་པའི་ཉིག་ཅིན་ཞིང་གི་མི་ཚེའི་འགྱུར་ལྡོག་འདི་ལ་ཁོ་རང་ཉིད་ཀྱང་ཡ་མཚན་སྐྱེ་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་ཧོར་རིགས་རང་སྐྱོང་རྫོང་གི་ལེ་ཡེ་མགྲོན་ཁང་དུ་ཉིག་ཅིན་ཞིང་གིས་བཟོས་པའི་ཞིམ་མངར་རོ་བཅུད་འཛོམས་པའི་རྔོ་ཚལ་རིགས་སྣ་ཚོགས་ལ་མྱོང་མཁན་སྐུ་མགྲོན་གཅིག་རྗེས་གཉིས་འཕྲོར་ཡོང་བཞིན་ཡོད།

ལག་རྩལ་བཟང་པོ་འདི་ནི་ཉིག་ཅིན་ཞིང་གིས་ཧོར་གྲོང་རྫོང་ལས་རིགས་ལག་རྩལ་སློབ་གྲྭར་སྦྱངས་ནས་ཤེས་པ་ཞིག་ལས་ཁོར་རང་ཆས་སུ་ཡོད་པ་ཞིག་མིན། ཁོས་རྒྱལ་ཁབ་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་རིན་མི་དགོས་པའི་སྲིད་ཇུས་ཏེ།  ལོ་རེར་སྒོར2000ཡི་འཚོ་བའི་གསབ་དངུལ་དང་དབུལ་བོའི་རོགས་དངུལ་སྒོར3000ཡོད་པ་ལོངས་སུ་སྤྱད་དེ་དཔལ་འབྱོར་གྱི་ཆ་ལ་སེམས་ཁྲལ་མི་དགོས་པར་བློ་རྣལ་ལ་ཕབ་ནས་ཟས་རིགས་གཡོས་སྦྱོར་གྱི་ལག་རྩལ་ལ་སྦྱོང་བ་ལྷུན་ལེན་བྱས་ཤིང་། སྦྱངས་འབྲས་ཀྱང་ཕུལ་དུ་བྱུང་བ་བླངས་ནས་སློབ་མཐར་ཕྱིན།

ཉེ་བའི་ལོ་ཤས་རིང་ལ་མཚོ་སྔོན་གྱིས་ལས་རིགས་སློབ་གསོ“ཕུགས་འདུན་འགྲུབ་པའི་ལག་བསྟར་འཆར་གཞི”ལག་ལེན་དུ་བསྟར་ཏེ། ལས་ཞུགས་ཀྱི་མདུན་ལྗོངས་ཡངས་པའི་ཁྱད་ལྡན་ཐོན་རྫས་བདམ་གསེས་དང་། ཡིག་ཚགས་བྱང་བུ་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་བསྡུ་ལེན་བྱེད་པའི་ལས་རིགས་སློབ་གསོ་ལ་བརྟེན་ནས་དབུལ་སྒྲོལ་འགག་གཏོར་ལ་རམ་འདེགས་བྱས། 2018ལོར་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གྲྭས་ཡིག་ཚགས་བྱང་བུ་ཡོད་པའི་ཁྱིམ་ཚང་དཀའ་ངལ་ཅན་གྱི་བུ་ཕྲུག2745སློབ་གསོ་མྱོང་དུ་བཅུག་ཡོད་ཅིང་། སློབ་མ་གསར་པ1458བསྡུས་པ་དང་། མི་འབོར2326ལ་ཟབ་སྦྱོང་བྱས།

ལས་རིགས་སློབ་གསོ་དང་གནད་ཁེལ་དབུལ་སྐྱོར་གཉིས་ཟུང་སྦྲེལ་བྱ་བའི་གདེང་ཚོད་འདི་མཚོ་སྔོན་ལས་རིགས་སློབ་གསོའི་བཅོས་སྒྱུར་ལས་འཁྲུངས་པའི་སེམས་ཤུགས་ཤིག་ཡིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ཧྥུ་ཆིང་གིས་བཤད་རྒྱུར། མཚོ་སྔོན་ནས་ཁེ་ལས་དང་དོན་ལས་ཁུངས། སློབ་གྲྭ། ཚན་ཞིབ་ལས་ཁུངས། མཐུན་ཚོགས་བཅས་ཁོངས་མིར་གྱུར་བའི་ལས་རིགས་སློབ་གསོའི་སྡེ་ཤོག་བཙུགས་ཏེ། ཁེ་ལས45ཡི་བར་ལ་མཉམ་ལས་ཐོག་དེང་རབས་རིག་པའི་སློབ་བུ་སྐྱེད་སྲིང་བྱེད་ས་དང་། སློབ་ཕྱིའི་ལག་ལེན་དངོས་ལེན་སའི་རྟེན་གཞི300ལྷག་བཙུགས་པ་དང་། ཞིང་ཆེན་ཕྱི་ནང་གི་ཁེ་ལས1300ལྷག་གི་བར་ལ་ཁེ་ལས་དང་སློབ་གྲྭའི་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་བཙུགས་ཡོད་ཟེར།

2017ལོར་མཚོ་སྔོན་གྱིས《ལས་རིགས་སློབ་གསོ་མགྱོགས་པོར་བཅོས་སྒྱུར་དང་གོང་སྤེལ་གཏང་དགོས་སྐོར་གྱི་བསམ་འཆར་འགའ》པར་འགྲེམ་བྱས་པ་དང་། ལས་རིགས་སློབ་གསོའི“ལོ་ལྔ་འཆར་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་དང་། ཐོན་ལས་དང་སློབ་གསོ་མཉམ་སྤེལ་གྱི་ལས་གཞི་སྤེལ་བའི་འཆར་འགོད་སོགས་བཟོས་ཏེ། ལས་རིགས་སློབ་གསོའི་འཕེལ་ཕྱོགས་དང་གཞི་ཁྱོན་གསལ་འབེབས་བྱས། དེ་དང་ཆབས་ཅིག་ཏུ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་ཞིང་ཆེན་བཅོས་སྒྱུར་གོང་སྤེལ་ཨུ་ལྷན་དང་ནོར་སྲིད། དཔལ་འབྱོར་དང་ཆ་འཕྲིན་ཅན་འགྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་དང་མཉམ་གཅིག་ཏུ་དེང་རབས་རིག་པའི་སློབ་བུ་སྐྱེད་སྲིང་ལམ་ལུགས་དང་། སྡེ་ཤོག་ཅན་གྱི་སློབ་གཉེར་གསར་གཏོད་གོང་སྤེལ་སོགས་ཕྱོགས་ནས་བྱེ་བྲག་གི་ལག་བསྟར་ཇུས་གཞི་བཟོས་ཤིང་། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ཐད་དཔྱད་ཞིབ་དང་དཔྱད་འཇོག་མ་ལག་བཙུགས་ཏེ་ཐོན་ལས་དང་སློབ་གསོ་མཉམ་བསྲེས་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཐོག་འཇོན་མི་སྐྱེད་སྲིང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་། གྲོང་ཁྱེར་དང་ཁུལ་ཁག་གིས“སློབ་གཉེར་གྱི་ཆ་རྐྱེན་ཞན་པ་དང་། ཁྱད་ཆོས་མི་མངོན་པ། འཕེལ་རྒྱས་ཀྱི་ཉམས་ཆུང་བའི”ལས་རིགས་སློབ་གྲྭ་ལེགས་སྒྲིག་བྱས་ཏེ། “ཁུལ་གཅིག་ལ་སློབ་གྲྭ་གཅིག”གིས་ཆོག་པར་བྱས་ནས་ལས་རིགས་གཙོ་བོ་དག་ལ་ལས་རིགས་སློབ་གྲྭ་འདི་དག་ནས་རྒྱབ་སྐྱོར་ཐུབ་པར་འགན་ལེན་བྱས།

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཅིན་ཏེ་ཀང་གིས། མཚོ་སྔོན་གྱིས་ད་ལྟ་ལས་རིགས་སློབ་གསོ་བཅོས་སྒྱུར་དང་། འཇོན་མི་སྐྱེད་སྲིང་གི་སྤུས་ཀ་མཐོར་འདེགས་ཐུབ་པའི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ནས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི“ཕྱོགས་གཉིས་ཀྱི་གོམ་ཁར་ཡང་ལྕི་ཤོར་བའི”གནད་དོན་ཐག་གཅོད་ལེགས་པོ་བྱེད་སྒང་ཡིན་ཟེར། ཤེས་རྟོགས་ལྟར་ན། 2018ལོར་མཚོ་སྔོན་གྱི་ལས་རིགས་སློབ་གསོའི་སློབ་བསྡུ་དེ་མི་ཁྲི་གསུམ་ལས་ཐོག་མར་བརྒལ་བ་དང་། འབྲིང་རིམ་དང་མཐོ་རིམ་ལས་རིགས་ཀྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད95%དང་90%ཡན་ཆོད་རྒྱུན་འཁྱོངས་བྱེད་ཐུབ་ཡོད།

ཁོན་ཐར་འཚོས་བསྒྱུར།