བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་དང་དགེ་རྒན་ཆེན་མོའི་ཐོབ་ཐང་དཔང་ཡིག་སྤྲོད་པའི་མཛད་སྒོ་སྤེལ་བ།


མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ5ཚེས20ཉིན་གྱི་སྔ་དྲོར། བོད་བརྒྱུད་ནང་བསྟན་གྱི་སྐབས་བཅོ་ལྔ་པའི་མཐོ་རམས་པའི་ཡོན་གནས་དང་སྐབས་ལྔ་པའི་དགེ་རྒན་ཆེན་མོའི་ཐོབ་ཐང་དཔང་ཡིག་སྤྲོད་པའི་མཛད་སྒོ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སྤེལ་བ་རེད། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པ་དང་། ཇོ་ནང་པ། བཀའ་རྒྱུད་པ་བཅས་ཀྱི་རེ་ཞུ་བྱེད་མཁན40ཡིས་ཡོན་གནས་ཐོབ་ཐང་ཞིབ་བཤེར་དང་། རྟག་གསལ་རྒྱུགས་སྤྲོད། དཔྱད་རྩོམ་དམ་བཅའ་བཞག་པ་བརྒྱུད། བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་བཞེས་ཤིང་། ས་སྐྱ་པ་དང་བཀའ་རྒྱུད་པའི་རེ་ཞུ་བྱེད་མཁན8ཀྱིས་དགེ་རྒན་ཆེན་མོའི་ཐོབ་ཐང་ཞིབ་བཤེར་དང་རྟགས་གསལ་རྒྱུགས་སྤྲོད་ལེགས་འགྲུབ་བྱུང་སྟེ། སོ་སོར་མཐོ་རིམ་ནང་བསྟན་སློབ་གླིང་གི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་དགེ་རྒན་ཆེན་མོའི་ཐོབ་ཐང་དཔང་ཡིག་ཐོབ་ཡོད།


ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་མཛད་སྒོ་ལ་ཞུགས་ཤིང་ཤིས་ཚིག་ཕུལ་ཡོད། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་བཞད་པས་མཐོ་རམས་པའི་ཡོན་གནས་བཞེས་མཁན་དང་དགེ་རྒན་ཆེན་མོའི་ཐོབ་ཐང་ཐོབ་མཁན་རྣམས་ལ་དཔང་ཡིག་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་དུ། མཐོ་རམས་པའི་ཡོན་གནས་བཞེས་མཁན208ཡོད་ཅིང་། མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོའི་དཔང་ཡིག་ཐོབ་མཁན100ཡོད་ལ། དེ་ནི་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་སྟོབས་ཤུགས་ཆེས་ཆེ་བར་གྱུར་ཡོད།

ཚེས21ཉིན་གྱི་སྔ་དྲོར། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས“མཐོ་རམས་པ”ཡི་ཡོན་གནས་ཐོབ་མཁན་དང་དགེ་རྒན་ཆེན་མོའི་ཐོབ་ཐང་ཐོབ་མཁན་རྣམས་ལ་མཇལ་ཁ་གནང་ཡོད།