ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་རྒྱུན་ཤེས་ངོ་སྤྲོད། 8

(ལེ་ཚན་གོང་མའི་འཕྲོས་མཐུད།)

(ཉེར་དྲུག་པ།)2018ལོར་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་སྐབས་བརྗེའི་འདེམས་བསྐོའི“མི་ཆོག་པ་ལྔ”དང“མི་འཚམ་པ་དྲུག”གི་མཚོན་སྟངས་གནས་ཚུལ་དེ་ཇི་འདྲ་ཞིག་ཡིན་ནམ།

1.“མི་ཆོག་པ་ལྔ”ཞེས་པ་ནི་གཤམ་གསལ་གྱི་གནས་ཚུལ་རིགས་གཅིག་ཡོད་པ་ན་སྡེ་བའི“ཨུ་ལྷན་གཉིས”ཀྱི་འོས་འདེམས་མི་སྣ་ལ་ཞུགས་མི་ཆོག་པ་རེད།

① ཏང་གི་ཡིག་ཚགས་ལས་ཕྱིར་འཕུད་ཆད་པ་བཅད་དེ་ལོ་ལྔ་འགོར་མེད་པ་དང་། ཏང་གི་སྒྲིག་ཁྲིམས་སྲིད་དོན་ལས་ཆད་པ་བཅད་པའི་དུས་ཡུན་ལོངས་མེད་པ།

② སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་ལ་འབྲེལ་བ་ཡོད་པའི་དོགས་གཞི་ཅན་དང་གྱོད་དོན་སྙན་གསེང་ཞུས་ནས་རྩད་གཅོད་བྱེད་བཞིན་པ། ཉེས་ཁྲིམས་ཆད་པ་ལག་བསྟར་བྱེད་པའི་སྐབས་སུ་ཁེལ་པ། བསམ་གཟས་ནས་ནག་ཉེས་བསགས་སྟེ་ཉེས་ཆད་ཁུར་རྗེས་ལོ་ལྔ་འགོར་མེད་པ།

③ མང་ཚོགས་ལ་བརྙས་བཅོས་གཉའ་གནོན་དང་རང་སྣང་གང་འདོད་བྱེད་པ། དེ་མིན“སྡེ་བའི་བཙན་བདག”དང་ཆོས་ལུགས་ཀྱི་ལོག་ཕྱོགས་སྟོབས་ཤུགས། ནག་ཚོགས་སྟོབས་ཤུགས་སོགས་ལ་འབྲེལ་བ་ཡོད་པ་མ་ཟད། མང་ཚོགས་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་པའི་མི་སྣ།

④ སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་གནས་སྟངས་ལ་རྒྱབ་འགལ་བྱེད་པའི་བྱ་སྤྱོད་ཀྱིས་ལོག་ཆོས་རྩ་འཛུགས་དང་ལོག་ཆོས་ཁྲོད་ཟབ་ཞུགས་བྱས་ཏེ་ཆོས་ལུགས་ཀྱི་ཁྲིམས་འགལ་བྱེད་སྒོ་སྤེལ་མཁན།

⑤ གཏུམ་སྤྱོད་དང་འཇིགས་སྐུལ། མགོ་སྐོར། ལྐོག་རྔན། འདེམས་བསྐོའི་འདེམས་ཤོག་རྫུན་བཟོ། འདེམས་བསྐོའི་འདེམས་ཤོག་ཁ་གྲངས་རྫུན་མ་སྙན་གསེང་བྱེད་པ་སོགས་བྱེད་ཐབས་མི་ལེགས་པའི་འདེམས་བསྐོའི་ཁྲོད་ཟབ་ཞུགས་དང་ངན་སྐུལ་བྱས་ཏེ། བྱེད་ཐབས་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་འདེམས་བསྐོ་ལ་ཚོད་འཛིན་དང་ཐེ་གཏོགས་བྱེད་མཁན།

2.“མི་འཚམ་པ་དྲུག”ཞེས་པ་ནི་གཤམ་གསལ་གྱི་གནས་ཚུལ་རིགས་གཅིག་ཡོད་པ་ན་སྡེ་བའི“ཨུ་ལྷན་གཉིས”ཀྱི་འོས་འདེམས་མི་སྣ་ལ་ཞུགས་པར་མི་འཚམ་པ་རེད།

① ཁྲིམས་འགལ་གྱིས་ས་ཞིང་བདག་འཛིན་དང་སྒྲིག་འགལ་སྒོས་ཁང་བ་གསར་འཛུགས་བྱེད་པའི་བྱ་སྤྱོད་ཚབས་ཆེན་ལ་དག་ཐེར་བྱས་མེད་པ་དང་དེ་མིན་ཉེ་བའི་ལོ་ངོ5ཡི་ནང་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་པ། འཆར་ལྡན་བུ་སྐྱེ་སྲིད་ཇུས་ལ་རྒྱབ་འགལ་བྱས་ཏེ་འཆར་སྐྱེ་ཚད་བརྒལ་བྱ་སྤྱོད་ལ་རྩད་གཅོད་བྱེད་བཞིན་པ།

② ཁྲིམས་འགལ་གྱིས་གོང་རིམ་ལ་ཞུ་གཏུག་བྱེད་པར་ངན་སྐུལ་དང་རྩ་འཛུགས། ཟབ་ཞུགས་བཅས་ཀྱིས་དུས་ཡུན་རིང་བོར་གནས་ལུགས་མེད་པའི་གོང་གཏུག་གིས་སྤྱི་ཚོགས་ཀྱི་བརྟན་འཇགས་ལ་ཤུགས་རྐྱེན་མི་ལེགས་པ་བཟོ་མཁན།

③ བསམ་གཟས་ནས་ཡིད་རྟོན་མེད་པའི་བྱ་སྤྱོད་སྤེལ་ཏེ་ཁྲིམས་ཁང་གིས་ཡིད་རྟོན་མེད་པའི་མི་སྣའི་མིང་ཐོའི་ཁྲོད་བཞག་སྟེ་ཕྱིར་ལེན་བྱས་མེད་པ།

④ མི་ཚོགས་འདུས་སྡོད་ས་ཁུལ་དུ་རྒྱལ་འཇོག་དང་འཆལ་སྤྱོད་ཀྱིས་བདེ་སྲུང་མི་སྣས་བཀག་སྐྱིལ་བྱས་ཤིང་། ཁྲིམས་ཆད་བཅད་ཡོད་པ། ད་རུང་དུག་རྫས་ལ་འབྲེལ་བ་ཡོད་པའི་གནད་དོན་ཅན།

⑤ ཀུན་སྤྱོད་དང་སྤྱོད་ལམ་མི་ལེགས་ཤིང་ཤུགས་རྐྱེན་ངན་པ་ཐེབས་ནས་མང་ཚོགས་ཁྲོད་ཡིད་ཆེས་མེད་མཁན།

⑥ ད་ལྟ་སྡེ་བའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་འགན་ཁུར་མོད། དུས་ཡུན་རིང་བོར་ཕྱི་རོལ་དུ་བསྡད་དེ་ཟླ་བ6ལྷག་ལ་རང་གི་ལས་རྐང་ལ་ལས་ཞུགས་མི་བྱེད་པ་སོགས་ཀྱི་གནད་དོན་ཅན་གྱི་རིགས་ནི་འདེམས་བསྐོའི་ཁྲོད་མི་འཚམ་པ་རེད།

(ཉེར་བདུན་པ།)སྡེ་བའི“ཨུ་ལྷན་གཉིས་ཀྱི”སྐབས་བརྗེའི་འདེམས་བསྐོའི་ཁྲོད། འོས་འདེམས་མི་སྣའི་མཉམ་འབྲེལ་ཞིབ་བཤེར་སྒྲིག་སྲོལ་ཞེས་པ་དེའི་དོན་ཅི་ཞིག་ཡིན་ནམ།

རྫོང་རིམ་པའི་ལས་ཁུངས་དང་རྩ་འཛུགས། དམངས་སྲིད་སྡེ་ཁག་བཅས་ཀྱིས་ཕན་ཚུན་བར་ལ་རམ་འདེགས་དམ་ཟབ་ཀྱིས་སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་འོས་འདེམས་མི་སྣ་གཅིག་གྱུར་བྱས་རྗེས་རྫོང་རིམ་པའི་སྒྲིག་ཁྲིམས་ཞིབ་དཔྱོད་ལས་ཁུངས་དང་ཁྲིམས་ཁང་། ཞིབ་དཔྱོད་ཁང་། ཕྱོགས་བསྡུས་བཅོས་སྐྱོང་། ཡིག་བསྐུར་ངོ་གཏུག སྤྱི་བདེ། རྒྱལ་ཁབ་ས་ཁོངས། ཁྲིམས་འཛིན་སྲིད་དོན། འཕྲོད་བསྟེན་འཆར་སྐྱེ་སོགས་ལ་སྙན་ཞུ་ཞུས་ནས་བསམ་འཆར་བསྡུ་རུབ་སྒོས་ཐོབ་ཐང་ལ་ཞིབ་བཤེར་བྱས་ཤིང་། གལ་ཏེ་ནག་ཚོགས་ཀྱི་སྟོབས་ཤུགས་ལ་འབྲེལ་བ་ཡོད་པ་ན་འོས་འདེམས་ལས་ཕྱིར་འཐེན་བྱེད་དགོས།

(ཉེར་བརྒྱད་པ།)སྟོབས་ཤུགས་ཉམ་ཞན་དང་ཁ་འཐོར་རང་བཞིན་གྱི་གཞི་རིམ་ཏང་རྩ་འཛུགས་ལ་གནད་དོན་ཡོད་པ་དེ་ཕྱོགས་གང་དག་ནས་ཚུར་སྣང་བྱས་ཡོད་དམ།

1.ཏང་རྩ་འཛུགས་འགོ་ཁྲིད་ཀྱི་རམ་འདེགས་དང་གྲ་སྒྲིག་གིས་མི་འདང་པ། ཧྲུའུ་ཅི་དུས་ཡུན་རིང་བོར་ལས་རྐང་དུ་མེད་པ། བྱ་བ་མཚམས་བཞག་པའི་རྣམ་པར་ཡོད་པ།

2.ཏང་རྩ་འཛུགས་ཧྲུའུ་ཅི་ལས་རྐང་དུ་མེད་པ་མ་ཟད། བྱ་བ་ཡང་སྒྲུབ་བཞིན་མེད་པས་འགོ་ཁྲིད་ཡོངས་ཀྱི་འཐབ་རྩོད་ནུས་ཤུགས་ལ་ཤུགས་རྐྱེན་མི་ལེགས་པ་ཚབས་ཆེན་ཐེབས་ཡོད་པ།

3.འགོ་ཁྲིད་ཕན་ཚུན་བར་ལ་མཐུན་སྒྲིལ་མེད་པ་དང་ནང་འགལ་ཚབས་ཆེན་ཡིན་པས། བྱ་བ་མཐའ་དག་རྒྱུན་ལྡན་གྱིས་སྒྲུབ་དཀའ་པ།

4.གཞི་རྩའི་རྩ་འཛུགས་སྒྲིག་སྲོལ་ནི་ཕྱིའི་རྣམ་པ་ཙམ་ཡིན་པས། ཏང་རྩ་འཛུགས་ཀྱི་བྱ་འགུལ་སྤེལ་བར་དཀའ་ཁག་ཆེ་བ།

5.སྡེ་དོན་དང་གཞིས་ཁུལ་གྱི་ལས་དོན། ནོར་དོན་སྤྱི་བསྒྲགས་དང་དམངས་གཙོའི་བདག་དོམ་ཟང་ཟིང་ལང་ལོང་ཅན་ཏུ་གྱུར་ཡོད་པ།

6.རིགས་རྒྱུད་ཆོས་ལུགས་དང་ནག་ཚོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་སིམ་འཛུལ་བྱས་པ་ཚབས་ཆེ་ཞིང་། སྤྱི་ཚོགས་ཀྱི་བདེ་སྲུང་གནད་དོན་དང་ཡིག་བསྐྲུན་ངོ་གཏུག་འགལ་ཟླའི་རྩོད་རྙོག་སོགས་ཡོད་པ།

7.བརྟན་འཇགས་ཀྱི་གཞུང་སྒྲུབ་བྱ་འགུལ་སྤེལ་སའི་ཡུལ་དངོས་དང་དམངས་ཕན་ཞབས་ཞུའི་སྒྲིག་ཆས་སོགས་ཅི་ཡང་མེད་པ།

8.ཏང་རྩ་འཛུགས་ཞབས་ཞུའི་འདུ་ཤེས་ཞན་པ་དང་ཞབས་ཞུའི་བྱེད་ནུས་ཞན་པ། མང་ཚོགས་ལ་བསམ་འཆར་མོད་པ་བཅས་ཡིན།

མུ་འགོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།