རང་ཞིང་གིས་རིན་གོང་ངོས་འཛིན་ཕྱོགས་བསྡུས་ལས་དོན་གྱི་སྟེགས་བུའི་བེད་སྤྱོད་དེ་གོ་རིམ་ཅན་ལ་སྐུལ་འདེད་དུ་བཏང་པ།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཚོགས་ཀྱི་རིན་གོང་ངོས་འཛིན་ལྟེ་གནས་ཀྱིས་རིན་གོང་ངོས་འཛིན་ཕྱོགས་བསྡུས་སྟེགས་བུའི་འཛུགས་སྐྲུན་ལ་སྐུལ་འདེད་གཞི་གྲངས་གསོག་ཉར་གཞི་གྲངས་ཅན་དང་གཞི་གྲངས་གློག་རྡུལ་ཅན་ལ་འཕར་སྣོན་བྱེད་པའི་བྱ་བའི་བཀོད་སྒྲིག་གི་རེ་འདུན་གཞིར་བཟུང་སྟེ། རིན་གོང་ངོས་འཛིན་གྱི་ཕྱོགས་བསྡུས་སྟེགས་བུར་སྐུལ་འདེད་བེད་སྤྱོད་བྱེད་པའི་བྱ་བ་དེ་རང་ཞིང་ནས་བདེ་བླག་ངང་ལག་བསྟར་བྱེད་པར་འགན་བཅོལ་ཁག་ཐེག་བྱས་ཡོད། ཉེ་ལམ་ཞིང་ཆེན་རིན་གོང་ངོས་འཛིན་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རིན་གོང་ངོས་འཛིན་ཕྱོགས་བསྡུས་ལས་དོན་སྟེགས་བུ་བེད་སྤྱོད་བྱེད་པ་རྩ་འཛུགས་བྱས་ཏེ་གཞི་གྲངས་གློག་རྡུལ་ཅན་གྱི་བྱ་བའི་ཚོད་ལྟའི་ས་ཁུལ་ལ་སྐུལ་འདེད་གྲོས་ཚོགས་བསྡུས། ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་ས་ཁུལ་གྱི་རིན་གོང་ངོས་འཛིན་སྒྲིག་གཞིའི་འགན་ཁུར་མི་སྣ་དང་ལས་དོན་རྐང་འཛིན་མི་སྣ་སོགས་གྲོས་ཚོགས་ལ་ཞུགས་ཡོད།

གྲོས་ཚོགས་ཀྱི་སྟེང་དུ་ས་གནས་སོ་སོའི་རིན་གོང་ངོས་འཛིན་སྒྲིག་གཞིའི་འགན་ཁུར་མི་སྣས་ས་གནས་གང་དེའི་རིན་གོང་ངོས་འཛིན་ཕྱོགས་བསྡུས་ལས་དོན་སྟེགས་བུར་སྐུལ་འདེད་བེད་སྤྱོད་བྱེད་པའི་བྱ་བ་དང་གཞི་གྲངས་གློག་རྡུལ་ཅན་གྱི་བྱ་བའི་གནས་ཚུལ་ལ་སྙན་ཞུ་ཕུལ་ཏེ། ཐེངས་རྗེས་མའི་བྱ་བའི་བསམ་གཞིག་དང་དམིགས་འབེན་ལས་འགན། བྱེད་ཐབས་བཅས་ཀྱི་ཐད་ལ་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་གནང་། དེར་མ་ཟད་གློག་རྡུལ་གཞི་གྲངས་དེ་སྒྲིག་འཇུག་བྱེད་པའི་བརྒྱུད་རིམ་ཁྲོད་བྱ་བའི་དོན་དངོས་ཐད་ལ་རྩད་གཅོད་ཞིབ་སྡུར་བྱས།

ཞིང་ཆེན་རིན་གོང་ངོས་འཛིན་ཅུའུ་ཡིས་ས་ཁུལ་སོ་སོའི་བྱ་བའི་དངོས་ཡོད་དང་ཟུང་འབྲེལ་སྒོས་རིམ་པ་སོ་སོའི་རིན་ཐང་ངོས་འཛིན་སྒྲིག་གཞི་དེ་སྔར་ལས་འཐུས་ཚང་ཅན་ཏུ་གཏོང་བར་ངོས་འཛིན་བྱས་ཏེ། ཡིག་ཚགས་གློག་རྡུལ་ཅན་དུ་གཏོང་བའི་བྱ་བའི་དོན་སྙིང་གལ་ཆེན་དང་རྩ་འཛུགས་འགོ་ཁྲིད་ལ་དངོས་ཡོད་ཐད་དུ་ཤུགས་བསྣན་ནས། བྱ་བའི་འགན་འཁྲི་ཡང་དག་པར་གཏན་ལ་ཕབ་ནས་ཆེད་ལས་མི་སྣའི་འགན་འཁྲི་དེ་ལག་བསྟར་དངོས་འབེབས་བྱས་ནས། རྩ་འཛུགས་ཀྱི་དངོས་ཡོད་ནན་ཏན་ཅན་དུ་བཏང་ཡོད། དེས་མི་ཚད་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིན་ཐང་ངོས་འཛིན་སྒྲིག་གཞིའི་རེ་འདུན་དང་ཚོད་ལྟའི་ས་ཁུལ་དེ་ད་ལོའི་ཟླ7པའི་ཟླ་མཇུག་གི་ཡར་སྔོན་དུ་ཁྱོན་ཡོངས་ནས་དངོས་འབེབས་ཡོངས་འགྲུབ་བྱས་ནས། ཐོན་ཁུངས་ཕུན་སུམ་ཚོགས་པ་འཛུགས་སྐྲུན་དང་བདེ་འཇགས་ཕན་འབྲས་གང་ལེགས་བཅས་ཀྱིས་བརྡ་འཕྲིན་གྱི་མཉམ་སྤྱོད་རིན་གོང་ངོས་འཛིན་བྱེད་པའི་ཕྱོགས་བསྡུས་ལས་དོན་སྟེགས་བུའི་རྨང་གཞིའི་གཞི་གྲངས་མཛོད་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད། ད་ལྟའི་ཆར་རང་ཞིང་གི་ས་ཁུལ་སོ་སོ་དང་གྲོང་ཁྱེར། རྫོང་བཅས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་བྱ་བ་གང་དེར་སྐུལ་འདེད་བྱེད་བཞིན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།