2019ལོའི་མཚོ་སྔོན་ཞིང་ཆེན་གྱི་གཞུང་ཞབས་པའི་རྒྱུགས་ལེན་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ཞབས་པའི་བཅའ་ཁྲིམས》དང《གཞུང་ཞབས་པ་བསྡུ་བའི་གཏན་འབེབས(ཚོད་ལྟ)》དང་རང་ཞིང་གི་གཞུང་ཞབས་པ་བསྡུ་བའི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གྱི2019ལོའི་གཞུང་ཞབས་པ་བསྡུ་བའི་བརྡ་སྦྱོར་གྱི་འབྲེལ་ཡོད་ཆ་རྐྱེན་གཤམ་གསལ་ལྟར།

གཅིག གཞུང་ཞབས་པ་བསྡུ་བའི་མི་གྲངས།

ཞིང་ཆེན་ཡོངས་ནས་བསྡོམས་པའི་གཞུང་ཞབས་པ822བསྡུ་རྒྱུ་རེད།

གཉིས། གོ་རིམ།

དྲ་ཐོག་ནས་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཐོབ་ཐང་བསྐྱར་ཞིབ། ཁ་རྒྱུགས། ལུས་ཕུང་བརྟག་དཔྱད། རྟོག་ཞིབ་དང་ཞིབ་དཔྱད་ཆོག་འཐུས་བསྡུ་ལེན་སོགས་ཀྱི་སྒྲིག་རིམ་ལྟར་སྤེལ་རྒྱུ་རེད།

གསུམ། ཁྱབ་ཁོངས།

རྒྱལ་ཡོངས་ལ་ཁ་གཏད་པའི་ལས་གནས་ཕུད་མཚོ་སྔོན་ཞིང་ཆེན་ལ་ཁ་ཕྱོགས་ནས་བསྡུ་རྒྱུ་རེད།

བཞི། ཆ་རྐྱེན།

1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་དགོས།

2.ལོ18ཡན་དང་ལོ35མན་ཡིན་དགོས།

3.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་བྱེད་པ།

4.ཆབ་སྲིད་ཀུན་སྤྱོད་ཅུང་ལེགས་པོ་ལྡན་དགོས།

5.ལས་འགན་རྒྱུན་ལྡན་ལྟར་འཁུར་ཐུབ་པའི་ལུས་ཕུང་དང་སེམས་ཁམས་ཀྱི་ཆ་རྐྱེན་ལྡན་དགོས།

6.ལས་གནས་བླང་བྱ་དང་མཐུན་པའི་རིག་གནས་ཆུ་ཚད་དང་བྱ་བའི་ནུས་པ་ལྡན་དགོས།

7.མིང་ཐོ་བཀོད་པའི་ལས་གནས་ཀྱི་བླང་བྱ་དང་མཐུན་པའི་འབྲེལ་ཡོད་ཆེད་ལས་དང་ཆ་རྐྱེན་གཞན་དག་ལྡན་དགོས།

8.མི་དམངས་ཉེན་རྟོག་པའི་ལས་གནས་ལ་རྒྱུགས་སྤྲོད་མཁན་དག 《གཞུང་ཞབས་པ་བསྡུ་བའི་ལུས་ཕུང་བརྟག་དཔྱད་ཀྱི་དམིགས་གསལ་ཚད་གཞི་དཔར་འགྲེམ་ཐད་ཀྱི་བརྡ་སྦྱོར(ཚོད་ལྟ)》(མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ〔2010〕ཨང་རྟགས82པ)ཡི་བླང་བྱ་དང་མཐུན་དགོས།

ལྔ། མིང་ཐོ་འགོད་པ་དང་གྲོན་དངུལ་སྤྲོད་པའི་དུས་ཚོད།

1.མིང་ཐོ་འགོད་པའི་དུས་ཚོད།

2019ལོའི་ཟླ5པའི་ཚེས26ཉིན་གྱི་དུས་ཚོད9:00ནས་ཟླ5པའི་ཚེས30ཉིན་གྱི་དུས་ཚོད18:00བར།

2.གྲོན་དངུལ་སྤྲོད་པའི་དུས་ཚོད།

2019ལོའི་ཟླ5པའི་ཚེས26ཉིན་གྱི་དུས་ཚོད9:00ནས་ཟླ6པའི་ཚེས1ཉིན་གྱི་དུས་ཚོད24:00བར།

3.སྙོམས་སྒྲིག་དུས་ཚོད། (报名调剂时间)

2019ལོའི་ཟླ6པའི་ཚེས2ཉིན་གྱི་དུས་ཚོད9:00-16:00བར།

དྲུག ཡིག་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས།

ཡིག་རྒྱུགས་ལེན་པའི་དུས་ཚོད། 2019ལོའི་ཟླ6པའི་ཚེས15ཉིན།

ཞིབ་ཕྲའི་རྒྱུགས་ལེན་ས་གནས་རྒྱུགས་སྤྲོད་འཛིན་ཡིག་ལྟར་ཡིན།

ཞིབ་ཏུ་རྒྱུས་ལོན་བྱེད་ན་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་ཚིགས(www.qhpta.com)ལ་གཟིགས་རོགས།

བློ་འདྲི་བྱ་ཡུལ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་གཞུང་ཞབས་པའི་ལས་དོན་ཁང་གཉིས་པ།0971-8482336

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས། 0971—8258586

2019ལོའི་ཟླ5པའི་ཚེས24ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།