2019ལོའི《ཀྲུང་གོའི་སྐད་སྙན》མཚོ་སྔོན་འགྲན་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་ཁྲོད་ཚེ་རིང་ལོ་བརྒྱ་ཚན་སྡེབ་ལ་བྱ་དགའ་ཨང་དང་པོ་ཐོབ་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ5པའི་ཚེས19ཉིན། 2019ལོའི《ཀྲུང་གོའི་སྐད་སྙན》མཚོ་སྔོན་འགྲན་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་ཁྲི་ཀ་རྫོང་ནས་བསྡུས་ཏེ། འགྲན་ཞུགས་ཨང་རྟགས་གཉིས་པ་ཚེ་རིང་ལོ་བརྒྱ་ཚན་སྡེབ་ལ་བྱ་དགའ་ཨང་དང་པོ་དང་འགྲན་ཞུགས་ཨང་རྟགས་བཅུ་པ་ཐེན་ཀྲན་ཕིན་ལ་བྱ་དགའ་ཨང་གཉིས་པ། འགྲན་ཞུགས་ཨང་རྟགས་བཞི་པ་ཐེན་ཞའོ་ཞིས་ལ་བྱ་དགའ་ཨང་གསུམ་པ་བཅས་ཐོབ་ཅིང། ཐེངས་འདིའི་འགྲན་བསྡུར་ཁྲོད། བྱ་དགའ་ཨང་དང་པོ་ནས་ཨང་ལྔ་པའི་བར་གྱི་འགྲན་ཞུགས་པ་དག་ཐད་ཀར་དུ་རྒྱལ་ཡོངས་ཀྱི་གདམ་ཐོན་འགྲན་བསྡུར་ལ་ཞུགས་ཆོག་པ་རེད།

བྱ་དགའ་ཨང་དང་པོ་ཐོབ་མཁན་ཚེ་རིང་ལོ་བརྒྱ་ཚན་སྡེབ།

བྱ་དགའ་ཨང་གཉིས་པ་ཐོབ་མཁན་ཐེན་ཀྲན་ཕིན།

བྱ་དགའ་ཨང་གསུམ་པ་ཐོབ་མཁན་ཐེན་ཞའོ་ཞིས།

བདམས་ཐོན་པ་རྩེ་གྲས་བཅུའི་ཁྲོད་ཚུད་པའི་འགྲན་ཞུགས་པའི་མཉམ་པར།

ལོ་ཙཱ་བ། ལྷ་ཆེན་རྒྱལ།