ཞིང་ཆེན་ཡོངས་ཀྱི་མི་གྲངས་ཅུང་ཉུང་བའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྒོར་དུང་ཕྱུར1.175ཡི་རྒྱབ་སྐྱོར་ཐོབ་པ།

ཉེ་ལམ་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར1.175བཏང་སྟེ་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཅུང་ཉུང་བའི་མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་འཆར་ཡོད་ལ། དེས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ5ཡི་རྫོང་ཁག8ལ་ཕན་ཁེ་བསྐྲུན་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་རྟོག་ལྟར་ན། ཆེད་དོན་མ་དངུལ་རོགས་སྐྱོར་གྱི་ཁ་གསབ་ཁྱབ་ཁོངས་དེ་རྒྱལ་ཡོངས་སུ་སྤྱིའི་མི་གྲངས་འབུམ3མན་གྱི་ཧོར་རིགས་དང་ས་ལའར་རིགས་འདུས་སྡོད་བྱེད་པའི་སྲིད་འཛིན་སྡེ་བ་ཡིན་ལ། རང་ཞིང་གི་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་མི་འདྲ་བ5ཡི་རྫོང་ཁག8གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་གཞུང་ཞབས་ཞུའི་གཞི་རྩའི་སྒྲིག་ཆས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་འདུས་སྡོད་ཁོར་ཡུག་བཅོས་སྒྲིག དེ་མིན་མི་རིགས་རིག་གནས་རྒྱུད་འཛིན་སོགས་ཁྱབ་ཁོངས་མི་འདྲ་བ4རུ་འདུས་ཡོད། དེས་དགོངས་དོན་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་མི་རིགས་བྱ་བའི་ཐད་བཏོན་པའི་ཐག་གཅོད་གལ་ཆེན་གྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དུ་སྤེལ་ཏེ། གོམ་གང་མདུན་སྤོས་སྒོས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཞན་ཆ་ཁ་གསབ་བྱས་ནས། ས་གནས་གང་དེའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་དང་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་སྤུས་ཚད་མཐོར་འདེགས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཅན་ལ་སྐུལ་འདེད་བཅས་ཀྱིས“མི་རིགས་སྤུན་ཟླའི་རུ་དཔུང་གཅིག་ཀྱང་མི་བསྐྱུར་བ་མ་ཟད། མི་རིགས་ས་ཁུལ་གྱི་རུ་དཔུང་གཅིག་ཀྱང་རྗེས་སུ་ལུས་མི་རུང་བའི”འཐབ་ཇུས་དམིགས་འབེན་དེ་མངོན་འགྱུར་བྱེད་པར་ཧུར་བརྩོན་བྱས་ཡོད།

མ་དངུལ་དེ་མར་གནང་པ་དེས་དོན་དངོས་ཐོག《“ལོ་ལྔའི་འཆར་གཞི་བཅུ་གསུམ”པས་མི་རིགས་ས་ཁུལ་དང་མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འཆར་འགོད》ཞེས་པ་བདེ་བླག་ངང་ལག་བསྟར་བྱས་ཤིང་། མི་གྲངས་ཅུང་ཉུང་བའི་མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་མི་རིགས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་མཐོར་འདེགས་སུ་གཏོང་བ། གཅིག་བསྡུས་རོགས་སྒྲུབ་འཕེལ་རྒྱས་ཀྱིས་ལྟོས་བཅས་ཀྱི་སྒོ་ནས་ཅུང་རྗེས་སུ་ལུས་པའི་མི་གྲངས་ཅུང་ཉུང་བའི་མི་རིགས་ས་ཁུལ་དེ་གཅིག་བསྡུས་ཀྱིས་སྣེ་ཁྲིད་བྱས་ཏེ་དབུལ་ཐར་བྱས་པ། མི་གྲངས་ཅུང་ཉུང་བའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དེར་སྔར་ལས་སྙོམས་སྒྲིག་གིས་མི་དམངས་ཀྱི་འཚོ་བ་དེ་སྔར་ལས་ཕྱུག་འགྱུར་དང་ཁོར་ཡུག་དེ་སྔར་ལས་མཛེས་སྡུག སྤྱི་ཚོགས་དེ་སྔར་ལས་མཆན་མཐུན་ཅན་ཏུ་བཏང་ནས། གོམ་གང་མདུན་སྤོས་སྒོས་འཕེལ་རྒྱས་ཆུ་ཚད་ཅུང་མཐོ་བའི་གྲངས་ཉུང་མི་རིགས་དེ་ཡོངས་ཁྱབ་སྒོས་འབྱོར་འབྲིང་སྤྱི་ཚོགས་སུ་མདུན་སྐྱོད་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།