དབྱར་མགོའི་ར་འོག་མཚོ།

ར་འོག་མཚོ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཁོངས་ཀྱི་རྒྱལ་ལམ་318འགྲམ་དུ་གནས་ཡོད་ཅིང་། དབྱར་མགོའི་དུས་སུ། གངས་འཁྱགས་བཞུར་བ་དང་། ར་འོག་མཚོ་དྭངས་ཤིང་སྔོ་ཐིང་ཐིང་དུ་འགྱུར་ནས། ནམ་མཁའ་སྔོ་ཞིང་སྤྲིན་པ་དཀར་བ་དང་། གངས་རིའི་ཁྲོད་གཅིག་གིས་གཅིག་ལ་རྒྱན་ནས་ཧ་ཅང་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཤིག་མངོན།