སྡོང་འཛུགས་ནགས་སྐྲུན་བྱས་ནས། སྐྱེ་ཁམས་སྲོག་ཏུ་རྩིས་ཡོད།


ཞིས་ཅིན་ཕིང་གིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ང་ཚོ་གསེར་གྱི་རི་དང་དངུལ་གྱི་རི། བདེ་སྐྱིད་ཀྱི་རི་བཅས་མཁོ་བར་མ་ཟད། མཛེས་པའི་རི། མཛེས་པའི་ཆུ། དེ་ལས་ཀྱང་མཛེས་པའི་མི་མཁོ་ཞེས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་དེ་གཙོ་གནད་དུ་འཛིན་པའི་དགོངས་དོན་ཁྲོད། རྫོང་ཡོངས་ཀྱིས་རྒྱལ་ས་ལྗང་མདོག་ཅན་དུ་བསྒྱུར་བའི་བྱ་འགུལ་དེ་ཟླ5བའི24ཉིན་གྱི་སྔ་དྲོར་བོད་མཁར་རྐང་ཚ་རུ་སྤེལ།

རྫོང་ཨུའི་ཧྲུའུ་ཅི་ཆོས་རྒྱལ་དང་རྫོང་དཔོན་གཞོན་པ་པྰ་ཐར། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲུའུ་པྰོ་ཀོས། རྫོང་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཆིན་ཞྰོ་ལིན་བཅས་མགོ་ཁྲིད་དག་བྱ་འགུལ་དུ་ཞུགས་ཡོད།

སྡོང་འཛུགས་བྱེད་པའི་ཡུལ་དངོས།

གཞན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་། རྫོང་རང་བྱུང་ཐོན་ཁུངས་ཅུ། རྫོང་ནགས་ཚལ་སྤྱི་བདེ་ཅུ། རྫོང་སྐྱེ་ཁམས་ཁོར་ཡུག་ཅུ། རྫོང་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཅུ། རྫོང་འཕེལ་འགྱུར་ཅུ། རྫོང་སློབ་གསོ་ཅུའུ་དང་། སློབ་གྲྭ་སོགས་ཀྱི་བསྡོམས་པའི་མི200ལྷག་གིས་སྡོང་ཕྲུག10000ལྷག་བཙུགས་ནས་མ་འོངས་བོད་མཁར་རྐང་ཚའི་སྡོང་འཛུགས་ནགས་སྐྲུན་ལ་རྨང་གཞི་བརྟན་པོ་བཙུགས།

རྫོང་ཨུའི་ཧྲུའུ་ཅི་ཆོས་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

རྫོང་ཨུའི་ཧྲུའུ་ཅི་ཆོས་རྒྱལ་གྱིས་བཤད་རྒྱུར་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་དོ་དམ་བྱ་བ་ང་ཚོའི་འགན་འཁྲི་ཡིན་ལ། ཞིས་ཅིན་ཕིང་གི་དགོངས་དོན་གཞིར་བཞག་སྟེང་། ང་ཚོས་མ་འོངས་བར་ཕ་ཡུལ་ལྗང་མདོག་ཅན་བསྒྱུར་རྒྱུ་ནི་ཆེས་མ་མཐའི་དམིགས་འབེན་དང་སྐྱེ་ཁམས་བྱ་བའི་འཆར་གཞི་གལ་ཆེན་དེ་ཡང་ཡིན།

གསར་འགོད་པ། ཚེ་བང་རིག་འཛིན།