བཀྲ་ཤིས་ལྷུན་པོའི་ལྡེབས་རིས་ཉམས་གསོའི་ལས་དོན་སྤེལ་འགོ་ཚུགས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། དཀྱིལ་ཁང་གྲྭ་ཚང་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་པའི་གྲྭ་ཚང་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན། དེའི་ནང་ལྡེབས་རིས་རྙིང་པ་མང་པོ་ཉར་ཚགས་བྱས་ཡོད་པ་རེད། ཉེ་དུས་གསར་འགོད་པར་དཀྱིལ་ཁང་གྲྭ་ཚང་དུ་ཕྱིན་ནས་བོད་ཀྱི་གནའ་བོའི་ལྡེབས་རིས་ཉམས་གསོ་དང་སྲུང་སྐྱོབ་ཀྱི་ལས་དོན་ལ་དཔང་པོ་བྱེད་པའི་གོ་སྐབས་བྱུང་། ལྡེབས་རིས་ཉམས་གསོའི་ཚོན་ནི་གཏེར་ཚོན་ཡིན་པ་དང་། སྔ་མོ་ལྟར་ཉམས་གསོ་བྱེད་པའི་རྩ་དོན་སྲུང་བཞིན་ཡོད། འདི་ནི་ལྡེབས་རིས་ཉམས་གསོ་མཁན་གྱིས་སྐྱོན་ཆག་བྱུང་བའི་ལྡེབས་རིས་ཉམས་གསོ་བྱེད་བཞིན་པ།